སློབ་རིམ་༡༢ པའི་ ཨིང་སྐད་ཆོས་ཚན་གྱི་དྲི་ཤོག་ འཛགས་ཤོར་ བྱུང་མི་ལུ་ དབང་འཛིན་ཚུ་གིས་ ཆོས་རྒྱུགས་ལོག་རྐྱབ་དགོ་དང་ མི་དགོ་ལུ་ གྲོས་ཐག་ག་ནི་ཡང་མེདཔ་ལས་ སློབ་ཕྲུག་ཚུ་ མགུ་ འཐོམ་བྱུང་ཡོདཔ།

Bhutan Times - - Home -

༉ འབྲུག་གི་ སློབ་གྲྭའི་ཆོས་ རྒྱུགས་དང་བརྟག་ཞིབ་ཚོགས་ སྡེ་ལས་ འཐུས་མི་༦ འབད་མི་ སྡེ་ཚན་གྱིས་ ད་རེས་ཀྱིས་ ཟླཝ་ འགོ་བཙུགས་ཁམས་ལུ་ སློབ་ རིམ་༡༢ པའི་ ཆོས་རྒྱུགས་ཀྱི་དྲི་ ཤོག་ འཛགས་ཤོར་བྱུང་མིའི་སྐོར་ ལས་ ཚོགས་ཆུང་བཟོ་ཡོདཔ་ ཨིན་རུང་ ཁོང་ཚུ་གིས་ གནད་ དོན་དེ་ལུ་ ག་དེ་འབད་ནི་ཨིན་ནའི་ སྐོར་ལས་ ག་ནི་ཡང་ ཁ་གསལ་ མེདཔ་ཨིན་པས། ཨིན་རུང་ སློབ་དཔོན་ལ་ལུ་གིས་ རང་སོའི་སློབ་གྲྭའི་སློབ་ཕྲུག་ཚུ་ ལུ་ ཆོས་རྒྱུགས་ལོག་རྐྱབ་ནིའི་ དོན་ལུ་ གྲ་སྒྲིག་འབད་དགོ་པའི་ སྐོར་ལས་ སླབ་སྟེ་ཡོདཔ་ཨིན་ རུང་ དབུ་འཛིན་མང་ཤོས་ཀྱིས་ ཚོགས་སྡེའི་བཀའ་རྒྱ་ལུ་ བསྒུག་ སྟེ་ཡོད་ཟེར་ བཤདཔ་ཨིན་པས། སློབ་གྲྭའི་དབང་འཛིན་ལ་ལུ་གིས་ བརྡ་བརྒྱུད་ཚུ་ནང་ལས་ འཛགས་ ཤོར་དེ་གི་སྐོར་ལས་ ཤེས་ཏེ་ ཡོདཔ་ཨིན་རུང་ མང་ཤོས་ ཀྱིས་ གནད་དོན་དེ་གི་སྐོར་ལས་ གནས་ཚུལ་དེ་ ད་ལྟོའི་བར་ན་ཡང་ མ་གོ་བར་ཡོད་མི་དེ་ཡང་ མཐའ་ ཟུར་ས་གནས་ཚུ་ནང་ གནས་ ཚུལ་ལྷོད་ནི་གི་ ཞབས་ཏོག་མེད་ ནི་དེ་གིས་ཨིན་པས། བཀྲ་ཤིས་སྒང་རྫོང་ཁག་ རང་ འབྱུང་འབྲིང་རིམ་སློབ་གྲྭ་གོང་ མའི་དབུ་འཛིན་ བཀྲ་ཤིས་རྣམ་ རྒྱལ་གྱིས་ སླབ་དོ་བཟུམ་འབད་ བ་ཅིན་ ཁོ་གིས་ འཛགས་ཤོར་ གྱི་སྐོར་ལས་ ཤུལ་ལས་རྐྱངམ་ ཅིག་ ཤེས་རྟོགས་བྱུང་ཡོདཔ་ ལས་ ཁྲོམ་ཁར་ལས་ཕར་ སློབ་ ཕྲུག་ཕྱེད་མི་ཚུ་ལུ་ སློབ་གྲྭ་ནང་ ལས་ སློབ་དེབ་ཚུ་འབག་སྟེ་ ལྷབ་དགོཔ་སྦེ་ སླབ་བཞག་ཡི་ ཟེར་ཨིན་པས། ཨིན་རུང་ དབུ་འཛིན་གྱིས་ ཚོགས་སྡེ་ལས་བཀའ་རྒྱ་ལྷོད་ པ་ཅིན་ སློབ་གྲྭའི་ཡོངས་འབྲེལ་ འཆར་སྒོ་ནང་བཙུགས་ཏེ་ ཁྱབ་ བསྒྲགས་འབད་ནི་གི་ མནོ་ བསམ་ཡོད་ཟེར་ཨིན་པས། བཀྲ་ཤིས་རྩེ་འབྲིང་རིམ་སློབ་གྲྭ་ གོང་མའི་དབུ་འཛིན་ ཨོ་རྒྱན་ གྱིས་ སློབ་གྲྭའི་ཨ་ལུ་མང་ཤོས་ ར་ ས་ཐག་རིང་ས་ལས་ འོང་མི་ ཡོདཔ་ལས་ ཆོས་རྒྱུགས་ལོག་ རྐྱབ་དགོ་པ་ཅིན་ ཁོང་གི་དོན་ལུ་ ཟད་འགྲོ་ཐེབས་འགྱོ་ནི་ཨིནམ་ ལས་ ཁེ་རྒུད་མི་བཏུབ་ནི་བཟུམ་ མཐོང་མས་ཟེར་ཨིནམ་ད་ ཨ་ལུ་ ཚུ་གིས་ འཛགས་ཤོར་བྱུང་མི་ ཆོས་ཚན་དེ་ནང་ ལེགས་ཤོམ་ རྐྱབ་ཡོདཔ་ལས་ ལོག་རྐྱབ་དགོ་ པ་ཅིན་ དུས་ཚོད་བྱིན་དགོཔ་འོང་ ཟེར་ཨིན་པས། བཀྲ་ཤིས་རྩེ་འབྲིང་རིམ་སློབ་གྲྭ་ གོང་མ་ནང་ འགྲུལ་འཕྲིན་མོ་བཱ་ ཡེལ་ ལག་ལེན་འཐབ་བཅུག་ ནི་མེདཔ་ལས་ འཛགས་ཤོར་ གྱི་སྐོར་ལས་ སློབ་ཕྲུག་ཚུ་གིས་ ཤུལ་ལས་རྐྱངམ་ཅིག་ ཤེས་ ཡོདཔ་ཨིན་པས། ཤར་ཕྱོགས་རྫོང་ཁག་གི་ སློབ་ གྲྭ་ཅིག་གི་ དབུ་འཛིན་ཅིག་ གིས་ སླབ་དོ་བཟུམ་འབད་བ་ཅིན་ འཛགས་ཤོར་དེ་གི་སྐོར་ལས་ ལོ་ རྒྱུས་གོ་ཡོད་རུང་ གཏན་འཁེལ་ ཨིན་པའི་སྐོར་ལས་ འབྲེལ་ཡོད་ དབང་འཛིན་ཚུ་ ག་ནི་ཡང་ མ་གོ་ ཟེར་ཨིན་པས། སྐལ་སྐྱིད་འབྲིང་རིམ་སློབ་གྲྭ་ གོང་མའི་ ནང་རིག་གི་སློབ་ཕྲུག་ ཨོམ་ནཱད་ པོག་རེལ་དེ་ དགུན་ གྱི་ངལ་གསོ་སྐབས་ ཁོ་རའི་ གཡུས་གསར་སྤང་ལུ་འགྱོ་ནི་གི་ འཆར་གཞི་འབད་ཡོདཔ་ཨིན་ རུང་ གཞུང་ལས་ གནད་དོན་དེ་ ལུ་ གྲོས་ཐག་ག་ནི་ཡང་མེདཔ་ ལས་ ཐིམ་ཕུག་ལུ་ར་ སྡོད་ དགོཔ་ཐོན་ཡོདཔ་ཨིན་པས། ཁོ་གིས་ ཆོས་རྒྱུགས་མཇུག་ བསྡུ་བའི་ཤུལ་ལས་ ཀི་དེབ་ཚུ་ ཆ་རོགས་ལུ་བྱིན་ཚར་ཡོད་རུང་ ལོག་རྐྱབ་ནི་གི་དོན་ལུ་ ཚ་གྱང་ ལང་སྟེ་ཡོད་ཟེར་ཨིན་རུང་ གསར་ སྤང་འབྲིང་རིམ་སློབ་གྲྭ་གོང་མ་ ལས་ རུ་པ་ སུ་བྷ་གིས་འབད་བ་ ཅིན་ ཨིང་སྐད་༢ པ་དེ་ འཇམ་ ཏོག་ཏོ་མཐོང་ཡོདཔ་ལས་ ལོག་ རྐྱབ་དགོ་རུང་ རྐྱབ་ཚུགས་ནི་ བཟུམ་ མཐོང་མས་ཟེར་ཨིན་ པས། འཛགས་ཤོར་དེ་གི་སྐོར་ལས་ འབྲུག་གི་ སློབ་གྲྭའི་ཆོས་རྒྱུགས་ དང་བརྟག་ཞིབ་ཚོགས་སྡེ་གིས་ སྤྱི་ཟླ་༡༢ པའི་ཚེས་༡༣ ཞིབ་ དཔྱད་འབད་ནི་འགོ་བཙུགས་ཏེ་ བདུན་ཕྲག་ཅིག་དེ་ཅིག་ནང་ ཞིབ་ དཔྱད་མཇུག་བསྡུ་ཡོདཔ་ཨིན་ པས། སློབ་ཕྲུག་ལ་ལུ་གིས་ དྲི་ཤོག་དེ་ ཆོས་རྒྱུགས་མ་རྐྱབ་པའི་ ཉིནམ་ དག་པ་ཅིག་གི་ཧེ་མ་ལས་ ཐོབ་ ཡོདཔ་ཨིན་རུང་ ལ་ལུ་གིས་ ཆོས་རྒྱུགས་རྐྱབ་རནམ་ད་ ཐོབ་ ཡོདཔ་ཨིནམ་ད་ ཞིབ་དཔྱད་ འབད་མི་ཚུ་གིས་ འཛགས་ཤོར་ གྱི་དྲི་བ་ཐོབ་མི་ སློབ་ཕྲུག་༥༠ དེ་བདའ་ཟུན་ཡོད་རུང་ མང་ཤོས་ ཅིག་ བདའ་ཟུན་མ་ཚུགསཔ་ ཨིན་པས། དྲི་ཤོག་དེ་ཡང་ སྤ་རོ་གི་སློབ་གྲྭ་ ཅིག་ལས་ ཤོར་ཡོད་པའི་དོགས་ པ་ཡོད་རུང་ ད་ཚུན་ ཚོགས་སྡེ་ གིས་ ག་ལུ་ཡང་ འགན་ཁྲི་མ་ བཀལ་བར་ཡོདཔ་པས། ཨིན་རུང་ འབྲུག་གི་ སློབ་གྲྭའི་ ཆོས་རྒྱུགས་དང་བརྟག་ཞིབ་ ཚོགས་སྡེ་གིས་ ཁ་ཙ་ལས་ ཕུན་ཚོགས་གླིང་ལུ་འབད་ འགོ་ བཙུགས་མི་ དྲི་ཤོག་དབྱེ་ཞིབ་དེ་ འཕྲོ་མཐུད་དེ་ར་ དབྱེ་ཞིབ་འབད་ ནི་ཨིན་པའི་གནས་ཛུལ།

Newspapers in English

Newspapers from Bhutan

© PressReader. All rights reserved.