རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཧཱ་ ལྷ་ཁང་དཀར་པོའི་ ངན་ལྷད་ནང་ ཕྱི་འབྲེལ་བློན་པོ་ ལུ་ ཉེས་འཛུགས་འབད་ཡོད་མི་ རྩོད་བཤེར་དེ་ ཧཱ་ཁྲིམས་འདུན་ལུ་ ཐོ་བཀོད་འབད་ཡོདཔ།

Bhutan Times - - Advert -

རྫོང་བདག་བགྲེསཔ་ལུ་ ཁོ་རའི་ སྒེར་གྱི་དོན་ལུ་ ཧཱ་ལས་ཐིམ་ཕུག་ཚུན་ རྫོང་ ཁག་གི་སྣུམ་འཁོར་ནང་ ཤིང་སྐྱེལ་འདྲེན་འབད་ བའི་ ཉེས་འཛུགས་འབད་ཡོད་མི་ལུ་ རྫོང་བདག་ བགྲེསཔ་གིས་ ས་སྣུམ་ཁོ་ར་གིས་བླུགས་ཡོདཔ་ སྦེ་ སླབ་ཡོདཔ་ཨིན་རུང་ ཤུལ་ལས་ ངན་ལྷད་ བཀག་སྡོམ་ལྷན་ཚོགས་ཀྱིས་ ཞིབ་དཔྱད་འབད་ བལྟ་བའི་སྐབས་ ས་སྣུམ་བླུགས་མི་དང་ སྐྱེལ་ འདྲེན་འབད་བའི་ ཚེས་གྲངས་གཉིས་ རྟགས་ མ་མཐུནམ་ལས་ ཁོ་རའི་སྒེར་གྱི་དོན་ལུ་ ཤིང་ ཐེངས་༡༠ བསྐྱལ་མི་གི་དོན་ལུ་ དངུལ་ཀྲམ་ ༨༠,༠༠༠ བཏབ་བཅུག་ཡོདཔ་ཨིན་པས།

ངན་ལྷད་བཀག་སྡོམ་ལྷན་ཚོགས་ ཀྱིས་ ངན་ལྷད་དེ་ནང་ འབྲེལ་བ་ཡོད་མི་ གཞན་ འགོ་དཔོན་གསུམ་ལུ་ ཉེས་འཛུགས་འབད་ ཡོདཔ་ད་ ལས་འགུལ་གྱི་འཛིན་སྐྱོང་འགོ་དཔོན་ དབང་ཕྱུག་ཚེ་རིང་དང་ ལཱ་རྒྱབ་ ལྷཔ་རྡོ་རྗེ་གཉིས་ ལུ་ མ་དངུལ་ལོག་སྤྱོད་འབད་བའི་ཉེས་འཛུགས་ འབད་ཡོདཔ་ད་ ལས་འགུལ་བཟོ་རིག་འགོ་ དཔོན་ བཀྲིས་རྒྱལ་མཚན་དེ་ ནང་གསུག་དང་ ཚུལ་མིན་སྤྱོད་པའི་ ཉེས་འཛུགས་འབད་ཡོདཔ་ ཨིན་པས།

ལྷན་རྒྱས་གཞུང་ཚོགས་ཀྱིས་ འདས་པའི་གཞུང་གིས་ དགོངས་ཕོག་གཏང་ བའི་ སྲོལ་མེད་ཟེར་ ད་རེས་ ལྷན་རྒྱས་གཞུང་ ཚོགས་ཀྱིས་ཡང་ སྲོལ་བཟང་པོ་ཅིག་བཟུམ་ སྦེ་ རྩིས་དོ་ཡོད་རུང་ མི་མང་གིས་ གྲོས་ཐག་དེ་ ལེགས་ཤོམ་ཅིག་མེནམ་སྦེ་ བརྩི་དོ་ཡོདཔ་ཨིན་ པས།

