ཆོས་རྒྱུགས་ཀྱི་དྲི་ཤོག་ དབྱེ་ཞིབ་འབད་མི་དེ་གིས་ རྒུད་ ཤོས་ར་ དྲི་བ་མ་ཐོབ་མི་ སློབ་ཕྲུག་ཚུ་ལུ་འོང་ནི།

Bhutan Times - - Adverts -

༉ སྤྱི་ལོ་༢༠༡༤ ལོའི་ སློབ་རིམ་ ༡༢ པའི་ ཨིང་སྐད་ཆོས་ཚན་ གསང་ བ་ཤོར་མི་དེ་ལུ་ གྲོས་བསྡུར་ཡུན་རིངམ་ གནང་མི་ལུ་ ཐོ་ཕོག་མི་ སློབ་ཕྲུག་ མང་ཆེ་ཤོས་ཀྱིས་ ཆོས་རྒྱུགས་དེ་ ལོག་ རྐྱབ་ཚུགས་པའི་ རེ་བ་བསྐྱེད་ཡོདཔ་ ཨིན་རུང་ བཀོད་ཚོགས་ཀྱི་གྲོས་ཐག་ བཅད་ཡོད་མི་ལུ་ བློན་ཆེན་མཆོག་གིས་ ཡང་ ཆ་འཇོག་འབད་དེ་ ཧེ་མའི་དྲི་ཤོག་ དེ་ར་ དབྱེ་ཞིབ་འབད་ནི་གི་ གྲོས་ཐག་ བཅད་ཡོད་མི་དེ་ ཧེ་མའི་གྲོས་ཆོད་དང་ དབྱེ་བ་ག་ནི་ཡང་ མེདཔ་ལས་ བསམ་ པ་མ་རྫོགས་པར་ཡོདཔ་ཨིན་པས།

དེ་ཡང་ འདས་པའི་གྲོས་ཆོད་ནང་ འབྲུག་གི་སློབ་གྲྭའི་ཆོས་རྒྱུགས་དང་ བརྟག་ཞིབ་ཚོགས་སྡེ་གིས་ ཨིང་སྐད་ ༡ པའི་སྐུགས་ཚོད་ ག་ཐོབ་མི་དེ་ ཨིང་ སྐད་༢ པ་ལུ་ཡང་ འདྲན་འདྲ་བྱིན་ནི་གི་ གྲོས་ཐག་བཅད་མི་ལུ་ སློབ་ཕྲུག་དང་ ཕམ་ཚུ་གིས་ སེམས་དང་མ་ལྡནམ་ ལས་ ལྷན་རྒྱས་གཞུང་ཚོགས་ཀྱིས་ བསྐྱར་ཞིབ་འབད་དགོ་པའི་ གནང་བ་ གནང་མི་དང་འཁྲིལ་ ཚོགས་སྡེ་གིས་ གྲོས་བསྟུན་ཡུན་རིངམ་ གནང་ཡོདཔ་ ཨིན་པས།

ཨིན་རུང་ ད་རེས་ཀྱི་བདུན་ཕྲག་ ནང་ གྲོས་ཆོད་འབད་མི་དང་འཁྲིལ་བ་ ཅིན་ གྲོས་བསྟུན་ག་དེམ་ཅིག་ འབད་ དེ་འབད་རུང་ མཐའན་མཇུག་གི་གྲོས་ ཆོད་དེ་ ཧེ་མའི་གྲོས་ཆོད་ལས་ དབྱེ་བ་ ག་ནི་ཡང་མེདཔ་ལས་ དེ་གིས་ ཕམ་ ཤོས་ར་ གསང་བ་ཤོར་མི་ དྲི་བ་མ་ཐོབ་ མི་ སློབ་ཕྲུག་ཚུ་ འོང་ནི་ཨིན་པས།

བློན་ཆེན་གྱིས་ འདས་པའི་བརྡ་ བརྒྱུད་དང་གཅིག་ཁར་ ཞལ་འཛོམས་ འཚོགས་པའི་སྐབས་ གཞུང་གིས་བྱ་ ངན་དེ་ནང་ འབྲེལ་བ་ཡོད་མི་ ག་ཨིན་ དེ་འབད་རུང་ ཉེས་ཁྲིམས་བཀལ་ནི་ ཨིན་ཟེར་ གསུངས་ཡོདཔ་ཨིན་རུང་ གཞུང་གིས་ དྲི་བ་ཐོབ་མི་ སློབ་ཕྲུག་ག་ ར་ བདའ་ཟུན་ཚུགས་ནི་གི་ འོས་འབབ་ ཅིག་མེདཔ་ལས་ དེ་གིས་ དྲང་བདེན་ ཅིག་ རྩ་ལས་མི་འོང་ནི་མས་ཟེར་ ཤར་ ཕྱོགས་རྫོང་ཁག་གི་ སློབ་གྲྭ་ཅིག་ནང་ དཔེ་ཆ་ལྷབ་མི་ སློབ་ཕྲུག་རྡོ་རྗེ་གིས་ བཤདཔ་ཨིན་པས།

