ད་ལས་ཕར་ རྫོང་ཁག་རེ་ནང་ ཁྲོམ་ སྡེ་རེ་ འོང་ནི་ཨིན་པས།

Bhutan Times - - Adverts -

༉ སྤྱི་ཟླ་༡༢ པའི་ ཚེས་༤ ལུ་ རྒྱལ་ ཡོངས་ཚོགས་འདུ་དང་ཚོགས་སྡེ་གི་ ཚོགས་ཁང་ལྷན་བཞུགས་སྐབས་ ས་གནས་ གཞུང་གི་བཅའ་ཁྲིམས་ འཕྲི་སྣོན་འབད་མི་ དེ་ ཆ་འཇོག་འབད་མི་ལུ་བརྟེན་ ད་ལས་ཕར་ རྫོང་ཁག་༢༠ ནང་ ཁྲོམ་སྡེ་རེ་ འོང་དགོ་ ནི་ཨིན་པའི་ཁར་ ཁྲོམ་དཔོན་རེ་བསྐོ་བཞག་ འབད་དགོ་ནི་ཨིན་པས།

དེ་མ་ཚད་ བཅའ་འཁྲིམས་འཕྲི་སྣོན་ འབད་མི་དེ་ལུ་ རྒྱབ་སྐྱོར་འབད་མི་དེ་ཡང་ ཚོགས་ཁང་ནང་ འཐུས་མི་བསྡོམས་༦༠ ལས་༥༥ གིས་ རྒྱབ་སྐྱོར་འབད་ཡོདཔ་ད་ གཞན་འཐུས་མི་༥ གིས་ རྒྱབ་སྐྱོར་མེདཔ་ ཨིན་རུང་ ག་གིས་ཡང་ འཛེམ་མི་མ་ཐོནམ་ ད་ ད་ལས་ཕར་ ཁྲོམ་དཔོན་༢༠ གི་ཐོག་ ཁར་ ཁྲོམ་སྡེའི་འཐུས་མི་༡༤༠ དང་ ཡན་ ལག་འཐུས་མི་༢༠ གདམ་འཐུ་ འབད་དགོ་ ནི་ཨིན་པས།

ས་གནས་གཞུང་གི་བཅའ་ཁྲིམས་ དང་འཁྲིལཝ་ད་ རྫོང་ཁག་ཁྲོམ་སྡེ་ནང་ རྩ་ ཁྲིམས་ནང་འཁོད་དོ་བཟུམ་སྦེ་ ཁྲོམ་དཔོན་ རྩིས་ཏེ་ འཐུས་མི་ཉུང་ཤོས་བདུན་འོང་དགོ་ ནི་ཨིནམ་ད་ ཡན་ལག་ཁྲོམ་འདི་ འཐུས་མི་ གིས་ངོ་ཚབ་འབད་དགོ་ནི་ཨིན་པས།

བཅའ་ཁྲིམས་དེ་ཡང་ འགོ་དང་པ་རྒྱལ་ ཡོངས་ཚོགས་སྡེ་ནང་ གསུང་གྲོས་གནང་ བའི་ཤུལ་ལས་ རྒྱལ་ཡོངས་ཚོགས་སྡེ་ ནང་ གྲོས་བསྡུར་འབད་བའི་སྐབས་ ཚོགས་ ཁང་གཉིས་ཀྱི་བར་ན་ མོས་མཐུན་བྱུང་མ་ ཚུགས་པའི་ དོན་ཚན་ཁག་༡༥ ཐོན་ཡོད་ མི་ལུ་བརྟེན་ ཚོགས་ཁང་ལྷན་བཞུགས་ནང་ བཙུགས་དགོཔ་ཐོན་ཡོདཔ་ད་ ཚོགས་ཁང་ གཉིས་ཀྱི་ མཉམ་འབྲེལ་ཚོགས་ཆུང་གི་ འཐུས་མི་༡༢ གིས་ དོན་ཚན་ཚུ་ལུ་ རྒྱབ་ སྣོན་འབད་དེ་ ལྷན་བཞུགས་ནང་ ཕུལ་ ཡོདཔ་ཨིན་པས།

མཉམ་འབྲེལ་ཚོགས་ཆུང་གི་འཐུས་ མི་ དབང་འདུས་ཕོ་བྲང་གི་ ཉི་ཤོ་-སྲས་ཕུག་ གི་འཐུས་མི་ ཀུན་དགའ་གིས་ མོས་མཐུན་ བྱུང་མ་ཚུགས་མི་ དོན་ཚན་ཚུ་ལུ་ འཐུས་མི་ ཚུ་གིས་ གྲོས་འཛོམས་ཐེངས་གསུམ་གནང་ ཡོདཔ་སྦེ་ ཚོགས་ཁང་ནང་ ཞུ་ཡི།

ཚོགས་དཔོན་འཇིགས་མེད་བཟང་པོ་ གིས་ རྒྱལ་ཡོངས་ཚོགས་འདུ་གི་བཅའ་ ཁྲིམས་དང་འཁྲིལཝ་ད་ དཔྱད་ཡིག་དེ་ གི་ དོན་ཚན་ཚུ་ རེ་རེ་བཞིན་དུ་ གྲོས་བསྡུར་ འབད་དེ་ འཐུས་མི་ཚུ་གིས་ ལགཔ་འཐུ་ སྟེ་ ཆ་འཇོག་འབད་དགོ་ཟེར་གསུངས་ཡོདཔ་ ཨིན་རུང་ ཚོགས་སྡེ་གི་ཁྲི་འཛིན་ དྲག་ཤོས་ ཌོག་ཊར་ བསོད་ནམས་ཀུན་དགའ་གིས་ ཚོགས་དཔོན་ལུ་ མཉམ་འབྲེལ་ཚོགས་ ཆུང་གི་ ལམ་ལུགས་སྐོར་ལས་ དྲན་གསོ་ འབད་ཡི།

