ལྡོག་ཕྱོགས་ཚོགས་པ་གིས་ གནས་ཚུལ་གསར་སྟོན་འབད་ མི་དེ་ མི་སྡེའི་ནང་ གོ་བ་བརྡ་ལོག་སྤྲོད་ནི་གི་ ཉེན་ཁ་སྦོམ།

Bhutan Times - - Adverts -

༉ ལྡོག་ཕྱོགས་ཚོགས་པ་གིས་ གཞུང་གི་དྲུང་ཆེན་གསུམ་གྱི་ སྐོར་ལས་ གཞུང་གིས་ཁྲིམས་ ལུགས་ཚུ་དང་མ་འཁྲིལ་བར་ འབད་ཡོདཔ་སྦེ་ སླབ་མི་ལུ་ གཞུང་གིས་མི་བདེན་ཟེར་ཨིན་ པས། ཁ་ཙ་ བློན་ཆེན་ཚེ་རིང་ སྟོབས་མཆོག་གིས་ གནས་ ཚུལ་བསྡུ་བཀོདཔ་ཚུ་དང་ གཅིག་ཁར་ ཟླ་རིམ་གྱི་ཞལ་ འཛོམས་འཚོགས་པའི་སྐབས་ གསུངས་དོ་བཟུམ་འབད་བ་ ཅིན་ ལྡོག་ཕྱོགས་ཚོགས་པ་ གིས་ འཕྲལ་ཁམས་ཅིག་ཁར་ དྲུང་ཆེན་གསུམ་གྱི་སྐོར་ལས་ གནས་ཚུལ་ལས་ཁང་ཚུ་ནང་ གནས་ཚུལ་གསར་སྟོན་འབད་ མི་དེ་ བཅུད་ག་ནི་ཡང་མེད་ པའི་ཁར་ དེ་གིས་ མི་སྡེའི་ནང་ གནས་ཚུལ་བརྡ་ལོག་སྤྲོད་ནི་ གི་ ཉེན་ཁ་སྦོམ་འདུག་ཟེར་ ཨིན་པས། བློན་ཆེན་གྱིས་ གསུངས་དོ་ བཟུམ་འབད་བ་ཅིན་ གནས་ ཚུལ་གསར་སྟོན་དེ་ལུ་བལྟ་བ་ ཅིན་ མི་ཚུ་གིས་ རྒྱལ་གཞུང་ ཞི་གཡོག་ལྷན་ཚོགས་དང་ གཞུང་གིས་ ལཱ་ག་ནི་ཡང་ མ་ འབདཝ་བཟུམ་ མཐོང་ནི་གི་ ཉེན་ཁ་ སྦོམ་འདུག་ཟེར་ཨིན་ པས། བློན་ཆེན་གྱིས་ གཞུང་གིས་ གནད་དོན་དེ་ལུ་ གྲོས་ཐག་ ག་ནི་ཡང་ བཅད་བཅདཔ་མེད་ པའི་ཁར་ ཁྲིམས་དང་འཁྲིལ་ བཞག་ནིའི་དོན་ལུ་ དྲུང་ཆེན་ གསུམ་ རྒྱལ་གཞུང་ཞི་གཡོག་ ལྷན་ཚོགས་ལུ་ རྩིས་སྤྲོད་ འབད་ཡི་ཟེར་གསུངས་ཡི། དེ་འབདཝ་ལས་ རྒྱལ་གཞུང་ ཞི་གཡོག་ལྷན་ཚོགས་ཀྱིས་ གྲོས་ཐག་བཅད་མི་ལུ་ ཆ་མ་ བཞག་མི་ཡང་འོང་སྲིད་རུང་ ལྷན་ཚོགས་དེ་ རང་དབང་ གི་ གཙུག་སྡེ་ཅིག་འབད་ནི་དེ་ གིས་ ཆ་བཞག་དགོཔ་འོང་ཟེར་ གསུངས་ཡི། ནང་སྲིད་བློན་པོ་ དམ་ཆོས་རྡོ་ རྗེ་གིས་ རྒྱལ་གཞུང་ཞི་གཡོག་ ལྷན་ཚོགས་ཀྱིས་ རང་སོའི་ སྒྲིག་གཞི་དང་ ལམ་ལུགས་ དང་འཁྲིལ་ གྲོས་ཐག་བཅད་ ཡོདཔ་ལས་ གཞུང་གིས་ སླབ་ ནིའི་དབང་ཆ་ཅིག་ མི་མཐོང་ པས་ཟེར་ཨིན་པས། དེ་མ་ཚད་ ལྡོག་ཕྱོགས་ཚོགས་ པ་གིས་ དེ་བཟུམ་མའི་ གནས་ ཚུལ་ཁྱབ་སྤེལ་འབད་མི་ལུ་ རྣམ་རྟོག་ལང་ཡི་ཟེར་ཨིན་མི་ དེ་ཡང་ ལྡོག་ཕྱོགས་ཚོགས་པ་ གིས་ རྒྱལ་གཞུང་ཞི་གཡོག་ ལྷན་ཚོགས་ཀྱི་གྲོས་ཐག་ལུ་ གུས་བཏུད་མེད་པའི་ རྟགས་ ཨིན་མས་ཟེར་བཤད་ཅི། ལྡོག་ཕྱོགས་ཚོགས་པ་གིས་ དེ་ བཟུམ་མའི་ གནད་དོན་ནང་ ལྷོདཔ་ད་ གཞུང་དང་གཅིག་ ཁར་ གྲོས་བསྟུན་མ་འབད་བར་ གཞུང་གི་ཕྱི་ཁར་ ཐད་ཁར་ དུ་ གནས་ཚུལ་ལས་ཁང་དང་ གཅིག་ཁར་ འབྲེལ་བ་འཐབ་ནི་ འདུག་ཟེར་ཨིནམ་ད་ དེ་བཟུམ་ འབད་ནི་དེ་ འགོ་དང་པ་མེན་ ཟེར་ཨིན་པས། དེ་མ་ཚད་ ནང་སྲིད་བློན་པོ་གིས་ གྲོས་ཐག་དེ་ལུ་ བསམ་པ་མ་ རྫོགས་པ་ཅིན་ ལྡོག་ཕྱོགས་ ཚོགས་པ་གིས་ དོན་དག་དེ་ བ་དྲགཔ་ཅིག་བཀལ་ཏེ་ འོང་ དགོ་ཟེར་ཨིནམ་ད་ ལྷན་རྒྱས་ གཞུང་ཚོགས་ཀྱིས་ཡང་ བཅའ་ ཁྲིམས་དང་མ་འཁྲིལ་བའི་ ལཱ་ འབད་ཡོདཔ་སྦེ་ བཤད་མི་ལུ་ ཡང་ བདེན་ཁུངས་བཟང་དགོ་ ཟེར་ཨིན་པས། དེ་གིས་མ་དོ་བར་ ལྡོག་ཕྱོགས་ ཚོགས་པ་གིས་ སྲིད་དང་ འབྲེལ་བ་མེད་མི་ རྒྱལ་ཡོངས་ ཚོགས་སྡེ་དེ་ཡང་ གནད་དོན་དེ་ ནང་ འདྲུད་ནི་གི་ དཔའ་བཅམ་ མི་དེ་ བློ་འགྱོད་བྱུང་ཡི་ཟེར་ བློན་པོ་གིས་བཤད་ཅི། བསྟན་རྒྱས་བློན་པོ་ནོར་བུ་ དབང་ཕྱུག་གིས་ རྒྱ་གར་གྱི་ དུས་དེབ་ ཨི་ནར་ཤི་ཡ་གིས་ བྲིས་ཡོད་མི་ལུ་ ལྷན་ཁག་ ནང་གྲོས་བསྟུན་འབད་ཡོད་མི་ དེ་ བདེན་ཟེར་ཨིནམ་ད་ དེ་ཡང་ དྲུང་ཆེན་གྱིས་ ཁོ་ལུ་ ཁ་ཉེས་ བཀལ་མི་དེ་ ལྷན་ཁག་གི་ཞི་ གཡོགཔ་བགྲེསཔ་ ཀེ་བི་ཝཀ་ ལེ་གིས་ དུས་དེབ་དང་གཅིག་ ཁར་ མཐུད་འབྲེལ་འབད་བའི་ དོགས་པ་ཡོདཔ་ལས་ བློན་པོ་ གིས་ བསྟན་རྒྱས་ལྷན་ཁག་གི་ དྲུང་ཆེན་ལུ་ ག་ཅི་འབད་བ་ཅིན་ དྲག་ག་ཟེར་བའི་ བསམ་འཆར་ འབད་ཡི་ཟེར་ཨིན་པས། དེ་བཟུམ་སྦེ་ དུས་དེབ་དེ་གི་ རྩོམ་སྒྲིག་འགོ་དཔོན་གྱི་ཐད་ ཁར་ རྒྱ་གར་གཞུང་ལུ་ ཞུ་ ཡིག་བྲིས་ནི་འབདཝ་ད་ བློན་ པོ་གིས་ གནད་དོན་དེ་ནང་ ཕྱིའི་ལས་སྡེ་འབྲེལ་གཏོགས་ ཡོདཔ་ལས་ བདེན་ཁུངས་ མངམ་དགོཔ་བཟུམ་མཐོང་ཡི་ ཟེར་ཨིནམ་ད་ ཞི་གཡོགཔ་ བགྲེསཔ་གི་ཐད་ཁར་ བློན་པོ་ གིས་ ཞི་གཡོག་ལྷན་ཚོགས་ ལུ་ བྲིས་རུང་བཏུབ་པས་ཟེར་ སླབ་ཅི་ཟེར་ཨིན་པས། ཨིན་རུང་ གནད་དོན་དེ་ལུ་ གྲོས་བསྟུན་འབད་སྡོད་པའི་ བར་ན་ དུས་དེབ་ཀྱིས་ ད་རུང་ གནས་ཚུལ་ལེ་ཤ་བྲིས་ཡོདཔ་ ལས་ དྲུང་ཆེན་ལུ་ རྒྱ་གཞུང་ ལུ་ཡི་གུ་བྲིས་ནི་དེ་ གནས་ སྐབས་ཅིག་ བཞག་དགོཔ་ སྦེ་ སླབ་ཡོད་རུང་ ཤུལ་ལས་ གནད་དོན་དེ་ དྲུང་ཆེན་ཚོགས་ ཆུང་ནང་ བཙུགས་ཏེ་གྲོས་ བསྟུན་འབད་ཡོད་རུང་ ལྷན་ རྒྱས་གཞུང་ཚོགས་ཀྱིས་ ཤེས་ རྟོགས་རྩ་ལས་མེད་ཟེར་ཨིན་ པས། དེ་མ་ཚད་ ཚོགས་ཆུང་གིས་ རྒྱ་གཞུང་ལུ་བྲིས་ནི་གི་དོན་ལུ་ ཚོགས་ཆུང་ནང་ གྲོས་བསྟུན་ ཐེངས་བཞི་འབད་ཡོད་རུང་ འབྲེལ་ཡོད་བློན་པོ་དང་ ལྷན་ རྒྱས་གཞུང་ཚོགས་ལུ་ སྙན་ཞུ་ མ་འབད་བས་ཟེར་ ཨིན་པའི་ གནས་ཚུལ།

Newspapers in English

Newspapers from Bhutan

© PressReader. All rights reserved.