ངན་ལྷད་བཀག་སོམྡ་ལྷན་ཚོགས་ ཀྱིས་ ལས་འགུལ་གྱི་མ་དངུལ་ཚུ་ ཚུལ་མིན་ སྤྱོད་པའི་སྐོར་ལས་ གསང་བའི་སྙན་ཞུ་ཐོབ་ པའི་ཤུལ་ལས་ ཞིབ་དཔྱད་འབད་ནི་ འགོ་ བཙུགས་ཡོདཔ་ཨིན་པའི་གནས་ཚུལ། ཁང་ཅིག་ལུ་ ཤིང་དྲ་ནི་གི་ ཁག་འབག་སྤྲོད་ཡོད་ པའི་ ངོས་འཛིན་བྱུང་ཡོདཔ་ཨིན་པས།

རྫོང་བདག་བགྲེསཔ་ལུ་ ས་གནས་ ནང་གི་ ཤིང་དྲ་ཁང་གི་ཇོ་བདག་ཅིག་ལུ་ དངུལ་ ཀྲམ་ས་ཡ་༡.༤ གནས་པའི་ལཱ་ཚུ་ རིན་བསྡུར་ ཚོགས་ཆུང་གིས་ གནང་བ་མེད་པར་ ལཱ་སྤྲོད་ ཡོད་པའི་ ཉེས་འཛུགས་འབད་ཡོདཔ་ཨིན་པས།

ཉེས་འཛུགས་ཚུ་གི་གྲས་ལས་ ལས་འགུལ་གྱི་དོན་ལུ་ ཤིང་དྲ་ནི་གི་ རིན་བསྡུར་ ནང་ མི་༡༠ གྱིས་ བཅའ་མར་གཏོགས་ཡོདཔ་ ཨིན་རུང་ ཚོགས་ཆུང་གིས་ རིན་བསྡུར་ཉུང་ཤོས་ འབད་མི་གི་གོང་ཚད་དེ་ དེ་བསྒང་ཁྲོམ་ཁར་ཡོད་ མི་ གོང་ཚད་ སི་ ཨེཕ་ཊི་རེ་ལུ་ དངུལ་ཀྲམ་༡༨ དང་༢༠ གི་བར་ན་ཨིན་རུང་ རིན་བསྡུར་ཉུང་ཤོས་ འབད་མི་ ཨེལ་ཌི་ ཤིང་དྲ་ཁང་གི་ཇོ་བདག་གིས་ སི་ཨེཕ་ཊི་རེ་ལུ་ དངུལ་ཀྲམ་༣༧.༧ བཙུགས་ ཡོདཔ་ལས་ མཐོ་དྲགས་མི་ལུ་བརྟེན་ ལོག་རིན་ བསྡུར་འབད་ནི་གི་ གྲོས་ཐག་བཅད་ཡོདཔ་ཨིན་ པས།ཨིན་རུང་ ལོག་རིན་བསྡུར་མ་འབད་བའི་ ཁར་ ཚོགས་ཆུང་ལས་ གནང་བ་མེད་རུང་ ཤུལ་ ལས་ སྤྱི་ལོ་༢༠༡༢ སྤྱི་ཟླ་༡ པའི་ཚེས་༢༡ ལུ་ ཤིང་དྲ་ཁང་གི་ཇོ་བདག་དེ་ལུ་ར་ ཤིང་དྲ་ནི་གི་ལཱ་ སྤྲོད་ཡོད་པའི་ ངོས་འཛིན་བྱུང་སེ་ྟ ཞིབ་དཔྱད་ འབད་བའི་སྐབས་ ཤིང་དྲ་ཁང་གི་ཇོ་བདག་དེ་ གིས་ རྫོང་བདག་བགྲེསཔ་ལུ་ ཁོ་གིས་ སི་ཨེཕ་ ཊི་རེ་ལུ་ དངུལ་ཀྲམ་༢༧ སྦེ་ ལས་འགུལ་ནང་ ཤིང་བཀྲམ་སྤེལ་འབད་ནི་སྦེ་ ཞུ་ཡིག་བཙུགས་ ཡོད་པའི་ མངོན་གསལ་བྱུང་ཡོདཔ་ཨིན་པས།

