སྡེ་སྲིད་དང་པ།

Bhutan Times - - Adverts -

འབྲུག་རྒྱལ་ཁབ་འདི་གི་ སྡེ་སྲིད་དང་པོ་དགོན་འོབས་ མཚོ་བླ་མའི་ བུ་བསྟན་འཛིན་ འབྲུག་རྒྱལ་ཟེར་མི་དེ། ཆུང་ གུའི་བསྒང་ལས་ འབྲུག་ར་ ལུང་ལུ་ ༧ཞབས་དྲུང་ངག་ དབང་རྣམ་རྒྱལ་གྱི་ ཞབས་ སར་བཅར་ཏི་ དགེ་སློང་ ཞུ་འབད་སྡོད་བཞིན་ལས། ཞབས་དྲུང་ ལྷོ་ལུ་འབྱོན་ པའི་བསྒང་ ཁོ་ཡང་ཕྱག་ཞུ་ སྟི་འབྱོན་འབད། ཆོས་དང་ འཇིག་རྟེན་གང་ལས་འབད་ རུ་ ངར་ངེས་ཡོད་པ་ལུ་ བརྟེན་ཏི། གཞུང་གི་ཕྱག་ མཛོད་ད་ དབུ་མཛད་ཆེན་ མོའི་གོ་ལ་སྦྲག་ཏི་གནང་ ནུག དེའི་རྟིང་ལས་ ཞབས་དྲུང་ རིན་པོ་ཆེ་གིས་ རྒྱལ་སྲིད་ སྐྱོང་མི་སྡེ་སྲིད་ཕྱག་མཛོདཔ་ འབད་དབུ་མཛད་བསྟན་ འཛིན་ འབྲུག་རྒྱལ་ སྤྱི་ལོ་༡༦༥༡ ལུ་སྡེ་པའི་ཁྲི་ཁར་བསྐོས་ གནང་སྟི་ རྒྱལ་སྲིད་སྐྱོང་ པའི་སྐབས་ལུ། མྀ་གསད་ མི་ལུ་མྀ་སྟོང་། ཨརཝ་རྐྱབ་ མི་ལུ་ལོག་བལྡབ། ཐ་ན་ བྱེ་ད་སྲང་ཡན་ཆོད་གཡོ་སྒྱུ་ མགུ་བསྐོར་རྒྱབ་མི་ཆོགཔ་ ལ་སོགས་པ་རྒྱལ་ཁབ་ ནང་ མི་ཆོས་གཙང་མ་བཅུ་ དྲུག་ད་མཐུན་པའི་ རྒྱལ་ ཁྲིམས་བཙུགས་ཏི་ངན་པ་ ཚར་བཅད། ལྷ་ཆོས་དགེ་ བ་བཅུ་ད་ མཐུན་པའི་ཆོས་ ཁྲིམས་བཙུགས་ཏི་ བཟང་ པོ་གྱེན་དུ་དྲངས་པ་གིས་མ་ ཚད། མྀ་སེར་གྱི་སྐྱིད་སྡུག་ ད། ཁྲིམས་ཀྱི་ཞིབ་དཔྱོད་ བརྐྱབ་པར་གཡུལ་གཤལ་ རྐྱབ་སྟི་འབྱོནམ་ད། སྔོན་མ་ རྒྱལ་ཁྲིམས་ཆོས་ཁྲིམས་ ཟེར་མི་ཚུ་ཆེནམོ་མ་དརཝ་ ལས། རྐུ་ཇག་འཕྲོག་གསུམ་ འབད་མི་ བཀྲ་ཉེས་ཚུ་སྡེ་པ་ ལུ་མ་རངས་པར་བཀྲོང་ནི་ གི་རྩིས་རྐྱབཔ་ད་ ཆིབ་པའི་ སྒའི་འགུར་ཕོག་རུ་ བཀྲོང་མ་ ཚུགསཔ་ལ་སོགས་པ་བྱུང་དེ་ འབད་རུ། སྲོག་བློས་བཏང་ སྟི་རྒྱལ་ཁྲིམས་ཚུལ་བཞིན་ དུ་བསྐྱོངསམ་ལས། ད་ལྟོ་ བར་ན་ཡང་ ང་བཅས་ར་གི་ ཁྲིམས་ལུགས་འདི་སྡེ་སྲིད་ དབུ་མཛད་ཀྱི་བསྒྲིག་རྣམ་ བཞག་ཨིན་ཟེར ་བཟང་པོའི་ དཔྱེ་བཞག་ས་འབད་མི་དེ་ ཨིན། གང་ལྟར་སྡེཔ་དེ་གིས་སྤྱི་ལོ་ ༡༦༥༡ ལས་༡༦༥༦ བར་ན་ རྒྱལ་སྲིད་སྐྱོང་བཞིན་ལས་ དགོངསམ་ཞུ་སྟི་ལྕགས་རི་ ལུ་བྱོན་འབད་ ཐུགས་དམ་ གནང་སྟི། དགུ་ལོ་དྲུག་བཅུ་ རེ་བཞི་ལུ་ཞིང་ཕེབས་སོང་ ནུག །

Newspapers in English

Newspapers from Bhutan

© PressReader. All rights reserved.