གཡུས་ཆུམ་གྱི་རིགས་ཚུ་ འབྲུག་བཟའ་སྤྱོད་ལས་འཛིན་ ནང་ལས་ གོང་ཚད་ཁེ་ཏོག་ཏོ་སྦེ་ ཐོབ་ཚུགས་ནི།

Bhutan Times - - Adverts -

༉ འབྲུག་བཟའ་སྤྱོད་ལས་འཛིན་ གྱིས་ རྫོང་ཁག་ཚུ་ལས་ ཉོ་ འདྲེན་འབད་མི་ ཆུམ་གྱི་རིགས་ ཚུ་ འདས་པའི་བདུན་ཕྲག་ནང་ ལས་ ལས་འཛིན་གྱི་ ཁྲོམ་སྡེ་ ནང་ཡོད་མི་ ཚོང་འབྲེལ་སྡེ་ཕྲན་ ཚུ་ནང་ལས་ ཚོང་བསྒྱུར་འཐབ་ ནི་ འགོ་བཙུགས་ཡོདཔ་ལས་ གཡུས་ཆུམ་དང་གཞན་ཆུམ་གྱི་ རིགས་ཚུ་ གོང་ཚད་ཁེ་ཏོག་ཏེ་ སྦེ་ ཐོབ་ཚུགས་ནི་ཨིན་པས། ད་རེས་ཀྱི་བདུན་ཕྲག་ནང་ ཐིམ་ ཕུག་ལུ་ཡོད་མི་ འབྲུག་བཟའ་ སྤྱོད་ལས་འཛིན་གྱི་ ཡིག་ཚང་ ནང་སྦེ་ ཚོང་འབྲེལ་འགོ་འབྱེད་ འབད་མི་དང་འབྲེལ་ ལས་ འཛིན་གྱིས་ འབྱ་འཛུགས་ སྐྱོང་འབད་བཅུག་མི་རྫོང་ཁག་ ཚུ་ལས་ ཆུམ་མེ་ཊིག་ཊོན་ བསྡོམས་ཀྱིས་༢༨༦ དེ་ཅིག་ ལེན་ཡོད་ས་ལས་ ཐུམ་ཕུག་ ལུ་ མེ་ཊིག་ཊོན་༥༠ དེ་ཅིག་ འབག་འོང་མི་ཚུ་ འགོ་འབྱེད་ འབད་མི་དང་འབྲེལ་ ཁྲོམ་སྡེ་ གི་ནང་འཁོད་ལྕང་ཇི་ཇི་དང་ མུ་ ཏིག་ཐང་ལུ་ཡོད་མི་ ཚོང་འབྲེལ་ ལྟེ་བ་སྡེ་ཕྲན་ཚུ་ནང་ བཀྲམ་ སྤེལ་འབད་ཡོདཔ་ཨིན་པས། ཐིམ་ཕུག་ལུ་ཡོད་མི་ འབྲུག་ བཟའ་སྤྱོད་ལས་འཛིན་གྱི་ ལུང་ ཕྱོགས་འཛིན་སྐྱོང་འགོ་དཔོན་ དཔལ་ལྡན་བཀྲ་ཤིས་ཀྱིས་ བཤད་དོ་བཟུམ་འབད་བ་ཅིན་ ཆུམ་ཚུ་བསྡུ་བསྒྱོམ་འབད་མི་ དེ་ ལས་སྡེ་གིས་ ཚོང་འབྲེལ་ འཐབ་སྟེ་ སྒེར་སྡེ་ལུ་གོ་སྐབས་ ཐོབ་མ་ཚུགསཔ་བཟོ་ནི་གི་ འཆར་གཞི་མེད་པར་ གཡུས་ མི་ཚུ་གིས་ ཁོང་རའི་ཞིང་ནང་ ལས་ཐོན་མི་ ཐོན་སྐྱེད་ཚུ་ ཚོང་ འབྲེལ་འཐབ་ནིའི་ནང་ ལྷན་ ཐབས་འབད་ བྱིན་ནིའི་དོན་ལུ་ ཨིནམ་ལས་ དེ་གིས་ མི་སེར་ ཚུ་ལུ་ ཁེ་ཕན་སྦོམ་ཡོད་ཟེར་ ཨིན་པས། ལས་འཛིན་གྱིས་ æ་བསྡུ་ བསྒྱོམས་འབད་དེ་ བཙོང་ནི་གི་ འཆར་གཞི་དེ་ཡང་ སོ་ནམ་པ་ ཚུ་ལུ་ æ་འཛུགས་སྐྱོང་ནང་ དང་འདོད་བསྐྱེད་བཅུག་ཐབས་ དང་ གཙོ་བོ་ར་ རྒྱལ་ཁབ་ནང་ ཧེ་མ་ལས་ འཛུགས་སྐྱོང་འབད་ སྲོལ་ཡོད་མི་ རྔབ་æ་དང་བོན་ བྲེ་གི་རིགས་ཚུ་ ད་རེས་ནངས་ པར་ དེ་ཅིག་བཙུགས་ནི་མེདཔ་ ལས་ མི་ཚུ་གིས་ æ་རིགས་དེ་ ཚུ་ལུ་ དང་འདོད་བསྐྱེད་བཅུག་ ནིའི་དོན་ལུ་ ཨིན་ཟེར་ཨིན་ པས། དེ་མ་ཚད་ དེ་གིས་ རྒྱལ་ཁབ་ ནང་ རུ་པི་གི་དཀའ་ངལ་བསལ་ ཏེ་ ནང་འཁོད་ལས་ རང་དགོ་ ལངམ་སྦེ་ ཐོན་ནི་དང་ མི་སེར་ ཚུ་གིས་ ཆུམ་ཚུ་བཙོང་ནིའི་དོན་ ལུ་ ལཱ་ཁག་སྦེ་ ཁྲོམ་སྡེ་ཚུ་ནང་ འབག་འགྱོ་མི་དགོ་ཟེར་ ལུང་ ཕྱོགས་འཛིན་སྐྱོང་འགོ་དཔོན་ གྱིས་ བཤདཔ་ཨིན་པས། ཁོ་གིས་ སླབ་དོ་བཟུམ་འབད་ བ་ཅིན་ མི་སེར་ཚུ་གིས་ ཆུམ་ འཛུགས་སྐྱོང་གི་ནང་ སྤྲོ་བ་ལེན་ བཅུག་ནིའི་དོན་ལུ་ ཧེ་མ་ལས་ ལྕང་ལཱ་དང་ གཞན་ལཱ་འབད་ ནིའི་དོན་ལུ་ བསྐྱེད་མ་ཕོགཔ་ སྦེ་ དངུལ་ཀྲམ་༥༠,༠༠༠ རེ་ གཡུས་མི་ཚུ་ལུ་ བྱིན་ཡི་ཟེར་ ཨིན་པས། མ་དངུལ་དེ་གི་དོན་ལུ་ འབྲུག་ བཟའ་སྤྱོད་ལས་འཛིན་གྱིས་ æ་ བསྡུ་ཚར་བའི་ཤུལ་ལས་ ཏི་ རུ་གི་ཚབ་ལུ་ མི་སེར་ཚུ་ལས་ ཆུམ་རྩིས་རྐྱབ་སྟེ་ལེན་ཡོད་པའི་ ཁར་ ཆུམ་ལྷག་ལུགས་ཡོད་ མི་ཚུ་ཡང་ ལས་སྡེ་གིས་ཉོ་ སྟེ་ ཡིག་ཚང་གི་ བསམ་གྲུབ་ ལྗོངས་མཁར་དང་ཐིམ་ཕུག་ སྤ་ རོ་ དེ་ལས་ དབང་འདུས་ལུ་ ཡོད་མི་ ཚོང་འབྲེལ་ལྟེ་བ་ཚུ་ ནང་ བཀྲམ་སྤེལ་འབད་ཡོད་ ཟེར་ཨིན་པས། ད་ལྟོ་ གཡུས་མི་ཚུ་གིས་ རྔབ་ æ་བཟུམ་ཅིག་ ཁྲོམ་ཁར་ འབག་འོང་སྟེ་བཙོང་པ་ཅིན་ ཀེ་ ཇི་རེ་ལུ་ མཐོ་ཤོས་དངུལ་ཀྲམ་ ༡༠༠ དེ་ཅིག་སྦེ་ བཙོང་དོ་ཡོད་ རུང་ འབྲུག་བཟའ་སྤྱོད་ལས་ འཛིན་གྱིས་ མི་སེར་ཚུ་གི་སྒོ་ ཁར་ཚུན་འགྱོ་སྟེ་ ཉོ་འབག་འོང་ མི་ æ་དེ་ལུ་ ཀེ་ཇི་རེ་ལུ་ དངུལ་ ཀྲམ་༧༤ དང་ཕྱེད་ཀྲམ་༤༧ སྦེ་ བཙོང་བྱིན་དོ་ཟེར་ཨིན་པས། གོང་ཚད་དེ་ཅིག་ མར་ཕབ་ འབད་དེ་བཙོང་རུང་ མི་སེར་ཚུ་ གིས་ ཁྲོམ་ཁར་འབག་འགྱོ་ བའི་སྐབས་ ཟད་འགྲོ་བཏང་ དོ་བཟུམ་ཅིག་ བཏང་མ་དགོ་ ནི་དེ་གིས་ ཁེ་ཕན་སྦོམ་ཡོདཔ་ ད་ ཆུམ་གྱི་རིགས་ གཡུས་ ཆུམ་འབད་བ་ཅིན་ ཀེ་ཇི་རེ་ ལུ་ དངུལ་ཀྲམ་༣༦ དང་ གཞན་གཞུང་གིས་སོན་བྱིན་ ཏེ་ འཛུགས་སྐྱོང་འབད་མི་æ་ ཚུ་འབད་བ་ཅིན་ ཀེ་ཇི་རེ་ལུ་ དངུལ་ཀྲམ་༢༦ སྦེ་ བཙོང་དོ་ ཡོདཔ་ཨིན་པས། འགོ་དཔོན་ཚུ་གིས་ བཤད་དོ་ བཟུམ་འབད་བ་ཅིན་ ཆུམ་ཚུ་ ཁོང་གིས་ སྒོ་ཁར་ལས་ལེན་ འབག་སྟེ་ ཁྲོམ་ཁར་བཙོང་བྱིན་ མི་དེ་གིས་ མི་སེར་ཚུ་གི་ ལཱ་ འཇམ་པའི་ཁར་ ཁེ་སང་ཡང་ ཡོད་ཟེར་ཨིན་རུང་ ཁོང་གིས་ སྒེར་སྡེ་ལུ་ གོ་སྐབས་མ་བྱིན་ནི་ གི་ འཆར་གཞི་མེན་ཟེར་ཨིན་ པས། ལུང་ཕྱོགས་འཛིན་སྐྱོང་འགོ་ དཔོན་གྱིས་ མི་སེར་ཚུ་གིས་ གཞན་འབད་བ་ཅིན་ ལས་ འཛིན་གྱིས་ རྫོང་ཁག་དང་རྒེད་ འོག་ཚུ་ནང་ ངོས་འཛིན་འབད་ ཡོད་མི་ ས་ཁོངས་ཚུན་ འབག་ སྐྱེལ་དགོཔ་ཅིག་ཨིན་རུང་ མི་ སེར་ཚུ་གིས་ འབད་མ་བཏུབ་ ལས་ ལས་སྡེ་གིས་ ཁྱིམ་ཚུན་ འགྱོ་སྟེ་ འབག་དགོཔ་ཐོནམ་ ལས་ དུས་ཅི་གི་དོན་ལུ་ ཟད་ འགྲོ་སྦོམ་གནས་ཡི་ཟེར་ཨིནམ་ ད་ ཆུམ་ཚུ་ཡང་ ཀེ་ཇི་༥, ༡༠ དང་༢༠ གི་ཚད་གཞི་ནང་ བཟོ་ ཡོདཔ་ཨིན་པས། ཚོང་འབྲེལ་དེ་གི་དོན་ལུ་ འབྲུག་ བཟའ་སྤྱོད་ལས་འཛིན་གྱིས་ བསམ་གྲུབ་ལྗོངས་མཁར་དང་ གསར་སྤང་ལུ་འབད་བ་ཅིན་ སྤྱི་ ལོ་༢༠༡༣ ལས་ འཆར་གཞི་ འབད་ཡོདཔ་ད་ ནུབ་ཕྱོགས་ རྫོང་ཁག་ནང་ སྤྱི་ལོ་༢༠༡༤ ལས་ འཆར་གཞི་འབད་དེ་ མ་དངུལ་གྱི་གྲོགས་རམ་ཚུ་ འབད་ཡོད་པའི་གནས་ཚུལ།

Newspapers in English

Newspapers from Bhutan

© PressReader. All rights reserved.