ལཱ་གཡོག་བློན་པོ་གིས་ ན་གཞོན་༡༢༥ དང་གཅིག་ཁར་ བཟའ་ཁང་རྐྱབ་ནིའི་ ལས་འགུལ་ནང་ བཅའ་མར་གཏོགས་ཡོདཔ།

Bhutan Times - - འབྲུག་གི་དུས་ཚོད། -

འདས་པའི་བདུན་ཕྲག་ནང་ ལཱ་ གཡོག་བློན་པོ་གིས་ ང་བཅས་ རའི་རྒྱལ་ཁབ་ནང་ ལས་ མིའི་དཔའ་ཉམས་དང་བརྩི་ མཐོང་ ཡར་སྐྱེད་གཏང་ནིའི་ དོན་ལུ་ བཟོ་སྐྲུན་གྱི་ས་ཁོངས་ ནང་ གཟིགས་སྐོར་གནང་ མི༌དང༌འབྲེལ༌ བཟོ་སྐྲུན་ནང་ ལཱ་འབད་མི་ ན་གཞོན་ཚུ་ དང་གཅིག་ཁར་ བཅའ་མར་ གཏོགས་གནང་ནུག། དེ་ཡང་ ཐིམ་ཕུག་ལུ་བསྒྲུབ་ རན་ཁར་ཡོད་མི་ ས་ཁོངས་ སྦོམ་ཅིག་ནང་རྐྱབ་པའི་བསྒང་ ཡོད་མི་ ལི་མི་རི་ཌན་བཟའ་ཁང་ ནང་ལུ་ འབྲུག་པའི་ན་གཞོན་ བུཚ་༥༥ དང་ བུམོ་༧༥ གིས་ བཟའ་ཁང་རྐྱབ་ནིའི་ལས་ལགུལ་ ནང་ བཅའ་མར་གཏོགས་ཡོདཔ་ ཨིན་པས། ན་གཞོན་ཚུ་ལུ་ ལཱ་གཡོག་ བློན་པོ་གིས་ ལཱ་ག་ཅི་བཟུམ་ འབད་རུང་ ངོ་ཚ་ནི་མི་འོང་ཟེར་ གསུངས་ཡོདཔ་ཨིནམ་ད་ རང་ ལུ་ལག་རྩལ་དང་ རིག་རྩལ་ར་ ཡོད་པ་ཅིན་ མཁས་རིག་ཅན་ ཟེར་ སླབ་ཨིན་ཟེར་གསུངས་ཡི། བཟོ་སྐྲུན་ནང་ལཱ་འབད་མི༌ ཤེས་ ཚད་ཡོད་མི་དང་ མེད་མི་ག་ ར་གིས་ ཉམས་མྱོང་ཡོད་པའི་ ལག་ཁྱེར་ཚུ་ཐོབ་ནི་ཨིནརུང་ ལཱ་ གཡོག་ལྷན་ཁག་གིས་ ལག་ ཁྱེར་བྱིན་ནིའི་དོན་ལུ་ ཆོས་ རྒྱུགས་ཅིག་ཡང་ ལེན་ནི་ཨིན་ པས། དེ་ལུ་བློན་པོ་གིས་ ལཱ་གཡོག་ ལྷན་ཁག་གིས་ ཆོས་རྒྱུགས་ ལེན་བཞིནམ་ལས་ ན་གཞོན་ ཚུ་གི་ལྕོགས་གྲུབ་དང་བསྟུན་ ལག་ཁྱེར་སྤྲོད་ནི་ཨིན་ཟེར་ གསུངསམ་ཨིན་པས། ཁྱིམ་བཟོའི་བཟོ་ སྐྲུན༌གྱི༌ལས༌འགུལ༌དེ༌ནང༌ ན༌གཞོན༌སྦྱོང༌བརྡར༌ཡོད༌མི༌དང༌ མེད༌མི༌མང༌རབས༌ཅིག༌གི༌ སྤྲོ༌ བ༌བསྐྱེད༌དེ༌བཅའ༌མར༌གཏོགས༌ ཏེ༌ བཟོ༌བསྐྲུན༌གྱི༌ལཱ༌ལྷབ༌མི༌ཚུ་ ལུ༌བློན༌པོ༌གིས་ ངལ་རངས་ཡོད་ ལུགས་ཚུ་ བཤད་ཡོདཔ་ཨིན་ པས། སློབ༌རིམ༌༡༢ ཚུན༌བལྟ༌མི༌ ཀར༌ན༌བྷ༌དུར༌གྱི༌སླབ༌མི༌ནང༌ མ ༌གཞི༌ཁོ༌ལུ༌ཧེ༌མ༌འདི༌བཟུམ༌གྱི ༌ལཱ༌འབད༌བའི༌ ཉམས༌མྱོང༌མེད ༌དེ༌རང༌འབད༌རུང༌ད༌རེས༌ལས༌ འགུལ༌འདི༌ནང༌ལཱ༌འབད༌ནི༌གི༌ གོ༌སྐབས༌ཐོབ༌པའི༌ཤུལ༌ལས༌ ཉམས༌མྱོང༌ཐོབ༌ཅིག༌ཟེར༌སླབ༌ ཨིན༌པས། ད་རུང་ སློབ་རིམ་༡༢ཚུན་ བལྟ་མི་ མི་རིའི་ཐའི་གི་ སླབ་མི་ནང་ མོ༌ར༌སློབ་ ཕྲུག་ཅིག་འབདཝ་ལས་ དེ༌བཟུམ༌མའི༌ལཱ༌འབད༌ནི༌ལུ༌ དཀའ་ངལ་འཐོན་མས་ཟེར་ ཨིནམ༌ད༌ མོ་གིས༌ སློབ་གྲྭ་ ནང་སྡོད་མི༌དང༌ ད་ལྟོ་ལཱ་ འབད༌བའི༌སྐབས༌ལུ༌ ཁྱད་པར་ ལེ་ཤ་རང་འདུག་ ཟེར་བཤདཔ་ ཨིན་པའི༌གནས༌ཚུལ།

Newspapers in English

Newspapers from Bhutan

© PressReader. All rights reserved.