༼རྣམ་པར་རྒྱལ་མའི་སྐོར།༽

Bhutan Times - - Adverts -

༉ རྣམ་པར་རྒྱལ་མ་དང་ ཚེ་ དཔག་མེད་ སྒྲོལ་དཀར་གསུམ་ ལུ་ ཚེ་ལྷ་རྣམ་གསུམ་ཟེར་སླབ་ ཨིན། རྣམ་པར་རྒྱལ་མ་ལུ་ གསོལཝ་བཏབ་པ་ཅིན་ རྒྱུ་ནོར་ དང་རྒྱལ་ཁ་ ཚེ་རིང་ བཟོད་ བསྲན་གྱི་དངོས་གྲུབ་གནངམ་ ཨིན། དེ་མ་ཚད་ རང་ལུ་པར་ ཆད་རྐྱབ་མི་ གདོན་གེགས་ ཆ་མཉམ་ལས་རྒྱལ་ཚུགསཔ་ ཨིན། རྣམ་པར་རྒྱལ་མའི་དབུ་སྐྲ་ འདི་ རྡོ་རྗེ་རྒྱ་གྲམ་སྦེ་བཅིངས་ ཏེ་ཡོད། ཤཝ་གིས་སླབ་མིའི་ ནང་ རྣམ་པར་རྒྱལ་མ་གིས་ འཆི་བ་ལས་སྐྱོབ་ཚུགསཔ་མ་ ཚད་ ཐམས་ཅད་མཁྱེན་པ་ལུ་ བར་དུ་གཅོད་མི་ཚུ་ ཆ་མཉམ་ ར་ ཕམ་བཏང་ཚུགས་པའི་ནུས་ སྟོབས་ཡོད་ཟེར་ཨིན་པས། ཞལ་གསུམ་དང་ཕྱག་བརྒྱད་ ལྡན་པའི་ རྣམ་པར་རྒྱལ་མ་འདི་ པད་གདན་གུ་སྒོམ་པའི་ཚུལ་ལུ་ བཞུགས་ཏེ་ཡོད། མདུན་ཕྱོགས་ ཀྱི་ཞལ་ཞི་བ་སྦེ་ཡོད་རུང་ ཟུར་ ཁའི་ཞལ་གཉིསཔོ་དེ་ ཁྲོ་བོ་སྦེ་ ཡོད། སྤྱན་གསུམ་དང་དབུ་སྐྲ་ རྡོ་རྗེ་རྒྱ་གྲམ་སྦེ་བཅིངས་ཡོད་ མི་དེ་ དཔུང་གི་གུ་ལས་མར་ བཏང་སྟེ་ཡོད། དབུ་ལུ་རིགས་ ལྔའི་དབུ་རྒྱན་དང་ རྣ་རྒྱན་ མགུལ་རྒྱན་ ཕྱག་གདུབ་ཚུ་གུ་ རིན་ཆེན་གྱི་རྒྱན་ཆ་ཚུ་བརྡབས་ ཏེ་ཡོདཔ་ཨིན། ཕྱག་ངོ་མ་གཉིས་ལུ་ རྡོ་རྗེ་རྒྱ་ གྲམ་དང་ ཕྱག་གཡོན་ལུ་ ཐག་ པའི་ཨ་ལོང་ ཕྱག་གཡས་ལུ་ སྟོན་པ་དང་མདའ་མཆོག་སྦྱིན་ གྱི་ཕྱག་བརྒྱ་སྦེ་ཡོད། ཕྱག་ གཡོན་ཁས་བླངས་བསྐྱར་ གསོའི་ཕྱག་རྒྱ་དང་ གཞུ་ཚེ་ འབུམ་བསྣམས་ཏེ་ཡོད། པད་གདན་གྱི་མཐའ་སྐོར་ཏེ་ འདབ་མ་ཚུ་ གསུམ་དཔྱ་གཉིས་ སྦེ་ཡོདཔ་ད་ དེ་ཡང་ འབྲུག་གི་ བཟོ་བཀོད་ཐོག་ལུ་ འདབ་མ་ གསུམ་དང་ལྔ་སྦེ་ཡོདཔ་ཨིན། རྡོ་རྗེ་རྒྱ་གྲམ་གྱི་རྟགས་ཡོད་མི་ ཞབས་པད་དེ་ ལ་ཆུ་གུ་མཐིའུ་ རྐྱབ་སྟེ་ཡོདཔ་ཨིན། རྣམ་རྒྱལ་མ་ལུ་ ཚེའི་དངོས་ གྲུབ་གནང་ནི་ དབང་ནུས་ ཡོདཔ་བཞིན་དུ་ རྗེ་མཁན་ཁྲི་ རབས་༩ པ་ ཤཱཀྱ་རིན་ཆེན་གྱི་ ཡི་དམ་ཨིན། སྐུ་རྟེན་འདི་ རྗེ་ མཁན་ཤཱཀྱ་རིན་ཆེན་གྱི་གདན་ ས་ ཕ་ཇོ་སྡིང་དགོན་པའི་ཨིན། རྗེ་མཁར་ཤཱཀྱ་རིན་ཆེན་གྱིས་ འབྲུག་ལུ་ ད་ལྟོའི་བར་ན་ཡང་ མིང་གཏམ་སྦོམ་ཡོད་མི་ བཅུ་ གཅིག་ཞལ་ཕྱག་སྟོང་སྤྱན་སྟོང་ གི་ ཆོ་གའི་དཔེ་ཆ་བརྩམས་ ཡོདཔ་ཨིན། རྣམ་རྒྱལ་མའི་ སྐུ་འདྲ་ཚུ་ འབྲུག་དང་བོད་ལུ་ མཇལ་ཚུགས། source: འབྲུག་གི་ འགངས་ཅན་མཇལ་ཁ།

Newspapers in English

Newspapers from Bhutan

© PressReader. All rights reserved.