གཞུང་གིས་ དྲི་ཤོག་གསང་བ་ཤོར་མིའི་ནང་ འབྲེལ་བ་ཡོད་ མི་ག་ར་ལུ་ ཉེས་ཁྲིམས་བཀལ་ནི།

Bhutan Times - - Adverts -

༉ གཞུང་གིས་ སློབ་དཔོན་དང་སློབ་ ཕྲུག་ ཡང་ཅིན་ གཞུང་གི་འགོ་དཔོན་ ག་ཨིན་རུང་ སློབ་རིམ་༡༢ པའི་ ཨིང་ སྐད་ཆོས་ཚན་ གསང་བ་ཤོར་ཡོད་མིའི་ ནང་ འབྲེལ་བ་ཡོད་མི་ཚུ་ ཞིབ་དཔྱད་ འབད་དེ་ ཉེས་ཁྲིམས་ཚུ་བཀལ་འོང་ ཟེར་ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ གསུངས་ཡི།

བློན་ཆེན་མཆོག་གིས་ འབྲུག་ གི་སློབ་གྲྭའི་ཆོས་རྒྱུགས་དང་བརྟག་ ཞིབ་ཚོགས་སྡེ་གི་ བཀོད་ཚོགས་ ཀྱིས་ གནད་དོན་དེ་གི་སྐོར་ལས་ ག་ བཟུམ་མའི་ གྲོས་ཐག་བཅད་དེ་འབད་ རུང་ གཞུང་གིས་ གསང་བ་ཤོར་མི་མི་ དེ་ འཚོལ་ཞིབ་འབད་འོང་ཟེར་གསུངས་ ཡོད་པའི་ཁར་ འགྲུལ་འཕྲིན་གྱི་ཐོག་ ལས་ ཁྱབ་སྤེལ་འབད་མི་ སློབ་ཕྲུག་ ཚུ་ལུ་ཡང་ ཉེས་ཁྲིམས་ཚུ་ བཀལ་འོང་ ཟེར་གསུངས་ཡི།

དེ་བཟུམ་མའི་ བྱ་ངན་འབད་ནི་ དེ་ བཟོད་མ་ཚུགས་པའི་ བྱ་སྤྱོད་ཨིན་ པའི་ཁར་ ཆོས་རྒྱུགས་ཀྱི་ལམ་ལུགས་ ལུ་ ཡིད་ཆེས་མེདཔ་འགྱོ་ནི་ཨིནམ་ ལས་ དྲི་ཤོག་ཐོབ་སྟེ་ སློབ་ཕྲུག་ཚུ་ལུ་ བཀྲམ་སྤེལ་འབད་མི་ སློབ་དཔོན་དེ་ལུ་ ཡང་ ཉེས་ཁྲིམས་བཀལ་ནི་ཨིན་ཟེར་ བློན་ཆེན་གྱིས་གསུངས་ཡི།

གཞུང་གིས་གནད་དོན་དེ་ལུ་ འབྲུག་གི་སློབ་གྲྭའི་ཆོས་རྒྱུགས་དང་ བརྟག་ཞིབ་ཚོགས་སྡེ་གི་ བཀོད་ཚོགས་ ཀྱིས་ ཚུལ་ལྡན་གྱི་གྲོས་ཐག་བཅད་ པ་ཅིན་ གྲོགས་རམ་འབད་ནི་ཨིན་ པའི་ཁར་ སློབ་ཕྲུག་ཚུ་གི་དོན་ལུ་ ཚ་ གང་ལང་སྟེ་ཡོད་ཟེར་ཨིན་རུང་ ད་ལྟོའི་ གནས་སྟངས་ བློན་ཆེན་གྱིས་ ག་ནི་ ཡང་ འབད་ཚུགས་པའི་ འོས་འབབ་ ཅིག་ མི་མཐོང་པས་ཟེར་གསུངས་ཡི།

བློན་ཆེན་གྱིས་ སློབ་ཕྲུག་ཚུ་གིས་ འདས་པའི་ལོ་ངོ་༡༣ གྱི་རིང་ ཆོས་ལྷབ་ པའི་མཐའ་མར་ ཆོས་རྒྱུགས་ཁག་ ཆེས་ཤོས་དེ་ནང་ དེ་བཟུམ་མའི་ གནས་ སྟངས་ཐོནམ་ད་ བཟོད་མ་ཚུགས་པའི་ གནས་སྟངས་ཅིག་ཨིན་ཟེར་ གསུངས་ ཡི།

