ལྷ་ཁང་དགོན་སྡེ་ཚུ་ནང་ ཆུ་ཤོག་ནང་བཙུགས་ཡོད་པའི་ ཚོགས་རྫས་ཕུལ་མི་ཆོག་ནི།

Bhutan Times - - Adverts -

༉ རྫོང་ཁག་གི་ས་གནས་ མཐའ་ཟུར་ལ་ལུ་ནང་ སྣུམ་ འཁོར་གྱི་ལམ་ཚུ་ ད་ལྟོ་གི་ བར་ན་ཡང་ ལྷོད་མ་ཚུགས་ པར་ ཡོདཔ་ཨིན་རུང་ ས་ གནས་དེ་ཚུ་ནང་ རང་བཞིན་ གནས་སྟངས་ལུ་ གནོད་ ཉེན་ཡོད་པའི་ ཕྱགས་ སྙིགས་ཀྱི་དཀའ་ངལ་ཚུ་ ལ་ཁ་ལས་ཕར་ཡང་ ལྷོད་དེ་ ཡོད་མི་དེ་ རྒྱལ་ཁབ་ཀྱི་ ཚ་ གྱངས་ཆེ་ཤོས་ཅིག་ ཨིན་ པས། དེ་ཡང་ ལ་མཐོ་ས་ལུ་ཡོད་ མི་ གནས་རྩ་ཅན་ལྷ་ཁང་ དང་དགོན་སྡེ་ཚུ་ འཇལ་ བར་འགྱོ་མི་ཚུ་ལུ་བརྟེན་ ཨིནམ་ལས་ ཞབས་ཏོག་ ལྷན་ཁག་གིས་ འདས་པའི་ བདུན་ཕྲག་ནང་ ཕྱགས་ སྙིགས་ཡུན་བརྟན་ གྲོས་ འཛོམས་ཀྱི་ ཞལ་འཛོམས་ འཚོགས་པའི་སྐབས་ ཆུ་ ཤོག་ནང་བཙུགས་ཡོད་པའི་ ཚོགས་རྫས་ཀྱི་རིགས་ཚུ་ ཕུལ་མ་ཆོགཔ་བཟོ་ནི་གི་ གྲོས་འཆམ་བྱུང་ཡི། གྲོས་འཛོམས་དེ་གི་སྐབས་ ལུ་ ཀཱི་ལཱིན་བཱུ་ཊན་ཟེར་ མི་ སྒེར་གྱི་ལས་སྡེ་གི་ཇོ་ བདག་གམ་ བཀོད་ཁྱབ་ འགོ་དཔོན་ དངོས་གྲུབ་ཚེ་ རིང་གིས་ རྒྱལ་ཁབ་ནང་ ཆུ་ཤོག་ལུ་བརྟེན་ ཕྱགས་ སྙིགས་ཀྱི་དཀའ་ངལ་ ག་དེ་ སྦེ་ར་ ཡོདཔ་ཨིན་ནའི་སྐོར་ ལས་ གསལ་བཤད་འབད་ བའི་སྐབས་ ལ་ཁར་ཡོད་ མི་ དགོན་པ་དང་ལྷ་ཁང་ཚུ་ ནང་ལྷོད་མི་ ཆུ་ཤོག་ཚུ་ དེ་ ཁར་སྡོད་མི་ཚུ་གིས་ ག་ཅི་ འབདན་ན་ མ་ཤེསཔ་ལས་ ག་ལྷོད་བཀོག་བཞག་ནི་དེ་ གིས་ རང་བཞིན་གནས་ སྟངས་ལུ་ གནོད་དེ་འདུག་ ཟེར་བཤད་ཅི། དངོས་གྲུབ་ཚེ་རིང་གིས་ འདས་པའི་ཟླཝ་ནང་ སྤང་ རི་ཟམ་པ་ལུ་ ལོ་བསྟར་ གནང་སྲོལ་ཡོད་མི་ རིམ་ གྲོ་ཉིན་གྲངས་༩ འབད་མི་ ཅིག་ གནང་པའི་སྐབས་ མི་ཚུ་གིས་ དད་པའི་ཐོག་ ལས་ འབྲུ་སྣ་དགུ་ ཕུལ་ མི་ཚུ་གིས་ ཚོང་ཁང་ཚུ་ནང་ ལས་ སྒམ་སྦེ་ཉོ་འབག་མི་ ལུ་བརྟེན་ ཧ་ལམ་ཅིག་ལས་ འབྲུ་སྣ་ཚུ་ ལྷ་ཁང་ནང་ བཞག་ས་མེད་པའི་ དཀའ་ ངལ་ཐོན་པའི་ཁར་ རིམ་གྲོ་ མཇུག་བའི་ཤུལ་ལས་ཡང་ འབྲུ་སྣ་ཚུ་ མེ་བཏང་མ་ ཚརཝ་ལས་ ཉེ་འདབས་ལུ་ ཡོད་མི་ རོང་ཆུ་ནང་ བཀོག་ བཏང་ས་ མཐོང་ཡི་ཟེར་ ཨིན་པས། དེ་མ་ཚད་ ཁོ་གིས་ ཐིམ་ ཕུག་ཚེས་བཅུ་གི་དོན་ ལུ་ ཁྲོམ་སྡེ་གིས་ ཁྲོམ་ ལམ་བདའ་སྟེ་ ཚོང་ཁང་ ཚུ་བཙུགས་བཅུག་མི་དེ་ གིས་ ཁྲོམ་སྡེ་གིས་ཁྲལ་ ལེན་མི་དེ་གིས་ འོང་འབབ་ དངུལ་ཀྲམ་ས་ཡ་སྦེ་ བཟོ་ ཡོདཔ་ཨིན་རུང་ ཚེས་བཅུ་ འཇུག་བསྡུ་བའི་ཤུལ་ལས་ ཁྲོམ་ལམ་ཚུ་ བལྟ་བཏུབ་ རང་མེདཔ་ བཟོ་ས་མཐོང་ ཡི་ཟེར་ཨིནམ་ད་ ཁོ་གིས་ དཀའ་ངལ་དེ་ཚུ་ ག་དེ་སྦེ་ ར་ ཡོདཔ་ཨིན་ན་ ཧ་གོ་ནི་ གི་དོན་ལུ་ འགོ་བཙུགསཔ་ ད་དང་ མཇུག་བསྡུཝ་ད་ ཚར་ཅིག་ ས་ཁོངས་ཚུ་ནང་ བལྟ་བར་འགྱོ་ནི་ཡོད་ཟེར་ ཨིན་པས། དེ་འབདཝ་ལས་ ཕྱགས་ སྙིགས་ཀྱི་དཀའ་ངལ་ ལྷན་ ཐབས་འབད་ཐབས་ལུ་ ཚོང་ཁང་ཚུ་ནང་ སྒམ་ནང་ བཙུགས་ཡོད་མི་ ཚོགས་ རྫས་ཚུ་མེན་པར་ རང་གིས་ ཁྱིམ་ནང་ལས་བཟོ་མི་ཚུ་ ཕུལ་ནི་ལུ་ གཙོ་རིམ་བཏོན་ དགོཔ་འདུག་ཟེར་ ཁོ་གིས་ བཤད་ཡོདཔ་ད་ དེ་ཚུ་ཨ་ རྟག་ར་ འབད་དགོ་པ་ཅིན་ མི་གི་མནོ་ལུགས་ར་ བསྒྱུར་ བཅོས་ འབད་དགོ་པས་ཟེར་ ཨིན་པས། དེ་བཟུམ་སྦེ་ བསམ་གྲུབ་ ལྗོངས་མཁར་ལུ་ཡོད་མི་ བྱམས་གཡང་མཁྱེད་རྩེ་རིན་ པོ་ཆེ་གི་ལས་འགུལ་གྱི་ བཀོད་ཁྱབ་འགོ་དཔོན་ ཚེ་ དབང་དོན་གྲུབ་ཀྱིས་ འབྲུག་ པའི་ལམ་སྲོལ་ནང་ དང་ ཕུག་ལས་ར་ ཤོབ་འདབ་ཚུ་ ལག་ལེན་འཐབ་པའི་སྲོལ་ ཡོདཔ་ལས་ ལས་འགུལ་ གྱིས་ བསམ་གྲུབ་ལྗོངས་ མཁར་ལུང་གཤོང་ནང་ ཆུ་ ཤོག་མེན་པར་ ལམ་ལུགས་ དེ་ལུ་ སེམས་ཤུགས་བསྐྱེད་ ཐབས་ལུ་ གྲོང་གསེབ་ཚུ་ ནང་ གཙོ་རིམ་བཟུང་དོ་ཟེར་ ཨིན་པས། ཉིན་གྲངས་གཉིས་ཀྱི་གྲོས་ འཛོམས་སྐབས་ལུ་ རྫོང་ ཁག་ཚུ་ནང་ལས་ རང་ བཞིན་གནས་སྟངས་ འགོ་ དཔོན་དང་ ཐིམ་ཕུག་ནང་ འཁོད་ལས་ སྒེར་གྱི་ཕྱགས་ སྙིགས་འཛིན་སྐྱོང་གི་ ལས་ འགུལ་འགོ་བཙུགས་ཡོད་ མི་ ལས་སྡེ་དང་ སློབ་གྲྭ་ ཁག་ཚུ་གི་ འགོ་འཛིན་ཚུ་ གིས་ ཕྱགས་སྙིགས་དང་ འབྲེལ་བའི་ གནས་སྟངས་ དང་ འཛིན་སྐྱོང་ཚུ་ ཁོང་ གིས་ ག་དེ་སྦེ་ར་ འབད་ དོ་གའི་སྐོར་ལས་ གསལ་ བཤད་འབད་ཡོད་ཡི། བཅའ་མར་གཏོགས་མི་ ཚུ་གིས་ རྒྱལ་ཡོངས་ཀྱི་ དཔལ་འབྱོར་འོང་འབབ་ མཐོ་ཤོས་བཟོ་མི་ ལྟ་ བཤལ་ལས་སྡེ་ཨིནམ་ལས་ རང་བཞིན་གནས་སྟངས་ ལུ་ མཐོ་ཕོག་པ་ཅིན་ རྒྱལ་ ཁབ་ཀྱི་འོང་འབབ་ལུ་ ཉེན་ ཁ་འོང་ནི་ཨིན་པའི་ ཚ་གྱང་ ཡོད་ལུགས་ཚུ་བཤད་ཅི། གྲོས་འཛོམས་དེ་ནང་ གསལ་བཤད་ནང་ བཅའ་ མར་གཏོགས་མི་ འཇིགས་ མེད་བློ་གསལ་ སློབ་གྲྭ་ཆུང་ བའི་དབུ་འཛིན་གྱིས་ རྫོང་ ཁག་གཞན་ཚུ་ནང་ ཕྱགས་ སྙིགས་འཛིན་སྐྱོང་གི་སྐོར་ ལས་ གསལ་བཤད་འབད་ ནི་དང་ སྒེར་གྱི་སྔོ་ལྗང་ཟེར་ མི་ ལས་སྡེ་གི་ཇོ་བདག་ ཀརྨ་ ཡོན་ཏན་གྱིས་ རྒྱལ་ སྤྱི་རྒྱལ་ཁབ་ནང་ གསལ་ བཤད་འབད་ནི་གི་དོན་ལུ་ ཞབས་ཏོག་ལྷན་ཁག་གིས་ ཟད་འགྲོ་ཚུ་གཏང་ནི་གི་ ཁས་བླངས་འབད་ཡོད་པའི་ གནས་ཚུལ།

Newspapers in English

Newspapers from Bhutan

© PressReader. All rights reserved.