ཁྲི་འཛིན་གྱིས་ མཉམ་འབྲེལ་ཚོགས་ ཆུང་གི་འཐུས་མི་ཚུ་གིས་ ཚོགས་ཁང་ གཉིས་ནང་ མོས་མཐུན་བྱུང་མ་ཚུགས་མི་ དོན་ཚན་ཚུ་ལུ་ གྲོས་བསྟུན་འབད་མི་ཨིནམ་ ལས་ ཁོང་གིས་འབད་ཡོད་མི་ལུ་ ཡིད་ཆེས་ ཡོདཔ་འབད་དགོ་ཟེར་གསུངས་ཡི།

ཨིན་རུང་ དཔྱད་ཡིག་གི་གསུང་གྲོས་ ཚུ་ ལེགས་ཤོམ་འགྱོ་ཡོདཔ་ཨིན་རུང་ ཆ་ འཇོག་འབད་བའི་ཤུལ་ལས་ ལྡོག་ཕྱོགས་ འགོ་ཁྲིདཔ་ ཌོག་ཊར་ པདྨ་རྒྱལ་མཚོ་གིས་ ཁྲོམ་སྡེ་གཞི་བཙུགས་འབད་ནི་གི་དོན་ལུ་ དགོས་མཁོ་ལེ་ཤ་ཡོད་པའི་གས་ལས་ ས་ ཆ་དང་མ་དངུལ་ དེ་ལས་ མི་རློབས་ཚུ་གི་ གནས་སྟངས་ཚུ་ བལྟ་དགོཔ་ཅིག་ཨིན་རུང་ དེ་ཚུ་གི་སྐོར་ལས་ ག་ནི་ཡང་གྲོས་བསྟུན་ མཐྱིལ་ཕྱིན་ཅིག་ མ་འབདཝ་ལས་ ཁྲོམ་ སྡེ་གཞི་བཙུགས་འབད་བའི་སྐབས་ ག་དེ་ སྦེ་ འགྱོ་འོང་ག་ སླབ་མི་ཤེས་ནི་མས་ཟེར་ ཞུ་ཡི།

ལྷོ་ཐྱིམ་ཕུག་གི་འཐུས་མི་ ཡེ་ཤེས་ སྦྱིན་པ་གིས་ ཁྲོམ་སྡེ་གཞི་བཙུགས་འབད་ནི་ གི་ གྲོས་ཐག་བཅད་མི་དེ་ དུས་ཡུན་ཐུང་ཀུ་ གི་ ཐབས་ལམ་ཅིག་ཨིནམ་ལས་ མ་འོངས་ པའི་ནང་ དཀའ་ངལ་ཚུ་ཐོན་འོང་ཟེར་ཞུ་ ཡོདཔ་ད་ ལྡོག་ཕྱོགས་འགོ་ཁྲིདཔ་གིས་ཡང་ ཁྲོམ་དཔོན་ཚུ་ འདྲ་མཉམ་སྦེ་ རྩིས་འཇོག་ འབད་དགོ་པའི་བསྒང་ལས་ དཀའ་ངལ་ཚུ་ ཤེས་ཚུགས་ཟེར་ཞུ་ཡི།

འཐུས་མི་ཡེ་ཤེས་སྦྱིན་པ་གིས་ རྒྱལ་ ཁབ་ཆུང་ཀུ་ མི་རློབས་ཉུང་སུ་ཅིག་ལས་ མེདཔ་ལས་ བཅའ་ཁྲིམས་ཆ་འཇོག་འབད་ མི་དེ་གིས་ གཞུང་ལུ་ ས་གནས་གཞུང་གི་ དོན་ལུ་ ཟད་འགྲོ་ཐེབས་བཏང་དགོ་པའི་ གཞི་ཅིག་ཨིན་ཟེར་ ཚོགས་ཁང་ནང་ ཞུ་ཡི།

མགར་སའི་ཁ་སྨད་-ལུང་ནག་ན་གི་ འཐུས་མི་ པདྨ་གགས་པ་གིས་ ལྡོག་ཕྱོགས་ འགོ་ཁྲིདཔ་གིས་ མགར་ས་རྫོང་ཁག་དེ་ ཨ་ རྟག་ར་ དཔེ་བཟུང་མི་ལུ་ མགར་ས་དེ་ རྫོང་ ཁག་ར་མེནམ་བཟུམ་སྦེ་ ཞུ་ནི་འདུག་ཟེར་ཞུ་ ཡོད་རུང་ འཐུས་མི་གིས་ མི་རློབས་ལངམ་ མེད་ས་ནང་ ཁྲོམ་དཔོན་གྱི་དོན་ལུ དང་ འདོད་བསྐྱེད་མི་ ག་དེ་སྦེ་ཐོན་འོང་ག་ ཚ་གང་ ཡོད་ཟེར་ཞུ་ཡི།

ལྡོག་ཕྱོགས་འགོ་ཁྲིདཔ་གིས་ ད་ལྟོ་གི་ གནས་སྟངས་ནང་ ཁྲོམ་སྡེ་མེན་པར་ འགྲོས་ ཀྱིས་སྦེ་ ཁྲོམ་ཡོད་མི་ཚུ་ རྒྱ་བསྐྱེད་འབད་བ་ ཅིན་ ལེགས་ཤོམ་འོང་ཟེར་ བསམ་འཆར་ཞུ་ ཡོད་པའི་གནས་ཚུལ།

Newspapers in English

Newspapers from Bhutan

© PressReader. All rights reserved.