གཞུང་གི་དྲུང་ཆེན་ཚུ་གིས་ གཞུང་ལུ་ གུས་བཀུར་མེདཔ་ཨིན་ན?

Bhutan Times - - Adverts -

༉ གཞུང་གི་ལྷན་ཁག་གསུམ་ གྱི་ དྲུང་ཆེན་གསུམ་གྱིས་ གཞུང་ལུ་གནང་བ་མེད་པའི་ ཐག་རང་བཅད་ཀྱི་ ལཱ་འབད་ ཡོད་པའི་ གནད་དོན་ལུ་བརྟེན་ སྤྱི་ཟླ་༡༢ པའི་ཚེས་༡༢ ལུ་ བློན་ཆེན་ཡིག་ཚང་དང་ལྷན་ རྒྱས་གཞུང་ཚོགས་ཀྱིས་ རྒྱལ་ གཞུང་ཞི་གཡོག་ལྷན་ཚོགས་ ལུ་ རྩིས་སྤྲོད་འབད་ཡོདཔ་ཨིན་ པས། གནད་དོན་དེ་གི་སྐོར་ལས་ ད་ ལྟོ་ ལྷན་རྒྱས་གཞུང་ཚོགས་ ཀྱིས་ གནས་ཚུལ་གསར་སྟོན་ འབད་མི་དང་འཁྲིལ་བ་ཅིན་ གནས་ཚུལ་དེ་ རྣམ་ཏོག་ལང་ སི་སི་ཅིག་ཨིན་པའི་ཁར་ ད་ ལྟོའི་གཞུང་ལུ་ གུས་བཀུར་མེད་ པའི་ བརྡ་མཚོན་ཡང་བཏོནམ་ ཨིན་པས། དེ་ཡང་ ལྷན་རྒྱས་གཞུང་ཚོགས་ ཀྱི་དྲུང་ཆེན་ དྲགོས་དཔལ་ ལྡན་དབང་ཕྱུག་དང་ བསྟན་ རྒྱས་ལྷན་ཁག་གི་དྲུང་ཆེན་ དྲགོས་བསོད་ནམས་ཚེ་རིང་ དེ་ ལས་ ཕྱི་འབྲེལ་ལྷན་ཁག་གི་ དྲུང་ཆེན་ ཡེ་ཤེས་རྡོ་རྗེ་༣ གྱིས་ ཁོང་གི་འགན་ཁྲི་དང་བཅའ་ ཡིག་ཚུ་ལས་འགལ་བའི་ ལཱ་ བྱ་འཐབ་ཡོདཔ་མ་ཚད་ དྲུང་ ཆེན་ཚོགས་ཆུང་གི་གཙུག་སྡེ་ ལོག་སྤྱོད་དང་ གཞུང་ལས་ གནང་བ་མ་ཞུ་བར་ དྲུང་ཆེན་ ཚོགས་ཆུང་གིས་ གྲོས་ཐག་ བཅད་མི་ཚུ་ གཞུང་གི་དབུ་ ཁྲིད་ བློན་ཆེན་ལས་གནང་བ་ མ་ཞུ་བར་ ལཱ་བྱ་འཐབ་ཡོདཔ་ ཨིན་པས། རྒྱུ་རྐྱེན་དེ་ཡང་ རྒྱ་གར་གྱི་ དུས་དེབ་ ཨི་ནར་ཤི་ཡ་ཟེར་ མི་གིས་ འབྲུག་གི་གློག་མེ་ ལས་འགུལ་དང་འབྲེལ་བའི་ ངན་ལྷད་ནང་ འབྲུག་པའི་ཞི་ གཡོགཔ་དག་པ་ཅིག་གིས་ འབྲེལ་གཏོགས་འབད་ཡོད་པའི་ ཁ་ཉེས་འབད་ཡོད་པའི་སྐོར་ ལས་ དྲུང་ཆེན་གྱིས་ རྒྱ་གཞུང་ ལུ་ བར་འཛུལ་འབད་དགོ་པའི་ ཞུ་བ་འབད་ཡོདཔ་ཨིན་པས། བསྟན་རྒྱས་བློན་པོ་ ནོར་བུ་ དབང་ཕྱུག་གིས་ གསུངས་དོ་ བཟུམ་འབད་བ་ཅིན་ གནད་ དོན་དེ་གི་སྐོར་ལས་ དྲུང་ཆེན་ ༣ གྱིས་ གསང་བའི་ཐོག་ལས་ འབད་ཡོད་མི་གི་ ཞུ་ཡིག་གི་ འདྲ་ཅིག་ བློན་པོ་ཅིག་གི་ཕྱག་ ལུ་ ལྷོད་པའི་ཤུལ་ལས་ གཞུང་ གིས་ཤེས་རྟོགས་བྱུང་ཡི་ཟེར་ གསུངས་ཡི། ཞུ་ཡིག་དེ་ སྤྱི་ཟླ་༡༢ པའི་ཚེས་ ༢ ལུ་ཕུལ་ཡོདཔ་ཨིན་རུང་ ཉིན་གྲངས་༡༠ གྱི་རྒྱབ་ལས་ རྐྱངམ་ཅིག་ གཞུང་གིས་ཤེས་ རྟོགས་བྱུང་ཡོདཔ་ད་ ངན་ལྷད་ ནང་འབྲེལ་གཏོགས་ཀྱི་དོགས་ པ་ཡོད་མི་ གཅིག་དེ་ བསྟན་ རྒྱས་ལྷན་ཁག་གི་ དྲུང་ཆེན་ཁོ་ ར་ཨིན་པས། དེ་བཟུམ་མའི་ གནད་དོན་ལུ་ གྲོས་བསྟུན་དང་གྲོས་འཛོམས་ ཚུ་གནང་པའི་སྐབས་ ཕྱི་འབྲེལ་ དྲུང་ཆེན་གྱིས་ ཕྱི་འབྲེལ་བློན་ པོ་ལུ་ ཞུ་བ་འབད་དགོཔ་ཅིག་ ཨིན་རུང་ ཁོ་གིས་ཡང་ ཞུ་ བ་མ་འབད་བར་ ཞུ་ཡིག་དེ་ ལུ་ མིང་རྟགས་བཀོད་ཡོདཔ་ ལས་ རྒྱལ་གཞུང་ཞི་གཡོག་ ལྷན་ཚོགས་ལུ་ རྩིས་སྤྲོད་འབད་ ཡོདཔ་ཨིན་པས། གནད་དོན་དེ་གི་སྐོར་ལས་ དྲུང་ཆེན་གསུམ་གྱིས་ ཞལ་ འཛོམས་ཐེངས་༤ དེ་ཅིག་ འཚོགས་ཏེ་འབད་རུང་ གཞུང་ ལུ་སྙན་ཞུ་མ་འབད་བར་ཡོདཔ་ ལས་ གཞུང་ཐུགས་དང་མ་ ལྡན་པར་ཡོདཔ་ད་ ཞུ་ཡིག་ དེ་གིས་ རྒྱ་འབྲུག་བར་ནའི་ མཐུན་ལམ་དེ་ལུ་ ཐོ་ཕོག་ནི་ གི་ ཚ་གྱང་ཡོདཔ་ཨིན་པས། བློན་པོ་ནོར་བུ་དབང་ཕྱུག་གིས་ གནད་དོན་དེ་གི་སྐོར་ལས་ གཞུང་གིས་དབྱེ་དཔྱད་འབད་ ནི་གི་དོན་ལུ་ སྒུག་སྡོད་ཡོདཔ་ ལས་ ག་ར་གིས་ཤེས་ཟེར་ གསུངས་ཡོད་རུང་ དྲུང་ཆེན་༣ གྱིས་ ཤེས་ཅི་མཐོང་ཅི་རང་ དེ་ སྦེ་འབད་ནུག་ཟེར་ཨིན་པས། ཨིན་རུང་ ལྷན་རྒྱས་གཞུང་ ཚོགས་ཀྱིས་ གནད་དོན་དེ་གི་ སྐོར་ལས་ ངན་ལྷད་བཀག་ སྡོམ་ལྷན་ཚོགས་ལུ་ ཞིབ་ དཔྱད་རྐྱབ་དགོ་པའི་ བཀའ་ རྒྱ་གནང་ཡོདཔ་ད་ དྲུང་ཆེན་ ཚོགས་ཆུང་ཡང་ གནས་ སྐབས་ཅིག་གི་རིང་ མཚམས་ འཇོག་འབད་ནི་སྦེ་ གྲོས་ཐག་ བཅད་ཡོད་པའི་གནས་ཚུལ།

Newspapers in English

Newspapers from Bhutan

© PressReader. All rights reserved.