ཆུ་ཁ་རྫོང་ཁག་ལུ་ ཚད་ནད་མར་ཕབ།

Bhutan Times - - Adverts -

འདས་པའི་ ལོ་ལྔ་གི་ནང་ འཁོད་ལུ་ ཆུ་ཁ་རྫོང་ཁག་ ནང་ ཚད་ནད་ཀྱི་གྱངས་ ཁ་འདི་ རྒྱ་ཆེ་དྲག་སྦེ་རང་ མར་བབས་སོང་ཡོདཔ་ད་ འདི་ཡང་ སྤྱི་ལོ་༢༠༠༩ ལུ་ ཚད་ནད་ཐོབ་མི་༥༨ འཐོན་ ཡོདཔ་ད་ དུས་ཅི་ལོ་གི་ སྤྱི་ ཟླ་༨ པ་ཚུན་ ཚད་ནད་ཐོབ་ མི་ ཕུ་དོ་གཅིག་ཡང་ མ་ འཐོནམ་ཨིན་པས། འདི་ཡང་ འདས་པའི་ལོ་ བཅུ་ཕྲག་གི་ཧེ་མ་འབད་བ་ ཅིན་ རྫོང་ཁག་འདི་ནང་ལུ་ ཚད་ནད་ཐོབ་མི་ མི་འདི་ ༢༠༠ ལྷགཔ་ཅིག་ ཐོ་ བཀོད་འབད་ཡོད་པའི་ཁར་ ནད་འདི་ལས་བརྟེན་ ཤི་ རྐྱེན་ན་འབྱུང་ཡོད་པའི་ ཐོ་ བཀོད་ཚུ་ཡང་ཡོདཔ་ཨིན་ པས། འདི་གི་ཤུལ་ལས་ སྤྱི་ལོ་ ༢༠༡༠ ལུ་འབད་ བ་ཅིན་ ཚད་ནད་ཐོབ་མི་གི་གྱངས་ ཁ་འདི་༡༧ ལུ་ མར་ བབས་སོང་ཡོདཔ་ད་ སྤྱི་ལོ་ ༢༠༠༩ ལུ་འབད་བ་ཅིན་ མི་༥༨ ལུ་ ཚད་ནད་ཐོབ་ ཡོདཔ་ཨིན་པས། ན་ཧིང་གི་ལོ་ན་འབད་བ་ ཅིན་ མི་གཅིག་ལུ་རྐྱངམ་ ཅིག་ ཚད་ནད་ཐོབ་ཡོདཔ་ སྦེ་ སྙན་ཞུ་འབད་དེ་ཡོདཔ་ ཨིན་པས། ཕུན་ཚོགས་གླིང་ལུ་ཡོད་ པའི་ དྲུང་ཁག་གསོ་བའི་ འགོ་དཔོན་གྱིས་སླབ་མི་ ནང་ དེ་སྦེ་གྱངས་ཁ་ མར་ བབས་འགྱོ་མི་འདི་ཡང་ གསོ་བའི་འགོ་དཔོན་ཚུ་ གིས་ ཚད་ནད་བཀག་ ཐབས་ཀྱི་དོན་ལས་ གོ་ བ་བརྡ་སྤྲོད་འདི་ཚུ་ རྒྱ་ཆེ་ དྲག་སྦེ་རང་ འབད་མི་ལས་ བརྟེན་ ཨིནམ་སྦེ་བཤད་ ཡོདཔ་ཨིན་པས། འདི་ལས་བརྟེན་ མི་ཚུ་ གིས་ ཚད་ནད་ཀྱི་སྐོར་དང་ འདི་བཀག་ཐབས་ཀྱི་ས་ སྐོར་ལས་ ལེགས་ཤོམ་སྦེ་ ཧ་གོ་ཚུགས་ཏེ་འདུག་ཟེར་ ཨིན་པས། སྤྱི་ལོ་༢༠༡༠ དང་ ༢༠༡༡ ལུ་ རྫོང་ཁག་འདི་ནང་གི་ ཚད་ནད་ཤུགས་ཆེ་བའི་ རྫོ་ ཁག་བཞི་གི་ནང་ལུ་ ཡུན་ བརྟན་ཐུབ་པའི་ སྨན་སྦྱོར་ གྱི་སི་རི་ སྟོང་ཕྲག་༢༤ ལྷགཔ་ཅིག་ བཀྲམ་སྤེལ་ འབད་ཡོདཔ་ཨིན་པས། འདི་གི་ཡང་མ་ཚད་པར་ ཁྲོམ་སྡེ་གི་ཧོང་ལས་ ཕྱགས་སྙིགས་འདི་ཚུ་ དུས་ཚོད་ཁར་ བསྡུ་ལེན་ འབད་དེ་ གཟའ་དོམ་ཚུ་ འཁྱམས་ས་མེདཔ་ བཟོ་ མི་འདི་གི་ཡང་ ཕན་ཐོག་ འབྱུང་ཡི་ཟེར་ཨིན་པས། ཨིན་རུང་ གསོ་བའི་འགོ་ དཔོན་ཚུ་གིས་སླབ་མི་ནང་ ཚད་ནད་འདི་ མར་ཕབ་ འབད་ཚུགས་ཏེ་འབད་རུང་ འདི་ ཁྱབ་སྤེལ་འབད་ནི་ ལས་ བཀག་ཐབས་འབད་ ནི་འདི་ གདོང་ལེན་ཅན་ ཅིག་སྦེ་རང་ ཡོད་ཟེར་ཨིན་ པས། སི་རི་འདི་ ཕན་ཐོག་སྦོམ་ རང་ཡོདཔ་སྦེ་ མཐོང་པའི་ ཤུལ་ལས་ ས་ཁོངས་འདི་ ཚུ་ནང་ལུ་ ད་རུང་རང་ སི་ རི་འདི་ཚུ་ བཀྲམ་སྤེལ་ འབད་ནི་གི་ འཆར་གཞི་ ཚུ་ཡོདཔ་ཨིན་པའ་གནས་ ཚུལ།

Newspapers in English

Newspapers from Bhutan

© PressReader. All rights reserved.