འབྲུག་པའི་ རྐང་རྩེཔ་ཚུ་གིས་ རྒྱལ་རབས་ཅན་གྱི་ རྒྱལ་ཁ་ཐོབ་ཡོདཔ།

Bhutan Times - - Adverts -

༉ འབྲུག་པའི་རྐང་རྩེཔ་ཚུ་གིས་ རྒྱལ་རབས་ཅན་གྱི་ སྤྱི་ལོ་ ༢༠༡༨ ལུ་ རྩེད་འགྲན་འབད་ ནི་ཨིན་མི་ འཛམ་གླིང་རྒྱལ་ རྟགས་ཀྱི་ ཕུཊ་བཱོལ་རྩེད་འགྲན་ དོན་ལུ་ ཤྲི་ལངྐ་གི་རྒྱལ་ས་ལུ་ སྦེ་ བཙག་འཐུའི་འགྲན་བསྡུར་ འབད་བའི་སྐབས་ ཤྲི་ལངྐ་གི་ རྩེད་འགྲན་པ་ཚུ་ལས་ རྒྱལ་ ཁ་ཐོབ་པའི་ཤུལ་ལས་ ཁ་ ཙ་ དཔའ་ཉམས་ཀྱི་ཐོག་ལས་ རