སྤྱི་ལོ་༢༠༢༠ ལུ་ གློག་ཤུགས་མེ་ག་ཝཊ༡༠,༠༠༠ བཟོ་སྐྲུན་ འབད་མི་ཚུགས་ནི།

Bhutan Times - - Adverts 07 - www.bhutan­times.bt

༉ བསྟན་རྒྱས་བློན་པོ་ ནོར་ བུ་དབང་ཕྱུག་གིས་༢༠༠༦ ལུ་ གཞུང་གིས་ རྒྱ་གཞུང་ དང་གཅིག་ཁར་ གློག་མེ་ མེ་ག་ཝཊ་༥༠༠༠ ཐོན་ ཚུགསཔ་བཟོ་ནིའི་དོན་ལུ་ རྒྱ་གཞུང་དང་གཅིག་ཁར་ གྲོས་བསྟུན་འབད་དེ་ རྒྱ་གར་ ལུ་བཙོང་ནི་གི་ གན་ཡིག་ བཟོ་ཡོདཔ་ཨིན་རུང་ ལོ་ གཉིས་ཀྱི་ཤུལ་ལས་༢༠༠༨ ཀྱི་ཤུལ་ལས་ སྲིད་བློན་ མཱན་ མོ་ཧན་སིང་གི་རྒྱལ་ཁབ་ནང་ གཟིགས་སྐོར་གནང་པའི་ ཤུལ་ལས་ མེ་ག་ཝཊ་གི་ ཤུགས་ཚད་དེ་ སྤྱི་ལོ་༢༠༢༠ ལུ་ མེ་ག་ཝཊ་༡༠,༠༠༠ ཐོན་ཤུགས་འབད་ནི་གི་ གན་ ཡིག་བཟོ་ཡོདཔ་ཨིན་རུང་ སྤྱི་ལོ་དེ་ནང་ གློག་ཤུགས་དེ་ ཐོན་མི་ཚུགས་ནི་མས་ཟེར་ གསུངས་ཡི།ར་ བློན་པོ་གིས་ དམིགས་གཏད་ དེ་ གྲུབ་མི་ཚུགས་ནི་ཨིན་མི་ དེ་ཡང་ ད་ལྟོ་བཟོ་སྐྲུན་འབད་ བའི་བསྒང་ཡོད་མི་ གློག་ ཤུགས་མེ་ག་ཝཊ་༡༢༠༠ འབད་མི་ སྤུ་ན་གཙང་ཆུ་དང་ པ་དང་ མེ་ག་ཝཊ་༡༠༢༠ སྤུ་ན་གཙང་ཆུ་གཉིས་པ་ ཤུགས་ཚད་མེ་ག་ཝཊ་༧༢༠ འབད་མི་ མང་སྡེ་ཆུ་ཚུ་ སྤྱི་ ལོ་༢༠༡༨ དང་༢༠༡༩ དེ་ ཅིག་ནང་ བཟོ་སྐྲུན་འབད་ ཚར་དགོཔ་ལས་ དེ་ཚུ་གིས་ དམིགས་གཏད་ཀྱིས་ བརྒྱ་ ཆ་༡༠ དེ་ཅིག་ ཐོན་ཚུགས་ནི་ ཨིན་མས་ཟེར་གསུངས་ཡི། གློག་ཤུགས་མེ་ག་ཝཊ་ ༡༠,༠༠༠ གྱི་ དམིགས་ གཏད་གྲུབ་དགོ་པ་ཅིན་ ད་ ལྟོ་ཡོད་མི་ ལས་འགུལ་ཚུ་ མ་བརྩི་བར་ འདས་པའི་ལོ་ ༤ དེ་ཅིག་གི་ཧེ་མ་ལས་ གློག་མེ་ལས་འགུལ་༤ དེ་ ཅིག་ འགོ་བཙུགས་ཏེ་ཡོདན་ མ་གཏོགས་ ལས་འགུལ་ ཅིག་ བཟོ་སྐྲུན་འབད་ཚར་ནི་ ལུ་ ཉུང་ཤོས་དུས་ཡུན་ལོ་ངོ་ ༧ དང་༡༠ དེ་ཅིག་ འགོར་དོ་ ཡོདཔ་ལས་ གྲུབ་མི་ཚུགས་ ནི་མས་ཟེར་གསུངས་ཡི། ད་ལྟོ་ཡོད་མི་ ལས་འགུལ་ ཚུ་གི་ གནས་སྟངས་ལུ་ བལྟ་བ་ཅིན་ ཤུགས་ཚད་མེ་ ག་ཝཊ༡༠,༠༠༠ དེ་ གྲུབ་ མི་ཚུགས་ནི་ གཏན་འཁེལ་ ཨིནམ་ལས་ དམིགས་ གཏད་དེ་ གྲུབ་ཚུགས་ནི་ ལུ་ ག་ཅི་དགོ་ག་ བལྟ་དགོ་ པས་ཟེར་ཨིནམ་ད་ འཕྲལ་ ཁམས་ཅིག་ཁར་ རྒྱ་གར་ གྱི་རྒྱལ་ས་ ནཱིའུ་དེལ་ལི་ ལུ་སྦེ་ འབྲུག་དང་རྒྱ་གར་ གྱི་ གློག་མེ་ལས་འགུལ་གྱི་ འཐུས་མི་འགོ་དཔོན་ཚུ་གི་ གྲོས་འཛོམས་འཚོགས་པའི་ སྐབས་ གནད་དོན་དེ་གི་སྐོར་ ལས་ གྲོས་བསྡུར་བྱུང་ཡི་ ཟེར་ བསྟན་རྒྱས་བློན་པོ་གིས་ གསུངས་ཡི། བློན་པོ་གིས་ མཉམ་འབྲེལ་ གྲོས་འཛོམས་སྐབས་ རྒྱ་ འབྲུག་གི་འཐུས་མི་ཚུ་གིས་ མེ་ག་ཝཊ་༡༠༠༠༠ སྒྲུབ་ ནི་ལུ་ ཁས་བླངས་ཡོད་རུང་ སྤྱི་ལོ་༢༠༢༠ ནང་འཁོད་ ལུ་ སྒྲུབ་མི་ཚུགས་ནི་ཨིན་ པའི་སྐོར་ལས་ ལོ་རྒྱུས་ཐོན་ ཡོདཔ་ལས་ ལས་འགུལ་གྱི་ གནས་སྟངས་ཚུ་ལུ་ བལྟ་ ཞིབ་འབད་དེ་ དམིགས་ གཏད་གསརཔ་ཚུ་ལོག་སྟེ་ བཟོ་དགོཔ་འོང་ཟེར་གསུངས་ ཡི། ཨིན་རུང་ རྒྱ་གར་གྱི་བློན་ ཆེན་ ན་རཱེན་ད་ར་ མོ་དི་ གིས་གཟིགས་སྐོར་སྐབས་ ཡང་ ཁོང་གི་ཁས་བླངས་དེ་ ལུ་ གཙོ་རིམ་ཡོད་ལུགས་ བཤད་ཡོདཔ་ལས་ རྒྱ་གཞུང་ དང་གཅིག་ཁར་ གྲོས་བསྟུན་ འབད་ནི་གི་དོན་ལུ་ ལྷན་ ཁག་གིས་ གཞུང་ལུ་ག་དེ་ སྦེ་ འབད་ནི་ཨིན་ནའི་སྐོར་ ལས་ བལྟ་དགོ་དོ་ཡོདཔ་ ཨིན་པས། ལས་འགུལ་གསརཔ་ཚུ་ ལུ་ བསྐྱར་ཞིབ་འབད་མི་ དང་འཁྲིལ་ དམིགས་གཏད་ གསརཔ་དང་ ཡང་ཅིན་ ལས་འགུལ་གསརཔ་དང་ དམིགས་གཏད་གསརཔ་ ཚུ་ འཚོལ་དགོཔ་འོང་ཟེར་ གསུངས་ཡི། བློན་ཆེན་ཚེ་རིང་སྟོབས་རྒྱས་ ཀྱིས་ གློག་མེ་ལས་འགུལ་ དེ་ གཞུང་དང་རྒྱ་གར་གྱི་ བར་ན་ མཐུན་ལམ་བཟོ་ བའི་གཞི་ཅིག་ ཨིནམ་ལས་ གན་ཡིག་དེ་ཡང་ གལ་ཆེཝ་ ལས་ རྒྱ་གཞུང་གིས་ ཁས་ བླངས་འབད་ཡོད་མི་དེ་ སྒྲུབ་ ཚུགས་པའི་ཁར་ མེ་ག་ ཝཊ༡༠,༠༠༠ བཟོ་བསྐྲུན་ འབད་ནི་དེ་ གྲུབ་ཚུགས་ རང་ཚུགས་ཟེར་ཨིན་རུང་ རྒྱ་འབྲུག་གཉིས་ཀྱི་བར་ན་ ཁས་བླངས་འབད་ཡོད་མི་ ལུ་ ཐོ་མ་ཕོགསཔ་སྦེ་ ག་ དེ་འབད་ཚུགས་ཚུགསཔ་ འབད་དགོ་ཟེར་གསུངས་ཡི། གཞུང་གིས་ གློག་ཤུགས་མེ་ ག་ཝཊ༡༢༠ འབད་མི་ དར་ དཀར་ཆུ་ གློག་ཤུགས་མེ་ག་ ཝཊ་༡༡༨ འབད་མི་ ནི་ཀ་ ཆུ་དང་ གློག་ཤུགས་མེ་ག་ ཝཊ་༡༢༠༠ འབད་མི་ རོཏ་ པ་ཤོང་དང་ ཉེ་རི་ཨམ་རི་དང་ གཞན་ལས་འགུལ་ཚུ་ལུ་ ཡང་ གཞུང་གིས་ བལྟ་ཞིབ་ ཚུ་འབད་བའི་བསྒང་ཡོད་ཟེར་ གསུངས་ཡི། དེ་དང་གཅིག་ཁར་ བློན་ཆེན་ གྱིས་ གཞུང་གིས་རྒྱ་གཞུང་ དང་གཅིག་ཁར་ གྲོས་བསྟུན་ འབད་དེ་ ཧེ་མའི་གན་ཡིག་ གི་ དོན་ཚན་ཚུ་ལུ་ བསྒྱུར་ བཅོས་མ་འབད་ཚུན་ མེ་ག་ ཝཊ་༡༠,༠༠༠ བཟོ་སྐྲུན་ འབད་ནི་གི་ ཁས་བླངས་ཡོད་ མི་དེ་ ཆ་མེད་མ་བཏང་པར་ ཡོད་ཟེར་ བློན་ཆེན་གྱིས་ གསུངས་ཡོད་པའི་གནས་ ཚུལ།

Newspapers in English

Newspapers from Bhutan

© PressReader. All rights reserved.