མི་དབང་མཆོག་གི་ ན་གཞོན་ལྕོགས་གྲུབ་ཡར་དྲག་ལས་ རིམ་གིས་ སློབ་ཕྲུག་བུམོ་ཚུ་ལུ་ ཕན་ཐོགས་ཡོདཔ།

Bhutan Times - - Adverts -

༉ མི་དབང་མངའ་བདག་རིན་པོ་ཆེ་ མཆོག་གིས་ སྤྱི་ལོ་༢༠༡༣ ལས་ འགོ་ བཟུང་ ན་གཞོན་བུམོ་ཚུ་གི་ ཕན་ཐབས་ ལུ་གཟིགས་ཏེ་ ན་གཞོན་ལྕོགས་གྲུབ་ ཡར་དྲག་ལས་རིམ་ཟེར་མི་ཅིག་ གཞི་ བཙུགས་གནང་ཡོད་མི་དེ་གིས་ ཤར་ ཕྱོགས་རྫོང་ཁག་༦ གི་ ན་གཞོན་བུམོ་ཚུ་ ལུ་ གནམ་དགུན་གི་ངལ་གསོ་དེ་ དོན་ སྨིན་ཅན་སྦེ་ སྤྱོད་ཚུགས་ནི་ཨིན་པས།

དུས་ཅི་ལོའི་ལས་རིམ་དེ་ མོང་སྒར་ རྒྱལ་པོའི་ཞིང་ལུ་སྦེ་ འགོ་འདྲེན་འཐབ་ པའི་བསྒང་ཡོདཔ་ད་ དེ་ཡང་ ཞབས་ ཏོག་བློན་པོ་ རྡོ་རྗེ་ཆོས་སྒྲོན་གིས་ སྤྱི་ཟླ་ ༡༢ པའི་ཚེས་༢༩ ལུ་ འགོ་འབྱེད་གནང་ ཡོདཔ་ཨིན་པས།

ལས་རིམ་དེ་ནང་ ཤར་ཕྱོགས་ཁག་ ༦ གི་སློབ་གྲྭ་ཁག་༨༥ ལས་ སློབ་ཕྲུག་ བུམོ་༨༢༡ གིས་ བཅའ་མར་གཏོགས་ པའི་བསྒང་ཡོད་མི་ཚུ་ཡང་ སློབ་རིམ་ ༦ པ་ལས་༡༢ ཀྱི་བར་ན་འབད་མི་ཚུ་ ཡོདཔ་ཨིནམ་ད་ ན་ཧིང་ལོའི་ལས་རིམ་ དེ་ཡང་ མོང་སྒར་རྫོང་ཁག་གི་ མོང་སྒར་ སློབ་གྲྭ་གོང་མ་ནང་ འགོ་འདྲེན་འཐབ་ ཡོདཔ་ཨིན་པས།

གནམ་དགུན་གི་དོན་ལུ་ ལྕོགས་ གྲུབ་ཡར་དྲག་ལས་རིམ་ འགོ་འདྲེན་ འཐབ་མི་དེ་ཡང་ ངལ་གསོའི་སྐབས་ལུ་ བུམོ་ཚུ་གིས་ ཉེན་ཁ་ཅན་གི་ གནས་ སྟངས་ཚུ་ནང་ ལཱ་འབད་དགོཔ་ལས་ དཀའ་ངལ་དེ་ཚུ་ ཐོབ་མ་བཅུག་པར་ ཤེས་ཡོན་དང་བསླབ་སྟོན་གི་ གོ་སྐབས་ ཚུ་བྱིན་ཐབས་ལུ་ གཞི་བཙུགས་གནང་ ཡོདཔ་ཨིན་པས།

ལས་རིམ་དེ་ཡང་ མི་དབང་མངའ་ བདག་རིན་པོ་ཆེ་མཆོག་གི་ བཀའ་རྒྱ་ དང་འཁྲིལ་ སྤྱི་ལོ་༢༠༡༣ ལས་ འགོ་ བཙུགས་ཡོདཔ་ད་ ཐེངས་༡ པའི་སྐབས་ ལུ་ སློབ་ཕྲུག་བུམོ་༤༡༡ གིས་ བཅའ་ མར་གཏོགས་ཡོདཔ་ཨིན་པས།

