༼རྫོང་གཞིས་གསར་བཞེངས༽

Bhutan Times - - Adverts -

སྤྱི་ལོ་༡༦༢༩་ལུ་ཞབས་དྲུང་ རིན་པོ་ཆེ་གིས་སེམས་རྟོག་ ཁ་རྫོང་བཞེངས་ཏི་མིང་ཡང་ གསང་སྔགས་ཟབ་དོན་ཕོ་ བྲང་ཟེར་བཏགས་ཏི་བཞུགས་ པའི་སྐབས་ལུ། སྲས་འཇམ་ དཔལ་རྡོ་རྗེ་འདི་སྐུ་འཁྲུངས་ ནུག། དེ་ལས་སྤྱི་ལོ་༡༦༣༧ལུ་ ཐེད་ཀྱི་རི་གླངམོ་ཆེའི་ལྷ་པ་ བཟུམ་མ་ལུ། ཕོ་ཆུ་དང་མོ་ ཆུ་འཛོམས་ཏི་ཡོད་མི་དེ་ཁར་ སྤུངས་ནང་ཁའི་རྫོང་བཞེངས་ ནི་འབདཝ་ད། དེ་ཁར་གྱི་མཚོ་ སྨན་རྒྱལམོ་ད། གཞི་བདག་ དགོན་བྲགཔ་ཟེར་མི་གཉིས་ ཀྱིས་ཤིང་དང་རྡོ་ཐོགས་ཆག་ མེདཔ་འབད་ཕུལ་ནི་གི་མཁས་ བླངསམ་བཞིན་དུ་ཐོགས་ཆག་ གང་ཡང་མ་བྱུངམ་ལས་རྫོང་ བཞེངས་ཏི་དགེ་སློང་དྲུག་བརྒྱ་ ཅིག་བཙུགས་གནང་ནུག། སྤྱི་ལོ་༡༦༣༨་ལུ་བར་གྱོང་ ༼བར་གྲོང༽ ཕྱུགཔོ་གིས་ སྦྱིན་བདག་འབད་བའི་འགུར། དཔལ་ཡེ་ཤེས་མགོན་པོ་གི་ཡ་ ལུང་བསྟན་ཏི་ཐེད་ཆུ་དང་དྭངས་ ཆུ་འཛོམས་པའི་སྦུག་ལུ་རི་ གླངམོ་ཆེ་ཉལ་ཏེ་སྡོདཔ་ད་འདྲ་ བའི་ལྟག་སྐོ་ཁར་རྫོང་བསྐྱབས་ ཏི་མིང་ཡང་ དབང་འདུས་ཕོ་བྲང་ ཟེར་བཏགས་ནུག། དེའི་སྐབས་ལུ་ཡང་བླ་ཁག་ཚུ་ གིས་བོདཔ་ད་ཁ་འགྱིགས་ཏི་ དམག་ཁྲིད་འོངས་རུ། ཞབས་ དྲུང་གི་དམག་ད་མཐུ་ལུ་འབད་ མ་ཚུགས་པར་བོད་པའི་དམག་ ལོག་སྟི་འགྱོ་དགོཔ་ཐུག་ བླ་ ཁག་ ཚུ་མཐར་བཤུད་དི་རྩ་ མེད་ར་བཟོ་བཏང་ནུག། དེ་ལས་ཕ་ཇོ་འབྲུག་སྒོམ་ཞིག་ པོའི་བརྒྱུད་པ་ཚུ་ལས་རྡོ་སྔོན་ རྫོང་༼བདེ་ཆེན་ཕོ་བྲང་༽ རྩིས་བཞེས་ཏི་བཞུགསཔ་མ་ ཚད་ཉམས་གསོ་ཡང་གནང་ ནུག སྤྱི་ལོ་༡༦༤༡་ལུ་བཀྲ་ཤིས་ ཆོས་རྫོང་གསར་བཞེངས་ གནང་སྟི་བདེ་ཆེན་ཕོ་བྲང་ལུ་ རྫོང་གོངམ་དང་ བཀྲ་ཤིས་ ཆོས་རྫོང་ལུ་རྫོང་འོག་མ་ཟེར་ ཁ་ཕྱེ་ནི་ཡང་དེའི་སྐབས་ལུ་བྱུང་ ནུག། དེ་ལས་སྤུངས་ནང་ཁ་དང་ བཀྲ་ཤིས་ཆོས་རྫོང་གཉིས་ལུ་ གཞུང་དང་ཕན་ཚུན་ཟེར་བླམ། སྡེཔ། གྲྭ་ཚང་། དཔོན་ཁག་ཚུ་ རྫོང་གཞི་དེ་གཉིས་ལུ་བྱར་ས་ དང་དགུན་ས་འབད་བཞུགསཔ་ ལས་ གཉིས་ཆ་ར་འབྲུག་གི་ རྒྱལ་ས་གཙོ་བོ་འབད་མཛོད་ གནང་ནུག། དེ་སྦེ་ཞབས་དྲུང་རིན་པོ་ཆེ་གིས་ རྫོང་གཞིས་ཚུ་བཞེངས་ཏི་ གཞུང་གཅིག་ལོགས་སུ་བཟོ་ བ་ལུ་བརྟེན་ཏི་བོདཔ་ཚུ་མ་ རངས་རུ། བོདཔ་ཁོང་ར་གིས་ འབད་མ་ཚུགས་པར་སོག་པོ་ ལུ་དམག་རྐྱབ་ཞུ་སྟི། བོདཔ་ དང་སོག་པོ་གཉིས་བསྡོམས་ ཏི་དམག་དྲང་རུ་གླག་མ་ཁེད། ༼མ་རྙེད༽ པར་བོདཔ་ད་ སོག་པོའི་དམག་དཔོན་ཚུ་ བཟུང་སྟི་དམག་མི་དཀྱུས་ མ་ཚུ་ཉེད་ཆད་གང་ཡང་མ་ བཀལ་བར་བོད་ལུ་ལོག་སྟི་ བཏང་ནུག།

Newspapers in English

Newspapers from Bhutan

© PressReader. All rights reserved.