བློན་ཆེན་གྱིས་ རྒྱལ་རབས་ཅན་གྱི་ ལུང་དམར་དང་དཔའ་རྟགས་ ཐོབ་ཡོདཔ།

Bhutan Times - - Adverts -

༉ མི་དབང་མངའ་བདག་ རིན་པོ་ཆེ་མཆོག་གིས་ ཤར་ ཕྱོགས་རྫོང་ཁག་ནང་ རྒྱལ་ རབས་ཅན་གྱིས་ རྒྱལ་ཡོངས་ དུས་ཆེན་ བརྩི་སྲུང་ཞུ་གནང་ མི་དང་འབྲེལ་ བློན་ཆེན་ཚེ་ རིང་སྟོབས་རྒྱས་ལུ་ ལུང་ དམར་གྱི་བཀབ་ནེ་དང་ དཔའ་ རྟགས་གནང་ཡོདཔ་ལས་ རྒྱལ་ཁབ་ནང་ ལུང་དམར་ ཐོབ་མི་ འགོ་དང་པ་ཨིན་ པས། ལུང་དམར་ཟེར་མི་དེ་ ད་རེས་ ནངས་པའི་ ན་གཞོན་མང་ ཤོས་ཀྱིས་ མ་གོ་བའི་མིང་ ཅིག་ཨིན་རུང་ མི་དབང་ མངའ་བདག་རིན་པོ་ཆེ་མཆོག་ གིས་ ཤར་ཕྱོགས་བཀང་ལུང་ ལས་ རྒྱལ་ཡོངས་དུས་ཆེན་ བརྩི་སྲུང་ཞུཝ་དང་འབྲེལ་ རྒྱང་མཐོང་ནང་ རྒྱལ་ཡོངས་ ཀྱི་གསུངས་བཤད་གནང་པའི་ ཤུལ་ལས་ ག་ར་གིས་ བཀབ་ ནེ་དེ་ ག་བཟུམ་ཅིག་ ཡོདཔ་ ཨིན་ན་ཟེར་བའི་ ལོ་རྒྱུས་སླབ་ དོ་ཡོདཔ་ཨིན་པས། ཨིན་རུང་ བཀབ་ནེ་དེ་ འབྲུག་ རྒྱལ་གསུམ་པའི་སྐབས་ལུ་ ལག་ལེན་འཐབ་སྲོལ་ཡོདཔ་ ཨིནམ་ད་ བློན་ཆེན་ལུ་ མི་ཚེ་ གཅིག་གི་རིང་ བཀབ་མཆོག་ པའི་ངོས་འཛིན་ གནང་ཡོད་ མི་དེ་ཡང་ བློན་ཆེན་གྱིས་ ལྡོག་ཕྱོགས་འགོ་ཁྲིདཔ་སྦེ་ སྡོད་པའི་སྐབས་ འཐུས་མི་ ༢ ལས་མེད་རུང་ དམངས་ གཙོའི་རིང་ལུགས་ནང་ འགན་ཁུར་འབག་ཡོད་མི་དང་ ད་ལྟོ་ བློན་ཆེན་གྱི་ གོ་གནས་ འབག་མི་གི་ངོས་འཛིན་ལུ་ གནང་ཡོདཔ་ཨིན་པས། བཀབ་ནེ་དེ་ཡང་ བུ་རས་ དམརཔོ་དང་ཆ་འདྲ་སུ་ཡོདཔ་ ཨིན་རུང་ གཞན་བཀབ་ནེ་ ཐོབ་མི་ཚུ་བཟུམ་མེན་པར་ བློན་ཆེན་གྱིས་ ལུང་དམར་ དང་དཔའ་རྟགས་དེ་ མི་ཚེ་ ཅིག་གི་རིང་ བཀབ་མཆོག་ནི་ ཨིན་པས། བློན་ཆེན་གྱིས་ བཀབ་ནེ་ཐོབ་ པའི་ཤུལ་ལས་ ཀུན་གསལ་ གསར་ཤོག་ལུ་ བཤད་དོ་ བཟུམ་འབད་བ་ཅིན་ མི་དབང་ མཆོག་གིས་ ཐུགས་གཏད་ དང་ཡིད་ཆེས་བསྐྱེད་གནང་ མི་ལུ་ དགའ་ཚོར་སྦོམ་བྱུང་ ཡི་ཟེར་ཨིནམ་ད་ ལུང་དམར་ དེ་གིས་ མི་སེར་དང་རྒྱལ་ ཁམས་ཀྱི་བར་ནའི་མཐུན་ ལམ་དེ་ དམ་ཟབ་ཡོད་པའི་ རྟགས་མཚན་ཅིག་ཨིན་མས་ ཟེར་གསུངས་ནུག། མི་དབང་མཆོག་གིས་ རྟགས་ མ་ཚུ་ མི་ལེ་ཤ་གིས་ཐོབ་ ཡོདཔ་བཞིན་དུ་ དེ་བསྒང་ ལས་ར་ ལྡོག་ཕྱོགས་འགོ་ ཁྲིདཔ་ཚེ་རིང་སྟོབས་རྒྱས་ལུ་ རྟགས་མ་གཅིག་ ཐོབ་དགོཔ་ ངེས་བདེན་ཨིན་རུང་ དེ་བསྒང་ གནང་ནི་གི་ གོ་སྐབས་མ་ འཐོབ་ཟེར་ གསུངས་བཤད་ ནང་གསུངས་གནང་ཡི། བཀབ་ནེ་དང་དཔའ་རྟགས་ གནང་མི་དང་འབྲེལ་ མི་ དབང་མཆོག་གིས་ བློན་ཆེན་ གྱིས་ ཕྱག་ཞུ་བའི་སྐབས་ ལུ་ འཐུས་ཤོར་གང་ཤོར་དང་ ཆགས་སྡང་ཕྱོགས་རིས་མེད་ པར་ དམ་ཚིག་ཕར་དང་ཚུར་ སྦེ་མ་འགྱོ་བར་ ཕྲག་ཏང་ ཏ་སྦེ་ ག་དེ་དྲག་དྲག་ རྩ་ འགེངས་ཏེ་ ཕྱག་ཞུ་དགོ་ཟེར་ གསུངས་ཡོདཔ་ཨིན་པའི་ གནས་ཚུལ།

Newspapers in English

Newspapers from Bhutan

© PressReader. All rights reserved.