ལས་རིམ་དེ་ཡང་ གནམ་དགུན་ གི་དུས་ཚོད་ཁར་ ཏི་རུ་གི་དོན་ལུ་ ཉེན་ ཁ་ཡོད་པའི་ས་ཁོངས་ཚུ་ནང་ ལཱ་འབད་ དགོཔ་ ཐོན་ནི་ཨིན་མི་ ན་གཞོན་བུམོ་ཚུ་ ལུ་ ངལ་གསོ་དེ་གི་སྐབས་ལུ་ རང་གིས་ རང་ལུ་ བློ་གཏད་ཡོདཔ་བཟོ་ནི་དང་ དོན་ སྨིན་ཅན་གི་ལག་ཤེས་ ཨིས་ཀའུཊ་ ཚེ་ གཡོག་ལམ་སྟོན་ བསླབ་སྟོན་ གསོ་བའི་ བརྟག་ཞིབ་དང་ གཞན་ཡང་ བརྡ་དོན་ འཕྲུལ་རིག་དང་ ཚན་རིག་ སྤྱ་རྩི་པེམ་ འབར་དང་གླང་ལེབ་བཟོ་ནི་ པར་རིས་འབྲི་ ནི་ ཞབས་ཁྲ་རྐྱབ་ནི་ རྩེད་རིག་གི་ནང་ གྲལ་གཏོགས་འབད་ནི་གི་ གོ་སྐབས་ཚུ་ བྱིན་ནི་ཨིན་པས།

དེ་བཟུམ་སྦེ་ སྨྱོ་རྫས་དང་རང་བཞིན་ གནས་སྟངས་ གཞོན་ཅུང་དང་འབྲེལ་ བའི་བཟའ་ཚང་འཆར་གཞི་ དེ་ལས་ གསོ་ བ་དང་འཕྲོ་བསྟེན་དང་འབྲེལ་བའི་ གནད་ དོན་ཚུ་ལུ་ མགྱོནམ་ཚུ་གིས་ གསལ་ བཤད་འབད་བྱིན་ནི་གི་ ལས་རིམ་ཚུ་ ཡོདཔ་ཨིན་པས།

ལས་རིམ་ཐེངས་༡ པའི་ནང་ བཅའ་ མར་གཏོགས་མི་ཚུ་གིས་ ལས་རིམ་དེ་ གིས་ ཁོང་ཚུ་ལུ་ ཕན་ཐོགས་སྦོམ་ བྱུང་ ཡོདཔ་སྦེ་ བསམ་བཤད་འབད་ཡོདཔ་ ལས་ ལས་རིམ་དེ་ མཐར་འཁྱོལ་ཅན་ འགྱོ་སྟེ་ཡོད་ཟེར་ རྒྱལ་པོའི་བརྡ་དཔོན་ ཡིག་ཚང་གི་ གནས་ཚུལ་གསར་སྟོན་ནང་ འཁོད་དེ་འདུག།

གནམ་དགུན་གི་སྐབས་ལུ་ ཕམ་ མང་ཤོས་ཀྱིས་ བུམོ་ཚུ་ ལོག་སློབ་གྲྭ་ ནང་འགྱོ་བའི་སྐབས་ ཟད་འགྲྲོ་བཟོ་ ནིའི་དོན་ལུ་ ཉེ་འདབས་ཁྲོམ་དང་ བཟོ་ སྐྲུན་ཁང་ཚུ་ནང་ལས་ཕར་ ལཱ་འབད་ བར་གཏང་ནི་གི་ འཆར་གཞི་ཚུ་ འབད་ དོ་ཡོདཔ་ལས་ ལས་རིམ་དེ་བཟུམ་ནང་ བཏང་ཚུགས་ནི་དེ་ ཁོང་ཕམ་ཚུ་གི་དོན་ལུ་ ལཱ་ཁག་ཅིག་ཨིན་རུང་ མི་དབང་མཆོག་ གིས་ བུམོ་ཚུ་གི་དོན་ལུ་ ཟླ་ངོ་༡ ནང་ ལཱ་འབད་བའི་ཚབ་ལུ་ ལས་རིམ་དེ་ལས་ ཕན་ཐོགས་པའི་ ཤེས་ཡོན་ཐོབ་ནི་གི་ གསོལ་རས་གནང་ཡོདཔ་ཨིན་པས།

འདས་པའི་ལས་རིམ་ནང་ བཅའ་ མར་གཏོགས་མི་ཚུ་གིས་ ལས་རིམ་དེ་ ནང་ བཅའ་མར་གཏོགས་མི་ལས་བརྟེན་ ཁྱིམ་དང་སློབ་གྲྭ་ནང་སྡོད་པའི་སྐབས་ ཁོང་ལུ་ ལཱ་ཁག་བྱུང་ཡོད་མི་ཚུ་གི་ དཀའ་སྡུག་ཚུ་ བསལ་ཚུགས་ཏེ་ ཕན་ ཐོགས་སྦོམ་བྱུང་ཡི་ཟེར་ བཤད་ཡོདཔ་ ཨིན་པའི་གནས་ཚུལ།

Newspapers in English

Newspapers from Bhutan

© PressReader. All rights reserved.