འབྲུག་ཚོང་ལས་ཐོ་བཀོད་དཔྱད་ཡིག་ ཚོང་སྡེའི་བཅའ་ཁྲིམས་ དང་གཅིག་ཁར་ འགབ་དགོ་པའི་ཞུ་བ།

Bhutan Times - - Home -

༉ སྤྱི་ཚོགས་གཉིས་པའི་ ཚོགས་ཐེངས་༤ པའི་ ཚོགས་འཛོམས་ཉིནམ་ དང་པའི་ནང་ རྒྱལ་ཡོངས་ ཚོགས་འདུའི་ འཐུས་མི་ཚུ་ གིས་ དཔྱད་ཡིག་གསརཔ་ སྦེ་ གྲོས་བསྟུན་དོན་ལུ་ བཙུགས་ནི་ཨིན་མི་ འབྲུག་ ཚོང་ལས་ཐོ་བཀོད་དཔྱད་ ཡིག་༢༠༡༤ ཅན་མ་དེ་ ལོགས་སུ་སྦེ་ བཟོ་དགོཔ་ མེད་པའི་སྐོར་ལས་ གྲོས་ བསྡུར་བྱུང་ཡི། བར་དོ་ཀྲོང་གི་འཐུས་ མི་ ལས་སྐྱིད་རྡོ་རྗེ་གིས་ ཚོགས་ཁང་ནང་ ཞུ་དོ་ བཟུམ་འབད་བ་ཅིན་ རྒྱལ་ ཁབ་ནང་ བཅའ་ཁྲིམས་ མང་དྲག་ནི་དེ་གིས་ ད་ ལྟོའི་དཔྱད་ཡིག་གསརཔ་ དེ་ ཚོང་སྡེའི་བཅའ་ཁྲིམས་ དང་གཅིག་ཁར་ འགབ་པ་ ཅིན་ མི་དྲག་ག་ཟེར་བའི་ བསམ་འཆར་ཞུ་ཡི། ཁམས་དྭངས་རབ་འཇར་ གྱི་འཐུས་མི་ བསོད་ནམས་ དོན་གྲུབ་རྡོ་རྗེ་གིས་ དཔྱད་ ཡིག་འགོ་འདྲེན་འཐབ་མི་ ཚོགས་ཆུང་གིས་ དཔྱད་ ཡིག་གི་འདྲ་ཐོབ་སྟེ་ ཉིན་ གྲངས་དག་པ་ཅིག་ལས་ མ་འགྱོ་བའི་ཁར་ དཔྱད་ ཡིག་བལྟ་ནི་གི་ དུས་ཚོད་ ཡང་ཐོབ་མ་ཚུགསཔ་ལས་ ད་ལྟོ་ དཔྱད་ཡིག་ལུ་རྒྱབ་ སྐྱོར་ཡོད་དང་མེད་ཀྱི་སྐོར་ ལས་ ག་ནི་ཡང་ ཞུ་མི་ ཚུགས་ཟེར་ཚོགས་ཁང་ ལུ་ ཞུ་ཡོདཔ་ད་ ཁོ་གིས་ དཔྱད་ཡིག་དེ་ འབྲེལ་ཡོད་ ལྷན་ཁག་དང་ དབང་འཛིན་ ཚུ་དང་གཅིག་ཁར་ གྲོས་ བསྟུད་འབད་དགོཔ་ འོང་ ཟེར་ཞུ་ཡི། ཝམ་རོང་གི་འཐུས་མི་ ཀརྨ་ བསྟན་འཛིན་གྱིས་ གཞལམ་སྒང་གི་འཐུས་ མི་གིས་ ཞུ་དོ་བཟུམ་སྦེ་ དཔྱད་ཡིག་དེ་ ཚོང་སྡེའི་ བཅའ་ཁྲིམས་ནང་ འགབ་ པ་ཅིན་ བཏུབ་ནི་མས་ཟེར་ ཞུ་ཡི། ཨིན་རུང་ བསམ་རྩེ་བཀྲ་ ཤིས་ཆོས་གླིང་གི་འཐུས་ མི་ རི་ཏུ་རཱཇ་ ཆེ་ཏི་རི་ གིས་ཞུ་དོ་བཟུམ་འབད་བ་ ཅིན་ ཁྲིམས་ཀྱི་གོ་དོན་ ངོ་མ་ ཧ་གོ་ཚུགས་མི་དེ་ ཁྲིམས་ཁང་ནང་ ལཱ་འབད་ མི་ཚུ་རྐྱངམ་ཅིག་ འོང་ནི་ ཨིནམ་ལས་ བཅའ་ཁྲིམས་ ཅིག་ནང་ ཁྲིམས་མངམ་ སྦེ་ འགབ་བཞག་པ་ཅིན་ དཀའ་ངལ་ཐོན་དོ་འོང་ཟེར་ ཞུ་ཡི། གནད་དོན་དེ་གི་སྐོར་ལས་ ངོ་སྤྲོད་ཕུལ་མི་ བསྟན་ རྒྱས་བློན་པོ་ ནོར་བུ་དབང་ ཕྱུག་གིས་ གསུངས་ དོ་བཟུམ་འབད་བ་ཅིན་ འཐུས་མི་ཚུ་གིས་ ཞུ་དོ་ བཟུམ་སྦེ་ དཔྱད་ཡིག་དེ་ ལུ་ གྲོས་བསྟུན་འབད་བའི་ སྐབས་ འབྲེལ་ཡོད་དབང་ འཛིན་ཚུ་དང་གཅིག་ཁར་ གྲོས་བསྟུན་འབད་ཡོད་རུང་ དཔྱད་ཡིག་དེ་གཉིས་ཀྱི་ བར་ན་ མ་རྩ་དང་ཚོང་རྐྱབ་ ཐངས་ དེ་ལས་ ཚོང་གི་ ཁྱད་པར་ལས་འབད་རུང་ ཁྱད་པར་སྦོམ་ཡོདཔ་ལས་ ཁྲིམས་གཅིག་ཁར་ བཞག་ ཐབས་མ་མཐོང་ཟེར་ཞུ་ཡི། བློན་པོ་གིས་ རྒྱལ་ཁབ་ ནང་ གོང་འཕེལ་འགྱོ་དགོ་ པ་ཅིན་ དཔལ་འབྱོར་ཁག་ ཆེཝ་ལས་ ཚོང་ལས་རྐྱབ་ མི་ཚུ་གི་དོན་ལུ་ བཅའ་ ཁྲིམས་དེ་བཟོ་ནི་གི་དོན་ ལུ་ ཚོགས་ཁང་གིས་ རྒྱབ་ སྐྱོར་འབད་གནང་ཟེར་ཞུ་ ཡོདཔ་ད་ བཅའ་ཁྲིམས་ དེ་གིས་ ཁྲིམས་དོན་གྱི་ གོ་སྐབས་བྱིན་ཚུགས་པའི་ ཁར་ མ་འོང་པའི་དོན་ལུ་ ཡང་ ལྷན་ཐབས་སྦོམ་ འབད་ཚུགས་ནི་མས་ཟེར་ ཞུ་ཡི། བསྟན་རྒྱས་བློན་པོ་གིས་ ད་ ཚུན་ ལྷན་ཁག་གིས་ ཚོང་ གི་ཆོག་ཐམ་༤༢, ༠༠༠ བྱིན་ཡོད་མི་ལས་ བརྒྱ་ཆ་ ༢ ལུ་རྐྱངམ་ཅིག་ ཁྲིམས་ ཀྱིས་འགབ་སྟེ་ཡོདཔ་ལས་ ལྷག་ལུས་ལུ་ ཁྲིམས་ཀྱི་ གོ་སྐབས་ ག་ནི་ཡང་ མིན་ འདུག་ཟེར་གསུངས་ཡི། ཚོགས་ཁང་གིས་ གསུངས་ གྲོས་དེ་དང་གཅིག་ ཁར་ རྩ་ཁྲིམས་ཅན་གྱི་ གོ་གནས་འཆང་མི་དང་ འཐུས་མི་ལྷན་འཛིན་ཚུའི་ ཐོབ་ཐངས་དང་ ལཱ་གཡོག་ ཆ་རྐྱེན་གྱི་ འཕྲི་སྣོན་དཔྱད་ ཡིག་༢༠༡༤ ཅན་མ་གུ་ གསུང་གྲོས་གནང་པའི་ སྐབས་ དངུལ་རྩིས་བློན་ པོ་ རྣམ་རྒྱལ་རྡོ་རྗེ་གིས་ ཧེ་མའི་བཅའ་ཁྲིམས་དང་ འཁྲིལཝ་ད་ ཡིག་ཚང་དེ་ཚུ་ ནང་ གོ་གནས་འཆང་མི་ཚུ་ གནས་ཡུན་ལོ་ངོ་༥ ཚང་ པའི་ཤུལ་ལས་དགོངས་ཞུ་ དགོ་ནི་དེ་གིས་ ལ་ལུ་ ལོ་ ཚད་ཆུང་ཀུ་བསྒང་ལས་ དགོངས་ཞུ་འབད་དེ་ སྡོད་ དགོཔ་ཐོན་ཏེ་འདུག་ཟེར་ ཞུ་ཡི། དེ་གིས་ ཞི་གཡོགཔ་ནང་ ལུ་ ལྕོགས་གྲུབ་ཅན་གྱི་ ལཱ་འབད་མི་ཚུ་མེད་པའི་ དཀའ་ངལ་ཐོན་འོང་ཟེར་ ཞུ་ཡོདཔ་ད་ དཔྱད་ཡིག་ ངོ་སྤྲོད་འབད་བའི་སྐབས་ བློན་པོ་གིས་ ལྷན་འཛིན་གྱི་ གོ་གནས་ནང་ མང་ཤོས་ར་ ཞི་གཡོགཔ་ བཀོད་ཁྱབ་ སྡེ་རིམ་ནང་ལས་ འོང་ནི་ ཡོད་ཟེར་ གསུངས་ཡི། གནད་དོན་དེ་ལུ་ འཐུས་མི་ ལ་ལུ་གིས་ རྩ་ཁྲིམས་ཅན་ གྱི་གོ་གནས་འཆང་མི་ཚུ་ གིས་ གནས་ཡུན་ཚང་པའི་ ཤུལ་ལས་ ཞི་གཡོགཔ་ ནང་ ལོག་ཕྱག་ཞུ་ནི་ གི་ གོ་སྐབས་བྱིན་དགོཔ་ འདུག་ཟེར་ ཞུ་མི་ཡང་ཐོན་ ཡོདཔ་ད་ འཐུས་མི་ལ་ ལུ་གིས་ གོ་གནས་དེ་ཚུ་ གི་དོན་ལུ་ ཞི་གཡོགཔ་ དགོངས་ཞུ་འབད་རན་ མི་ཚུ་ལུ་ གོ་སྐབས་བྱིན་ དགོཔ་འདུག་ཟེར་ཞུ་ཡི། དཔྱད་ཡིག་དེ་ ད་རེས་ ཀྱི་ཚོགས་ཐེངས་ནང་ར་ གསུངས་གྲོས་གནང་ནི་སྦེ་ གྲོས་ཐག་བཅད་ཡོད་པའི་ གནས་ཚུལ།

Newspapers in English

Newspapers from Bhutan

© PressReader. All rights reserved.