དབུལ་ཕོངས་ཀྱི་གནས་སྟངས་དེ་ འདས་པའི་ལོ་ཚུ་ནང་བཟུམ་སྦེ་ར་ འགྱོ་ ཚུགས་པ་ཅིན་ རྒྱལ་ཁབ་ནང་ དབུལ་ཕོངས་ཀྱི་དཀའ་ངལ་དེ་ ལོ་ངོ་༢༢ ཀྱི་ རྒྱབ་ལས་ རྩ་མེད་འགྱོ་ཚུགས་ནི་ཨིན་མས།

Bhutan Times - - Adverts -

༉ དབུལ་ཕོངས་ཀྱི་གནས་ སྟངས་དེ་ འདས་པའི་ལོ་ཚུ་ ནང་བཟུམ་སྦེ་ར་ འགྱོ་ཚུགས་ པ་ཅིན་ རྒྱལ་ཁབ་ནང་ དབུལ་ ཕོངས་ཀྱི་དཀའ་ངལ་དེ་ ལོ་ ངོ་༢༢ ཀྱི་རྒྱབ་ལས་ རྩ་མེད་ འགྱོ་ཚུགས་ནི་ཨིནམ་ལས་ སྤྱི་ལོ་༢༠༣༦ ལུ་ རྒྱལ་ཁབ་ ནང་ དབུལ་ཕོངས་ཀྱི་དཀའ་ ངལ་ མེདཔ་འགྱོ་ནི་ཨིན་པས། དེ་ཡང་ ཁ་ཙ་ གསལ་སྟོན་ འབད་མི་ སྤྱི་ལོ་༢༠༡༤ ལོའི་ དབུལ་ཕོངས་བརྟག་ཞིབ་ འབད་མི་སྙན་ཞུ་དང་འཁྲིལཝ་ ད་ འབྲུག་གིས་འདས་པའི་ལོ་ ངོ་བཅུ་ཕྲག་ཅིག་ནང་ དབུལ་ ཕོངས་དཀའ་ངལ་མར་ཕབ་ འབད་ནི་ལུ་ མཐར་འཁྱོལ་བྱུང་ ཡོདཔ་ལས་ ད་རེས་ཀྱི་ མི་ཚེ་ ནང་ར་ དཀའ་ངལ་དེ་ བསལ་ ཚུགས་ནི་མས་ཟེར་ཨིན་པས། སྙན་ཞུ་དང་འཁྲིལཝ་ད་ དབུལ་ ཕོངས་ཀྱི་དཀའ་ངལ་ ཚབ་ ཆེན་སྦེ་ཡོད་མི་ཚུ་གིས་ རྒྱལ་ སྤྱི་གི་གནས་ཚད་ནང་ ཉིནམ་ རེ་ནང་ ཡུ་ཨེས་ཌོ་ལར་༡.༢༥ ཐོབ་དོ་ཡོདཔ་ད་ འབྲུག་གི་སྤྱི་ ལོ་༢༠༡༢ ལུ་ དབུལ་ཕོངས་ ཀྱི་ཚད་གཞི་ བརྒྱ་ཆ་༢ ཀྱིས་ མར་ཕབ་འབད་ཚུགས་ཡོདཔ་ ལས་ ད་རེས་ཀྱི་ མི་ཚེ་ནང་ ར་ བསལ་ཚུགས་ནི་མས་ཟེར་ འཁོད་འདུག། སྤྱི་ལོ་༢༠༠༧-༢༠༡༢ ཀྱི་ བར་ན་ རྒྱལ་ཁབ་ནང་ དབུལ་ ཕོངས་ཀྱི་གནས་ཚད་དེ་ ཕྱེད་ ཀ་གིས་མར་ཕབ་འབད་ཚུགས་ ཡོདཔ་ད་ ཞིབ་འཚོལ་འབད་མི་ དང་འཁྲིལཝ་ད་ སྤྱི་ལོ་༢༠༠༧ གྱི་དབུལ་ཕོངས་གནས་ཚད་ ལས་ བརྒྱ་ཆ་༢༣ ཡོད་མི་དེ་ སྤྱི་ལོ་༢༠༡༢ ལུ་ བརྒྱ་ཆ་༡༢ ལུ་ལྷོད་ཡོདཔ་ཨིན་པས། འཛམ་གླིང་དངུལ་ཁང་གི་ངོ་ ཚབ་ ཇི་ནི་ཝི་ཝི་ བཱོའེ་རིའུ་ གིས་ དབུལ་ཕོངས་མར་ ཕབ་འགྱོ་མི་དེ་ཡང་ གཙོ་བོ་ ར་ རྒྱལ་ཁབ་ནང་ སོ་ནམ་གྱི་ ཚོང་འབྲེལ་ཡར་དྲག་བཟོ་མི་ དང་ སྒེར་སྡེ་ནང་ གཡོག་གི་ གོ་སྐབས་མངམ་བཟོ་མི་ དེ་ ལས་ གཞན་ཡང་ གཞུང་གིས་ མི་མང་གི་ཞབས་ཏོག་ལེགས་ ཤོམ་བྱིན་མི་ལུ་བརྟེན་ཨིན་ཟེར་ སླབ་ཨིན་པས། ཨིན་རུང་ སྙན་ཞུ་དང་ འཁྲིལཝ་ད་ སྤྱི་ལོ་༢༠༠༧ ནང་ དབུལ་ཕོངས་ཀྱི་དཀའ་ ངལ་ནང་ཡོད་མི་ཚུ་ ད་རེས་ ནངས་པར་ དཀའ་ངལ་མེདཔ་ ཨིན་རུང་ ཧེ་མ་ དབུལ་ཕོངས་ ཀྱི་དཀའ་ངལ་མྱོང་མི་ ཁྱིམ་ གུང་པ་གཉིས་ དཀའ་ངལ་ མེདཔ་འགྱོ་རུང་ ཧེ་མ་ དཀའ་ ངལ་མ་མྱོང་མི་ཚུ་ ད་རེས་ དབུལ་ཕོངས་ཀྱི་དཀའ་ངལ་ ཐོན་མི་གི་གྲས་ཁར་ ཚུད་དེ་ འདུག་ཟེར་ཨིན་པས། དཀའ་ངལ་དེ་ནང་ ཚུད་ནི་ གི་ཉེན་ཁ་དེ་ཡང་ དམིགས་ གསལ་དུ་ གྲོང་གསེབ་ཀྱི་ས་ གནས་ པདྨ་དགའ་ཚལ་དང་ དར་དཀར་ནང་ དེ་ལས་ བཀྲ་ ཤིས་སྒང་བཟུམ་ནང་སྡོད་མི་ ཤེས་ཡོན་ལེགས་ཤོམ་མ་ཐོབ་ མི་དང་ གཡོག་གཏན་གཏན་ མེད་མི་ཚུ་ལུ་ ཉེན་ཁ་སྦོམ་ འདུག་ཟེར་ སྙན་ཞུ་ནང་འཁོད་ འདུག། བཟའ་ཆས་ཀྱི་གནས་སྟངས་ ཡང་ རྒྱལ་ཁབ་ནང་ ཡར་དྲག་ སོང་ཡོད་རུང་ ཟས་བཅུད་ཅན་ ཟ་ནི་གི་དོན་ལུ་ དབུལ་ཕོངས་ ཀྱི་དཀའ་ངལ་ཡོད་མི་ཚུ་གིས་ ད་ལྟོ་ཡང་ ལེགས་ཤོམ་སྦེ་ ཟ་ ནི་མ་ཐོབ་པར་ཡོདཔ་ད་ ཁྱིམ་ གུང་བརྒྱ་ཆ་༣༢ དེ་ ཨམ་སྲུ་ ཚུ་གིས་ བདག་འཛིན་འབད་ དོ་ཡོདཔ་ལས་ དབུལ་ཕོངས་ ཀྱི་དཀའ་ངལ་ཡང་ མཐོ་སུ་ ཡོདཔ་ཨིན་པས། ཤེས་ཡོན་གྱི་ཐད་ཁར་ལྷོདཔ་ ད་ ཨ་ལུ་ཚུ་གིས་ གོ་སྐབས་ འདྲན་འདྲ་ཐོབ་སྟེ་ཡོད་རུང་ འབྲིང་རིམ་བར་མའི་ཤེས་ཚན་ ནང་ལྷོདཔ་ད་ བརྒྱ་ཆ་༣༢ རྐྱངམ་ཅིག་གིས་ མཇུང་བསྡུ་ ཚུགས་ཏེ་ཡོདཔ་ད་ ཚ་གྱང་ ཅན་གྱི་གནད་དོན་ཅིག་ཨིན་ པས། རྒྱལ་ཡོངས་རྩིས་དཔྱད་ལྟེ་བ་ གི་མདོ་ཆེན་ཡོངས་ཁྱབ་ ཀུན་ དགའ་ཚེ་རིང་གིས་ སླབ་དོ་ བཟུམ་འབད་བ་ཅིན་ མི་དབང་ མཆོག་གིས་ སའི་སྐྱིད་སྡུག་ གནང་མི་དེ་གིས་ཡང་ དབུལ་ ཕོངས་ཀྱི་དཀའ་ངལ་ མར་ ཕབ་འབད་ནི་ལུ་ ལྷན་ཐབས་ སྦོམ་ འབད་དེ་འདུག་ཟེར་ཨིན་ པས། སྤྱི་ལོ་༢༠༡༠ ནང་ རྒྱལ་ ཡོངས་དགའ་སྐྱིད་དཔལ་ འཛོམས་ལྷན་ཚོགས་ཀྱིས་ ཞིབ་འཚོལ་འབད་མི་དང་ འཁྲིལཝ་ད་ དབུལ་ཕོངས་ཀྱི་ དཀའ་ངལ་དེ་ ཤར་ཕྱོགས་ རྫོང་ཁག་ཚུ་ནང་ མངམ་ཡོད་ པའི་ཁར་ འབྲུག་མི་བརྒྱ་ཆ་ ༥༩ སེམས་མ་དགའ་བར་ ཡོདཔ་ཨིན་རུང་ སྤ་རོ་བཟུམ་ ཅིག་ནང་འབད་བ་ཅིན་ དབུལ་ ཕོངས་དེ་ དེམ་ཅིག་མེདཔ་ ཨིན་པས། རྫོང་ཁག་ལས་འབད་བ་ཅིན་ པདྨ་དགའ་ཚལ་དང་རྩི་རང་ རྫོང་ཁག་གཉིས་ནང་ དབུལ་ ཕོངས་མར་ཕབ་མ་འགྱོ་བར་ ཡོད་རུང་ དར་དཀར་ནང་དང་ ལྷུན་རྩེ་རྫོང་ཁག་ནང་ མར་ ཕབ་དེ་ ཉུང་སུ་ཅིག་ལས་ མེདཔ་ད་ དེ་གི་ནང་ལས་ཡང་ གཞལམ་སྒང་རྫོང་ཁག་གིས་ ལྷུན་རྩེ་རྫོང་ཁག་བ་དྲགཔ་སྦེ་ དཀའ་ངལ་བསལ་ཡོདཔ་ཨིན་ པའི་གནས་ཚུལ།

Newspapers in English

Newspapers from Bhutan

© PressReader. All rights reserved.