༼ཕ་ཇོ་འབྲུག་སྒོམ་ཞིག་པོ༽

Bhutan Times - - འབྲུག་གི་དུས་ཚོད། -

༉ ཆོས་རྗེ་འགྲོ་བའི་མགོནམོ་ གཙང་པ་རྒྱ་རས་ཀྱི་སྐུ་ཚཝ་ སངས་རྒྱས་དབོན་རས་ཀྱིས་ བཀའ་གནངམ་བཞིན་དུ། ཕ་ ཇོ་འབྲུག་སྒོམ་ཞིག་པོ་འབྲུག་ ར་ལུང་ལས་ལྷོ་མོན་གྱི་གཡུལ་ འདི་ན་འབྱོན་པའི་སྐབས་ལུ། ལ་ ཡག་གླིང་བཞི་ལུ་ཕེབས་ད།གླིང་ བཞིའི་ཕྱུགཔོ་མ་སྟོང་གི་ཟེར་བའི་ འབྱིམོ་ཅིག་ལུ་བོའུ་ཅུ་ལྟས་ངན་ སྦྲུལ་མགོ་བོང་འཇུག་འབད་མི་ ཅིག་འཚའ་ནུག་ཟེར་འབྱོགཔ་ ཅིག་ཞུ་བར་འོངས་ཏི། བླམ་དེ་ ཁར་བྱོན་འབད་ལྟས་ངན་སྦྲུལ་ མགོ་བོང་མཇུག་བརྟུལ་བཞིན་ ལས། བོའུ་ཅུ་ངོ་བ་ལུ་གྱུར་ཏི་ ཨོམ་འཐུང་པར་འགྱོཝ་ད། གླིང་ བཞི་གི་མྀ་གེ་ར་ཡིད་རངས་ཏི། སྟོང་དཔོན་སྲི་ཐུབ། སྟོང་དཔོན་ ཤེ་ས་དར་པོ། སྟོང་དཔོན་ལྷ་མོ་ དཔལ་ཚུ་གིས་གཙོ་བོ་འབད་གླིང་ བཞི་རྟ་རྭ་ལ་ཁར་ཁྲི་བརྩིགས་ ཏི་བླམ་བཞུགས་བཅུག་འབད། མ་སྟོང་ཕྱུག་པོ་གིས་གཡག་ གཅིག་ འབྱིམོ་ཁལ་གཅིག་ད་ གཅིག་ ཁྲོ་གཅིག་མར་གྱིས་ བཀང་སྟི་ཕུལཝ་ད། སྟོང་དཔོན་ ཤེ་ས་དར་པོ་གིས་ལེགས་སྦྱར་ད་ བཅསཔ་འབད་གླིང་བཞི་བྱ་རྒོད་ རྫོང་གིས་གཙོས་པའི་ལ་གནས་ གེ་ར་ཕུལ་ནུག། གླིང་བཞི་ལས་ སྤ་རོ་སྟག་ཚང་ལུ་བྱོན་སྟེ་སྒྲུབ་པ་ གནང་འབད། ཐིམ་ཕུ་གི་བྱག་ རྟའི་མགུ་ཏོ་རང་བྱོན་ཡོད་སར་ བྱོན་འབད་ན ད རྟ་མགོ་ཆོས་དབྱིངས་ རྟ གོ ད རྫོང་བཞེངས་ཏི་ བཞུགས་པའི་ སྐབས་ལུ། ཝང་ཆུ་མདོ་ལས་ མཁའ་འགྲོམ་མསོད་ནམས་ དཔལ་སྒྲོན་ ལྕམ་འབད་བཞེས་ ཏི་སྲས་བཞི་འཁྲུངས་པའི་ནང་ ལས། སྲས་མགར་སྟོན་་་་་་མཁོ་ཐང་ཁ། ཉི་མ་་་་་་་་་་་་་་་་ཝང་དང་ལྕང་། དབང་ཕྱུག་་་་ཐེད། དགོན།་སྒར་ ས། དམ་པ་་་་་་སྤ་རོ་ཚུ་ལུ་བླམ་ ད་དཔོན་འབྲེལ་ཏི་བསྐོདཔ་ ད། སྔོན་མ་ལས་བྱོན་པའི་བླམ་ ལྷ་པ་ཟེར་མི་ཧ་ཅལ་ཁ་ལུ་རྫོང་ བརྐྱབས་ཏི་བླམ་ད་དཔོན་་གཉིས་ ཆ་ར་ཁོ་ར་གིས་ འཐུསཔ་འབད་མཛད་དི་བཞུགས་ ཡོདཔ་ལས་མ་རངས་པར། མང་ པའི་དམག་ཚར་གཉིས་གསུམ་ ཅིག་བརྐྱབས། ཉུང་པའི་མཐུ་ད་རྫུ་འཕྲུལ་ལོག་ཅི་ ལོག་ཅི་འགྲནམ་ལ་སོགས་པ་ ག་འདེ་འབད་རུ་མ་ཐུབ་པར་ལྷ་ པ་ཆ་ཁྱབ་ཕམ་སོང་ནུག། དེ་ ལས་ཕ་ཇོ་ཡབ་སྲས་ཚུ་གི་མཛད་ པ་དང་ཕྲིན་ལས་རྒྱས་པའི་དབང་ གིས། རྒྱ་ཨསཾ་གྱི་རྒྱལ་ ཁབ་ཀ་མ་རྷ་ལ་༼ཀ་ མ་རུབ་༽ ལས་རྒྱལཔོ་ བྷ་ནན་ལ་ཟེར་མི་དེ་ གིས་གསེར་གྱི་བུམ་པ་ ཆ་གཅིག་ དངུལ་གྱི་ བུམ་པ་ཆ་གཅིག་ ཁ་ ཤ་དར་རས་ལ་སོགས་ ཤ པའི་དོ་ལེ་ཤ་ཕུལ་བར་ བཏང་ནུག། མོ ན མ ་ ག ཙ ང་ སྒ ང་ ཕྱུགཔོ་ཟེར་མི་དེ་གིས་ ཕྱུ ཡ། ཀ་ཤི་ཀའི་རས་ད། སྟག་གཟིག་གུང་གསུམ་ གྱི་པགས་ཀོ་ བུ་རམ། རྒྱ་ཟོང་ལྷམ་ཚང་ལ་སོགས་པ་ དོ་ལེ་ཤཱ་ཕུལ་བར་བཅརཝ་ལས། མངའ་ཐང་དར་ཞིང་རྒྱས་ཏི་ཤར། ཝང་། སྤ་རོ། ཐེད། ཐིམ་ཕུ་ཚུ་ད་ ལས་ཕར་དཔལ་ལྡན་འབྲུག་པ་ གིས་དབངམ་ཨིན་ནོ་ཟེར་བའི་ཐོ་ བརྩིགས་ཏི། དཔལ་ལྡན་འབྲུག་ པའི་ཆོས་སྲིད་ལུགས་གཉིས་ ཀྱི་སྲོལ་བླམ་དེ་གིས་བཙུགས་ གནངམ་མ་ཚད། སྲས་བཞི་ལས་ ཡ་དཔལ་ལྡན་འབྲུག་པའི་བསྟན་ སྲིད་ལུ་ཕན་པའི་གདུང་བརྒྱུད་ལེ་ ཤ་གྱིས་ཏ་ལྷ་ལུང་གི་གཡུལ་ ཚུན་ད་ལྟོ་ཡ་ཡོད་པའི་ཁར། བུམ་ ཐང་ཨུ་ར་དགེ་ལྡན་བླམ་ཟེར་ ཆོས་ད་གདུང་བརྒྱུད་གཉིས་ཆ་ར་ མ་ཉམས་པར་ཡོད་མི་དེ་ཡང་ཕ་ ཇོ་གི་ གདུང་བརྒྱུད་ཨིན་ནོ། དེའི་ཤུལ་ལུ་དཔལ་ལྡན་འབྲུག་ པའི་ཆོས་ད་གདུང་གི་ཆེ་བ་ གཉིས་ཆ་ར་ལྡན་པའི་བླམ་འཇམ་ དབྱངས་ཀུན་དགའ་སེངྒེ། རྒྱལ་ དབང་རྗེ། ངག་དབང་ཆོས་རྒྱལ། འབྲུག་པ་ཀུན་ལེགས། ངག་གི་ དབང་ཕྱུག། མི་ཕམ་ཆོས་རྒྱལ། མི་ཕམ་བསྟན་པའི་ཉི་མ་ཚུ་བོད་ ཀྱི་འབྲུག་ར་ལུང་ལས་ལྷོ་ལུངམ་ འདི་གི་ནང་ལུ་རིམ་པ་བཞིན་དུ་ བྱོན་ཏི། འབྲུག་པ་བཀའ་བརྒྱུད་ པའི་བསྟན་པ་མཐའ་དབུས་མེད་ པར་ཁྱབཔ་འབད་མཛད་བཞིནམ་ ལས། ས་ལུ་ལྷོ་དང་མྀ་ལུ་མོན་ ཟེར་མི་དེ་བཞག་སྟི། ས་ལུ་ འབྲུག་ཡུལ་དང་མྀ་ལུ་འབྲུག་པ་ ཟེར་བའི་མིང་དར་ནུག།

Newspapers in English

Newspapers from Bhutan

© PressReader. All rights reserved.