ཞུ་ཡིག་དེ་དང་འཁྲིལ་ རྫོང་བདག་ བགྲེསཔ་གིས་ གནང་བ་བྱིན་ཡོད་པའི་ཁར་ ཤུལ་ལས་ ཏི་རུ་སྤྲོད་པའི་སྐབས་ལུ་ གོང་ཚད་དེ་ ཧེ་མ་ རིན་བསྡུར་ཚོགས་ཆུང་གིས་ ཆ་མེད་བཏང་ མི་ སི་ཨེཕ་ཊི་རེ་ལུ་ དངུལ་ཀྲམ་༣༧.༧ གྱི་ རྩིས་རྐྱབ་སྟེ་ སྤྲོད་ཡོདཔ་ཨིན་པས། བཙུགས་ཡོད་མི་ལུ་ ལྷན་རྒྱས་གཞུང་ཚོགས་ ཀྱིས་ གྲོས་ཐག་བཅད་ཅི་ཟེར་ གསུངས་ཡི།

རྩོད་བཤེར་དེ་ཡང་ རྩོད་དཔོན་ཡོངས་ ཁྱབ་ཡིག་ཚང་གིས་ ངོ་ཚབ་སྦེ་ འབད་ནི་ཨིནམ་ ལས་ ཕྱི་འབྲེལ་བློན་པོ་དེ་ ཡིག་ཚང་ནང་ར་ སོདྡ་ བཅུག་པ་ཅིན་ གཞུང་གི་དོན་ལུ་ རྩོད་དཔོན་ ཡོངས་ཁྱབ་ཡིག་ཚང་དེ་ ཁྲིམས་ཚབ་ཨིནམ་ ལས་ ཁེ་ཕན་རྟག་སྤྲོད་ལུ་ ཐོ་ཕོག་ནི་ཨིནམ་ ལས་ ཆད་ནང་སྡོད་དགོ་པའི་ གྲོས་ཐག་བཅད་ ཡོདཔ་ད་ གནད་དོན་དེ་གི་སྐོར་ལས་ མི་དབང་ མངའ་བདག་རིན་པོ་ཆེ་མཆོག་ལུ་ཡང་ ཞུ་བ་ འབད་ཡོདཔ་ཨིན་པས།

བློན་ཆེན་གྱིས་ ད་ལྟོའི་རྩོད་བཤེར་ དེ་ལུ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཞིབ་དཔྱད་འབད་ནི་གི་ དུས་ཡུན་རིངམ་འགོར་ ཡོད་མི་ལུ་ བློན་ཆེན་ཁོ་ར་གིས་ ག་དེ་སྦེ་ དུས་ ཡུན་འགོར་ཡོདཔ་ཨིན་ནའི་སྐོར་ལས་ དྲི་བ་ཚུ་ འབད་བའི་སྐབས་ རྩོད་དཔོན་ཡོངས་ཁྱབ་ཡིག་ ཚང་གིས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ དང་གཅིག་ཁར་ འབྲེལ་བ་འབད་དེ་ ཞིབ་དཔྱད་ འབད་དགོ་ནི་དེ་གིས་ཨིནམ་སྦེ་ བཤད་ཡོདཔ་ ཨིན་པས།

ཕྱི་འབྲེལ་བློན་པོ་དེ་ ཧེ་མ་ ཧཱ་རྫོང་ བདག་འབད་སྡོད་པའི་སྐབས་ ལྷ་ཁང་དཀར་ པོ་གི་ ཉམས་བཅོས་བཟོ་སྐྲུན་ལས་འགུལ་ནང་ ངན་ལྷད་དང་འབྲེལ་བའི་ ཉེས་འཛུགས་ནང་ མི་ ༧ ལུ་ ཉེས་འཛུགས་འབད་མི་ལས་ གཅིག་ ཕྱི་ འབྲེལ་བློན་པོ་ཁོ་ར་ཨིན་པས། ངན་ལྷད་དེ་གི་སྐོར་ལས་ ལོ་ངོ་༢ ཀྱི་རིང་ ཞིབ་ དཔྱད་འབད་བའི་ཤུལ་ལས་ ངན་ལྷད་བཀག་ སྡོམ་ལྷན་ཚོགས་ཀྱི་ འགོ་དཔོན་ཚུ་གིས་ ཉིན་ བསྟར་གླ་ཆའི་ཐོག་ལུ་ ལཱ་འབད་མི་ཚུ་ལུ་ ཚུལ་ མིན་འབད་མི་དང་ བཟོ་སྐྲུན་གྱི་ཅ་ཆས་ སྤུས་ཚད་ སྐྱོ་དྲགས་དང་ ཚུལ་མིན་གྱི་ཐོག་ལས་ ཤིང་དྲ་ ༉ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཧཱ་ལུ་ ཡོད་མི་ ལྷ་ཁང་དཀར་པོ་ ཉམས་གསོའི་ལས་ འགུལ་ནང་ ཕྱི་འབྲེལ་བློན་པོ་ རིག་འཛིན་རྡོ་རྗེ་ ལུ་ ངན་ལྷད་ཀྱི་ ཉེས་འཛུགས་འབད་ཡོད་མི་གི་ རྩོད་བཤེར་དེ་ ཧཱ་རྫོང་ཁག་ཁྲིམས་འདུན་ལུ་ ཐོ་ བཀོད་འབད་ཡོདཔ་ཨིན་པས།