ཤེས་རིག་བློན་པོ་གིས་ གནད་ དོན་དེ་གི་སྐོར་ལས་ འཕྲལ་ཁམས་ ཅིག་ཁར་ བཀོད་ཚོགས་ཀྱིས་ གྲོས་ ཐག་བཅད་ཡོད་མི་ལུ་ མི་མང་ལས་ སེམས་དང་མ་ལྡན་པའི་སྐོར་ལས་ ལོ་ རྒྱུས་ཚུ་གོ་ཡོད་པའི་ཁར་ ལྷན་རྒྱས་ གཞུང་ཚོགས་ཀྱིས་ཡང་ མི་མང་གིས་ བཤད་ཡོད་མི་ ཚ་གང་ལུ་ གལ་ཅན་སྦེ་ རྩིས་ཏེ་ བཀོད་ཚོགས་ཀྱིས་ གྲོས་ཐག་ བཅད་ཡོད་མི་ལུ་ བསྒྱུར་བཅོས་འབད་ ཐབས་ཀྱི་སྐོར་ལས བཀའ་རྒྱ་གནང་ཡི་ ཟེར་ཨིན་པས།

ཤེས་རིག་བློན་པོ་གིས་ བཀོད་ ཚོགས་ཀྱི་ཧོང་ལས་ སློབ་ཕྲུག་ཚུ་ ལུ་ བྱ་སྟབས་མ་བདེཝ་མ་འཐོནམ་སྦེ་ འབད་ནིའི་དོན་ལུ་ ག་དེ་འབད་ཚུགས་ ཚུགསཔ་ཅིག་ འབད་ནི་གི་ གཙོ་རིམ་ བཟུང་དོ་ཡོདཔ་ལས་ ཞག་དག་པ་ཅིག་ གི་ནང་འཁོད་ལུ་ར་ བཀོད་ཚོགས་ཀྱིས་ གྲོས་ཐག་བཅད་ཚུགས་པའི་ རེ་བ་ཡོད་ ཟེར་ གསུངས་ཡི།

བློན་ཆེན་གྱིས་ ལྷན་རྒྱས་གཞུང་ ཚོགས་ཀྱིས་ གནད་དོན་དེ་ལུ་ བཀོད་ ཚོགས་ཀྱིས་ དུས་ཚོད་ལེགས་ཤོམ་ སྦེ་ལེན་ཏེ་ གྲོས་ཐག་བཅད་དགོ་པའི་ སྐོར་ལས་ གྲོས་བསྟུན་འབད་ཡོདཔ་ སྦེ་ གསུངས་ཡོདཔ་མ་ཚད་ ཧེ་མའི་ གྲོས་ཐག་བཅད་དོ་བཟུམ་སྦེ་ ཨིང་སྐད་ ༡ པའི་སྐུགས་ཚད་དེ་ ཨིང་སྐད་༢ པ་ ལུ་ བྱིན་པ་ཅིན་ དེ་གིས་ སློབ་ཕྲུག་མང་ ཤོས་ཀྱི་ མི་ཚེ་ལུ་ གནོད་པ་བྱུང་འོང་ ཟེར་ གསུངས་ཡི།

དེ་མ་ཚད་ བློན་ཆེན་གྱིས་ སློབ་ ཕྲུག་མང་ཤོས་ཀྱིས་ འཕྲོ་མཐུད་ཤེས་ ཡོན་སྦྱང་ནི་གི་ གོ་སྐབས་མ་ཐོབ་མི་ཚུ་ གིས་ གཞུང་ལུ་ ཁ་གཏང་ནི་ཨིནམ་ ལས་ ལྷན་རྒྱས་གཞུང་ཚོགས་ཀྱིས་ ཧེ་ མའི་གྲོས་ཐག་བཅད་ཡོད་མི་ལུ་ བསྐྱར་ ཞིབ་འབད་དགོཔ་སྦེ་ སླབ་ཅི་ཟེར་ གསུངས་ཡི།

གཞུང་ལུ་ ཁ་གཏང་མི་ མི་ཐོན་ ནིའི་དོན་ལུ་ ཆོས་རྒྱུགས་ལོག་རྐྱབ་ནི་ དེ་ གདམ་ཁ་ལེགས་ཤོམ་ཅིག་ཨིན་ རུང་ དེ་ལུ་ཡང་ བཀོད་ཚོགས་ཀྱིས་ བསྐྱར་ཞིབ་འབད་དགོཔ་སྦེ་ སླབ་སྟེ་ ཡོདཔ་ ཨིན་པའི་གནས་ཚུལ།

Newspapers in English

Newspapers from Bhutan

© PressReader. All rights reserved.