རྡོ་རྗེ་གིས་ བཤད་དོ་བཟུམ་འབད་ བ་ཅིན་ དྲི་བ་དེ་ཡང་ སྐུགས་ཚད་ཨ་ཙི་ མེནམ་ལས་ དེ་གིས་ དྲི་བ་ཐོབ་མི་ཚུ་ ལུ་ ཁེ་ཕན་སྦོམ་སྦེ་ར་ ཐོབ་ནི་ཨིནམ་ ལས་ ལཱ་གཡོག་དང་གཙུག་ལག་སློབ་ སྡེ་ཚུ་ནང་ འཛུལ་ཞུགས་འབད་ནིའི་ དོན་ལུ་ དོ་འགན་འབད་བའི་སྐབས་ ཁྱད་པར་སྦོམ་ཆགས་ནི་ཨིནམ་ལས་ སེམས་དང་མ་ལྡན་ཟེར་ཨིན་པས།

དྲི་བ་གསང་བ་ཤོར་ཡོད་པའི་སྐོར་ ལས་ འབྲུག་གི་སློབ་གྲྭའི་ཆོས་རྒྱུགས་ དང་ བརྟག་ཞིབ་ཚོགས་སྡེ་གིས་ ད་ ལྟོའི་བར་ན་ཡང་ མི་གཅིག་ཡང་ བདའ་ ཟུན་ཏེ་མེདཔ་ཨིན་རུང་ ཚོགས་སྡེ་ གིས་ དོགས་པ་ཡོད་མི་དང་གཅིག་ ཁར་ འབྲེལ་བ་འབད་བའི་ ལོ་རྒྱུས་ཚུ་ ཡོད་རུང་ ཁ་བཟེད་མ་བཏུབ་པར་ཡོདཔ་ ཨིན་པས།

འགོ་དང་པ་ གསང་བ་ཤོར་བའི་ སྐོར་ལས་ ལོ་རྒྱུས་ཐོནམ་ད་ སྤ་རོའི་ སྒེར་གྱི་སློབ་གྲྭ་ཅིག་གི་ སློབ་དཔོན་ ཨམ་སྲུ་ཅིག་གིས་ སློབ་ཕྲུག་ཅིག་ལུ་ དྲི་ཤོག་བྱིན་ཡོདཔ་སྦེ་ སླབ་ཡོད་རུང་ ཤུལ་ལས་ རྫོང་ཁག་དེ་ནང་གི་ དབང་ པོ་སྐྱོན་ཅན་གྱི་ སློབ་དཔོན་ཅིག་ལུ་ དོགས་པ་ཆགས་ཡོདཔ་ཨིན་པས།

གནད་དོན་དེའི་སྐོར་ལས་ གནས་ ཚུལ་བཤད་མི་ཚུ་གིས་ སླབ་དོ་བཟུམ་ འབད་བ་ཅིན་ སློབ་དཔོན་དེ་གིས་ཡང་ ད་ལྟོ་ ཁ་བཟེད་མ་བཏུབ་པར་ འདུག་ ཟེར་ཨིན་པས།

བཀོད་ཚོགས་ཀྱིས་ སྔོན་འགྲོའི་ དབྱེ་ཞིབ་ འབད་མི་དང་འཁྲིལཝ་ད་ སྤ་རོའི་སློབ་ཕྲུག་༩ གིས་ ཐད་ཀར་ དུ་ དྲི་ཤོག་ཐོབ་ཡོད་པའི་ ངོས་འཛིན་ བྱུང་ཡོད་རུང་ གཞན་ཆ་རོགས་ཚུ་གིས་ ཆོས་རྒྱུགས་རྐྱབ་ནི་རནམ་ད་ ཐོབ་མི་ ཡང་ ཡོདཔ་ལས་ དྲི་བ་གསང་བ་ཤོར་ མི་ཚུ་ ཚོགས་སྡེའི་བཅའ་ཁྲིམས་དང་ འཁྲིལཝ་ད་ ཁོང་ཚུ་གིས་ ལོ་༥ འི་རིང་ ཆོས་རྒྱུགས་རྐྱབ་མི་ཆོག་ནི་ཨིན་པས།

ཨིན་རུང་ ཐོ་ཕོག་མི་ སློབ་ཕྲུག་ དང་ཕམ་ཚུ་གིས་ མནོ་བསམ་ག་ནི་ ཡང་ བཏང་མ་ཚུགས་པའི་བར་ན་ བློན་ ཆེན་གྱིས་ གནང་བ་གྲོལ་ཏེ་ དེ་འཕྲོ་ ལས་ དྲི་ཤོག་ཚུ་ དབྱེ་ཞིབ་འབད་ནི་ འགོ་བཙུགས་ཡོད་མི་དེ་ སློབ་ཕྲུག་ཚུ་ ལུ་ དབང་ཆ་ཡང་ མེདཔ་བཟུམ་མཐོང་ ནི་ཨིན་པས།

ཚོགས་སྡེ་གིས་ ཆོས་རྒྱུགས་ ལོག་རྐྱབ་དགོ་པ་ཅིན་ ཟད་འགྲོ་མངམ་ གནས་པའི་ཁར་ སློབ་ཕྲུག་ཚུ་གིས་ བྲིས་དེབ་ཚུ་ འཚོལ་དགོ་ནི་ཨིནམ་ ལས་ ད་ལྟོའི་གྲོས་ཐག་བཅད་མི་དེ་ གདམ་ཁ་དྲག་ཤོས་སྦེ་ བརྩི་ཡོདཔ་ ཨིན་པའི་གནས་ཚུལ།

Newspapers in English

Newspapers from Bhutan

© PressReader. All rights reserved.