མི་རྗེ་བློན་ཆེན་མཆོག་གིས་ ཚོང་འབྲེལ་གོ་སྐབས་དང་བརྡ་དོན་ལྟེ་བ་འགོ་བྱེད་ མཛད་གནང་ཡོདཔ།

Bhutan Times - - འབྲུག་གི་དུས་ཚོད། -

༉ ད་ལས་ཕར་ མི་ དམངས་ག་ར་གི་ ནང་འཁོད་ བཟོ་གྲྭ་དང་ བཟོ་གྲྭ་ཆུང་བ་ གཞི་བཙུགས་འབད་ནིའི་དོན་ ལས་ རྒྱུན་འཁོར་མ་དངུལ་ ལས་ སྐྱེད་བརྒྱ་ཆ ༤ རེ་ དང་གཏའམ་ཡང་ག་ནི་ཡང་ བཙུགས་མ་དགོ་པར་ སྐྱིན་ འགྲུལ་ ཐོབ་ནི་ཨིནརུང་ རང་ གི་རྒྱབ་མི་ཨིན་ཅི་མིན་ཅི་དགོཔ་ ཡོདཔ་ད་ མ་དངུལ་དེ་ཡང་ལོ་ ངོ ༡༠ གྱི་འཁོད་ལུ་ལོག་སྤྲོད་ དགོཔ་ཨིན་པས། དེ་ཡང་ རྒྱལ་ཁབ་ནང་ལོ་ངོ ༡༡ པའི་འཆར་གཞིའི་དོན་ལུ་ གནང་སྦྱིན་མ་དངུལ་ཐེར་འབུམ ༥ ཡོད་ས་ལས་ ཐེར་འབུམ ༡་༩ འདི་ ནང་འཁོད་བཟོ་གྲྭ་ དང་བཟོ་གྲྭ་ཆུང་ཀུ་ཚུ་ དེ་ལས་ ལུགས་མཐུན་མེད་པའི་ གྲོང་ གཡུས་ཀྱི་ ཚོང་ལཱའི་དོན་ལུ་ གོ་བཀྲམ་འབད་ཡོད་མི་འདི་ ལག་ལེན་འཐབ་ནིའི་དོན་ལུ་ གཞུང་མིན་ལས་སྡེ་སྦེ་བསྟན་ རྒྱས་ལྷན་ཁག་གི་འོག་ལུ་ ཚོང་ འབྲེལ་གོ་སྐབས་དང་བརྡ་དོན་ ལྟེ་བ་འདི་གཞུང་འབྲེལ་དུ་ སྤྱི་ ཟླ ༨ པའི་སྤྱི་ཚེས ༢༧ ལུ་ བློན་ཆེན་མཆོག་གིས་ འགོ་བྱེད་ མཛད་གནང་ཡོདཔ་ཨིན་པས། ན་ཧིང་ བཙག་འཐུའི་བསྐུལ་ བསྒྲགས་འབད་བའི་སྐབས་ལུ་ ད་ལྟོའི་གཞུང་གི་ ང་བཅས་རའི་ རྒྱལ་ཁབ་ཀྱི་ དཔལ་འབྱོར་ གནས་སྟངས་ལུ་ རྒྱ་བལྟབ་མ་ བདེཝ་ཡོད་མི་ཚུ་གི་དཀའ་ངལ་ སེལ་ཐབས་ལུ་ དཔལ་འབྱོར་ ལུ་ལྷན་ཐབས་འཆར་གཞི་ འགོ་བཙུགས་ནི་སྦེ་ ཁས་ལེན་ འབད་ཡོདཔ་ཨིན་པས། དེ་ནང་ལུ་བློན་ཆེན་གྱིས་གསུང་ མི་ནང་ དཀའ་ངལ་ཚུ་ཡང་ ནང་ཚོང་ཡར་ཕར་ ཕྱིར་ཚོང་ མར་ཕབ་ ལཱ་གཡོག་གི་དཀའ་ ངལ་ རྒྱ་གར་གྱི་རུ་པི་མ་ལང་ པའི་དཀའ་ངལ་དང་ དངུལ་ ཁང་ཚུ་གིས་བསྐྱིན་འགྲུལ་ འབྱིན་མ་ཚུགས་པའི་དཀའ་ ངལ་ཚུ་འཐོན་སྡོད་ནུག་ཟེར་ གསུང་ཡོདཔ་ཨིན་པས། དཔལ་འབྱོར་ལུ་ལྷན་ཐབས་ འཆར་གཞི་འདི་ འབྲུག་རྒྱལ་ ཁབ་ཀྱི་ དཔལ་འབྱོར་གྱི་དཀའ་ ངལ་ག་ར་འདི་སེལ་མི་ཚུགས་ ནི་ཨིན་རུང་ བློན་ཆེན་གྱི་གསུང་ མི་ནང་ འཆར་གཞི་འདི་གི་ ཐོག་ལས་སྦེ་ དངུལ་ཁང་ཚུ་ ནང་ མ་དངུལ་བཙུགས་ཏེ་ ད་ ལྟོ་དངུལ་ཁང་ཚུ་གིས་ སྐྱིན་ འགྲུལ་འཚམས་འཇོག་འབད་ བཞག་ཡོད་མི་ལས་ བརྟེན་ཚོང་ ལཱ་འབད་མི་ཚུ་ སྐྱིན་འགྲུལ་ མ་ཐོབ་པར་ཡོད་མིའི་དཀའ་ ངལ་ཚུ་སེལ་ཚུགས་ཟེར་གསུང་ ཡོདཔ་ཨིན་པས། རྒྱུན་འཁོར་མ་དངུལ་གཞི་ བཙུགས་འབད་དེ་ ནང་འཁོད་ བཟོ་གྲྭ་དང་བཟོ་གྲྭ་ཆུང་བ་ དེ་ ལས་ལུགས་འཐུན་མེད་པའི་ གྲོང་གཡུས་ཀྱི་ ཚོང་ལཱ་ཚུ་རྒྱ་ སྐྱེད་གཏང་ཚུགསཔ་མ་ཚད་ དམིགས་བསལ་གྱི་རྒྱབ་སྐྱོར་ སློབ་ཕྲུག་ཚུ་ལུ་ ཤེས་ཡོན་འཕྲོ་ མཐུད་སྦྱང་ནིའི་གོ་སྐབས་དང་ གཡོག་ལས་དགོངས་ཞུ་འབད་ མི་ མི་སེར་རྒན་རྒས་ཚུ་ལུ་ ཟླ་ རིམ་འཚོ་འཐུས་ཀྱི་རྒྱབ་སྐྱོར་ཚུ་ ཐོབ་ཚུགས་ཟེར་བློན་ཆེན་གྱིས་ གསུངམ་ཨིན་པས། ད་རུང་ སློབ་གྲྭ་ནང་ལས་ ཐོན་སྡོད་མི་ ན་གཞོན་ཚུ་ ཁེ་ ཕན་གྱི་ ལཱ་གཡོག་མ་ཐོབ་ཚུན་ ལུ་ ཟླ་ངོ་བཅུ་ཐམ་ལས་ བཅུ་ གཉིས་ཀྱི་བར་ན་ ཁོང་རའི་ གཞི་རྟེན་དགོས་མཁོའི་དོན་ ལུ་ ལཱ་གཡོག་ནང་མ་འཛུལ་སྔ་ གོང་གི་ རྒྱབ་སྐྱོར་འཆར་ཐོག་ ལས་ དངུལ་གྱི་གྲོགས་རམ་ཚུ་ ཐོབ་ཚུགས་ཟེར་བློན་ཆེན་གྱིས་ གསུངམ་ཨིན་པས། དོ་ཅི་གནམ་ལོ་ ༢༠༡༤ ནང་ འཁོད་ནང་ རྒྱུན་འཁོར་མ་ དངུལ་དང་པའི་ཐོག་ལས་ ནང་ འཁོད་བཟོ་གྲྭ་དང་བཟོ་གྲྭ་ ཆུང་བ་ ༡༦༧ དང་ལུགས་ མཐུན་མེན་པའི་ གྲོང་གཡུས་ ཀྱི་ ལས་སྡེ་ ༤༤༤ ལུ་མ་ དངུལ་ གྱི་ གྲོགས་རམ་སྤྲོད་ དགོ་པའི་ གཞུང་དང་ ཚོང་ འབྲེལ་གོ་སྐབས་དང་བརྡ་དོན་ ལྟེ་བ་ ༢ ཀྱི་བར་ན་ གན་ཡིག་ བཟོ་ཡོད་མི་དེ་ ལེགས་ཤོམ་སྦེ་ གྲུབ་འབྲས་ འཐོན་ཚུགས་པའི་ རེ་བ་ཡོད་ཟེར་བློན་ཆེན་གྱིས་ གསུངམ་ཨིན་པས། ལོ་ངོ ༥ གི་ནང་འཁོད་ལུ་ ཚོང་ འབྲེལ་གོ་སྐབས་དང་བརྡ་དོན་ ལྟེ་བ་གིས་ རྒྱུན་འཁོར་མ་ དངུལ་དང་པའི་ ནང་མ་དངུལ་ ཡོངས་བསྡོམས་དངུལ་ཀྲམ་ ཐེར་འབུམ་ ༡་༥ ཡོད་མི་དེ་ ལག་ལེན་འཐབ་སྟེ་ ནང་འཁོད་ བཟོ་གྲྭ་དང་བཟོ་གྲྭ་ཆུང་བ་ ལས་འགུལ་གསརཔ་ ༡༥༠༠ གཞི་བཙུགས་འབད་དགོཔ་ མ་ཚད་ ལཱ་གཡོག་ཡོངས་ བསྡོམས་ མི་ངོམ་ ༣༠༠༠ ལུ་ སྤྲོད་དགོཔ་དང་ རྒྱུན་འཁོར་མ་ དངུལ་ ༢ པའི་ནང་ མ་དངུལ་ ཡོངས་བསྡོམས་ཐེར་འབུམ ༠་ ༤ ཡོད་མི་དེ་ལག་ལེན་འཐབ་ སྟེ་ ལུགས་མཐུན་མེན་པའི་ ལས་འགུལ་ གསརཔ་ ༤༠༠༠ གཞི་བཙུགས་འབད་དགོཔ་ མ་ཚད་ ལཱ་གཡོག་ཡོངས་ བསྡོམས་ མི་ངོམ་ ༤༠༠༠ ལུ་ སྤྲོད་དགོཔ་ཨིན་པས། སྐྱིན་འགྲུལ་ཐོབ་ནི་འདི་ཡང་ གཞན་དངུལ་ཁང་བཟུམ་མེདན་ པར་ ལམ་ལུགས་འདི་སོ་སོར་ འབད་རང་ཡོདཔ་ཨིན་པས། དེ་ ལུ་ལྟེ་བ་གི་ཁྲི་འཛིན་བསོད་ ནམས་པི་དབང་འདུས་ཀྱིས་ གསུང་མི་ནང་ གཞུང་གི་བཀའ་ རྒྱ་ལྟར་དུ ལྟེ་བ་གི་ཞབས་ཏོག་ ལུ་ གཏའམ་ཡང་མི་དགོ། སྐེད་ ཚད་དེ་ ཉུང་དྲགས་སྦེ་ ཡོདཔ་ མ་ཚད་ ཞབས་ཏོག་གི་འཐུས་ ཡང་མེདཔ་ལས་ རྒྱབ་མི་ཨིན་ ཅི་མིན་ཅི་དགོ། ད་རུང་ ལས་ འགུལ་དང་ཚོང་མགྲོན་པ ༢ ཆ་ ར་ ཉེན་བཅོལ་འབད་དགོཔ་ ཨིན་ཟེར་གསུང་ཡི། དེ་འབདཝ་ ལས་ མ་དངུལ་གྱི་སྐྱིན་འགྲུལ་ བྱིན་མི་དང་ ལེན་མི་༢་ཆ་ར་ གིས་ འགན་ཁུར་ ཐེབས་ སྦེ་སྦགས་དགོཔ་ཨིན་ཟེར་ གསུངམ་ཨིན་པས་པའི་གནས་ ཚུལ།

Newspapers in English

Newspapers from Bhutan

© PressReader. All rights reserved.