རྩོད་བཤེར་ཐོ་བཀོད་འབད་མི་དང་ འབྲེལ་ ལྷན་རྒྱས་གཞུང་ཚོགས་ཀྱིས་ ཕྱི་འབྲེལ་ བློན་པོ་དེ་ གནས་སྐབས་ཅིག་ གནང་བ་གྲུབ་ བའི་ཆད་ནང་ བཏང་ཡོདཔ་ད་ རྩོད་བཤེར་མཇུག་ མ་བསྡུ་ཚུན་ བློན་ཆེན་ཚེ་རིང་སྟོབས་རྒྱས་མཆོག་ གིས་ ཕྱི་འབྲེལ་ལྷན་ཁག་དེ་ ལྟ་རྟོག་འབད་ནི་ ཨིན་པས།

བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ གནད་དོན་དེ་གི་སྐོར་ལས་ གསུངས་དོ་བཟུམ་ འབད་བ་ཅིན་ འདས་པའི་གཞུང་གི་སྐབས་ ལས་ར་ དེ་བཟུམ་མའི་ དོགས་པ་ཡོད་མི་ཚུ་ གནས་སྐབས་ཅིག་གི་རིང་ ལཱ་གཡོག་ནང་ལས་ དགོངས་ཕོག་གཏང་ནི་གི་ སྲོལ་མེདཔ་ལས་ ཕྱི་ འབྲེལ་བློན་པོ་ཡང་ གནས་སྐབས་དགོངས་ཕོག་ མི་གཏང་ཟེར་གསུངས་པའི་ཁར་ བློན་ཆེན་གྱིས་ བཅའ་ཁྲིམས་དང་ཁྲིམས་ལུགས་ག་ཏེ་ཡང་ དགོངས་ཕོག་གཏང་དགོཔ་སྦེ་ མིན་འདུག་ཟེར་ ཨིན་པས།

གནས་སྐབས་དགོངས་ཕོག་དེ་ཡང་ སྤྱི་ཟླ་༡ པའི་ཚེས་༢༤ ལས་འགོ་བཙུགས་ ཡོདཔ་ད་ རྩོད་བཤེར་དེ་ ཕྱི་འཕྲེལ་བློན་པོ་ ཁོ་ར་ གིས་ གྲལ་གཏོགས་འབད་ནི་ཨིན་པས།

བློན་ཆེན་གྱིས་ རྩོད་བཤེར་དེ་གི་དོན་ ལུ་ ཕྱི་འབྲེལ་བློན་པོ་ཁོ་ར་གིས་ ཉིནམ་དག་པ་ ཅིག་གི་ཧེ་མར་ རྩེད་བཤེར་དེ་ནང་ ཁེ་ཕན་རྟག་ སྤྲོད་ལུ་ ཐོ་མི་ཕོག་ནིའི་དོན་ལུ་ གནས་སྐབས་ ཅིག་ རྩོད་བཤེར་མཇུག་མ་བསྡུ་ཚུན་ ཁོ་ར་ དགོངས་ཞུ་འབད་སྡོད་ནི་གི་སྐོར་ལས་ ཞུ་ཡིག་

Newspapers in English

Newspapers from Bhutan

© PressReader. All rights reserved.