ཡུ་ཨེན་ཌི་པི་གིས་ ན་གཞོན་དང་འབྲེལ་བའི་ རྩེདམོ་ཅིག་ འགོ་འབྱེད་འབད་ཡོདཔ།

Bhutan Times - - Adverts -

༉ སྤྱི་ཟླ་༡༠ པའི་ཚེས་༢༤ ལུ་ འཛམ་གླིང་སྤྱི་ཚོགས་ གོང་འཕེལ་ལས་རིམ་ ཡུ་ ཨེན་ཌི་པི་གི་ཉིནམ་ བརྩུ་སྲུང་ འབདཝ་དང་འབྲེལ་ འབྲུག་ ལུ་ཡོད་མི་ ཡུ་ཨེན་ཌི་པི་གིས་ རྒྱལ་ཁབ་ནང་ ན་གཞོན་ཚུ་ གིས་ སྒེར་སྡེ་ཚུ་ནང་ ལཱ་ གཡོག་ལེན་ནི་ལུ་ དང་འདོད་ མ་བསྐྱེད་མི་དེ་ ག་ཅི་ཨིན་ ན་ ཤེས་ཐབས་ལུ་ རྩེདམོ་ གི་རིགས་ཅིག་ འགོ་འབྱེད་ འབད་ཡི། ཡུ་ཨེན་ཌི་པི་གི་ གནས་ བཞུགས་སྐུ་ཚབ་ ཨམ་ ཀྲིསི་ཊིན་ན ་ཀཱརལ་སཱེན་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ རྒྱལ་ཁབ་ནང་ ལཱ་གཡོག་ མ་ཐོབ་པའི་བརྒྱ་ཆ་ རྒྱ་ཆེཝ་ སྦེ་ཡོད་མི་ལུ་ ཁོང་གིས་ ལཱ་ གཡོག་གི་གོ་སྐབས་ བྱིན་ནི་ གི་ ལམ་མེད་རུང་ སྲིད་བྱུས་ བཟོ་ནིའི་ནང་འབྲེལ་བ་ཡོད་མི་ གཞུང་དང་འབྲེལ་ཡོད་དབང་ འཛིན་ཚུ་ལུ་ ལྷན་ཐབས་འབད་ ནི་གི་ ཐབས་ལམ་ཚུ་ སྟོན་དོ་ ཟེར་ཨིན་པས། ལཱ་གཡོག་གི་གོ་སྐབས་བཟོ་ ཚུགས་པའི་ སྲིད་བྱུས་བརྩམ་ ནི་གི་དོན་ལུ་ ཡུ་ཨེན་ཌི་པི་ གི་གཞུང་ཚབ་ཡིག་ཚང་གིས་ ན་གཞོན་ཚུ་གི་དོན་ལུ་ རྩེད་ རིགས་ཅིག་ བཟོ་ཡོད་མི་དེ་ ཐིམ་ཕུག་ལུ་ཡོད་མི་ རིན་ཆེན་ འབྲིང་རིམ་སློབ ་གྲྭ་གོང་མ་ནང་ སྦེ་ འགོ་བྱེད་འབད་ཡོདཔ་ད་ དེ་ནང་ སློབ་ཕྲུག་༨༠༠ ལྷགཔ་ ཅིག་གིས་ ཐོ་བཀོད་འབད་ ཡོདཔ་ཨིན་པས། གཞུང་ཚབ་ཡིག་ཚང་གི་སྐུ་ ཚབ་ ཨམ་ཀྲིསི་ཊི་ན་ ཀཱརལ་ སཱེན་གྱིས་ བཤད་དོ་བཟུམ་ འབད་བ་ཅིན་ འབྲུག་པའི་ན་ གཞོན་ལཱ་གཡོག་མ་ཐོབ་པའི་ བརྒྱ་ཆ་དེ་ སྤྱི་ལོ་༢༠༡༣ ནང་ བརྒྱ་ཆ་༢.༩ ཡོད་པའི་ཁར་ ལཱ་གཡོག་མ་ཐོབ་མི་ཚུ་ཡང་ ཁྲོམ་ཁར་སྡོད་མི་ཚུ་ནང་ མཐོ་ སུ་ཡོདཔ་ལས་ ཚ་གྱང་ཅན་ གྱི་གནད་དོན་ཅིག་འབད་ ཆ་ བཞགཔ་ཨིན་ཟེར་ཨིན་པས། ཡུ་ཨེན་ཌི་པི་གི་ འཛིན་སྐྱོང་ འགོ་དཔོན་ འཇིགས་མེད་རྡོ་ རྗེ་གིས་ རྩེདམ་དེ་ནང་ དྲི་བ་ ཁག་གསུམ་སྦེ་ཡོདཔ་ལས་ དེ་གིས་ ད་རེས་ནངས་པའི་ ན་ གཞོན་ཚུ་གིས་ སྒེར་སྡེ་ནང་ གི་ལཱ་གཡོག་ཚུ་ལུ་ ག་ཅི་སྦེ་ དང་འདོད་མ་བསྐྱེདཔ་ཨིན་ ན་ཚུ་ ཧ་གོ་ཚུགས་པའི་ གོ་ སྐབས་ཡོད་ཟེར་ཨིན་པས། མོ་གིས་ འབྲུག་ལུ་ཡོད་མི་ གཞུང་ཚབ་ཀྱིས་ གཞུང་ལུ་ ཚ་གྱང་ཡོད་མི་དེ་ རྒྱབ་སྐྱོར་ འབད་ནིའི་དོན་ལུ་ གཙོ་རིམ་ ཡོདཔ་ལས་ ཡོངས་འབྲེལ་གྱི་ ཐོག་ལས་ ན་གཞོན་ཚུ་གི་ ལཱ་ གཡོག་གི་དཀའ་ཡོད་མི་ཚུ་ མི་མང་གི་ནང་འཁོད་ལུ་ དོན་ སྨིན་ཅན་གྱི་ གྲོས་བསྟུན་ལྷན་ ཐབས་འབད་བའི་ རེ་བ་ཡོད་ ཟེར་ཨིན་པས། རྩེདམོ་དེ་ཡང་ ཁ་ཙ་ལས་འགོ་ བཟུང་ སྤྱི་ཟླ་༡༡ པའི་ཚེས་༡༤ ཚུན་ སྒོ་ཕྱེས་བཞག་ནི་ཨིནམ་ ད་ རྩེད་ནི་གི་དོན་ལུ་ ན་གཞོན་ ཚུ་གིས་ ཐོ་བཀོད་འབད་དགོ་ པའི་ཁར་ སྡེ་ཚན་ཁག་གསུམ་ ནང་ དྲི་བ་དོན་ཚན་ཁག་ གསུམ་ཡོད་མི་ཚུ་ལུ་ བསམ་ འཆར་དང་ལན་ཚུ་ རྐྱབ་དགོ་ ནི་ཨིན་པའི་ཁར་ གཞན་གྱིས་ བྲིས་ཡོད་མི་ལུ་ བསམ་འཆར་ ཚུ་ཡང་ བཀོད་ཆོག་ནི་ཨིནམ་ ད་ དེ་དང་འཁྲིལ་བའི་ ངོས་ ལེན་ལུ་ ཏིག་ཅུང་མཐོ་ཤོས་ ཐོབ་མི་གསུམ་ལུ་ དངུལ་ཀྲམ་ ༥༠,༠༠༠ རེ་ ཐོབ་ནི་ཨིན་ པས། སྐུ་ཚབ་ཡིག་ཚང་གི་ འགོ་ དཔོན་ཚུ་གིས་ བཤད་དོ་བཟུམ་ འབད་བ་ཅིན་ རྩེད་རིག་དེ་གི་ སྐོར་ལས་ སྤྱི་ལོ་༢༠༡༢ ལུ་ དབུ་འཛིན་དང་ན་གཞོན་ དེ་ ལས་ ཡུ་ཨེན་ཌི་པི་གི་ འགོ་ དཔོན་ཚུ་གིས་ གོང་འཕེལ་ འགྱོ་མི་དང་བསྟུན་ དཀའ་ངལ་ ཚུ་ རྩེད་རིག་གི་ཐོག་ལས་ སེལ་ཐབས་ལུ་ གྲོས་འཛོམས་ ལས་རིམ་ཅིག་ སྤ་རོ་ལུ་སྦེ་ འགོ་འདྲེན་འཐབ་པའི་ཤུལ་ ལས་ ན་གཞོན་དང་འབྲེལ་བའི་ ལཱ་གཡོག་གི་དཀའ་ངལ་ཡོད་ མི་ཚུ་ རྩེད་རིག་ནང་ མཉམ་ བསྡེབ་འབད་ནི་ གི་སྐོར་ལས་ གྲོས་བསྟུན་ཚུ་ འབད་བའི་ ཤུལ་ལས་ ད་རེས་ཀྱི་ཟླཝ་ནང་ འགོ་བཙུགས་ཡོདཔ་ད་ རྩེདམོ་ དེ་ཡང་ མི་མང་ག་ར་གིས་ རྩེད་ ཆོག་ནི་ཨིན་པའི་གནས་ཚུལ།

Newspapers in English

Newspapers from Bhutan

© PressReader. All rights reserved.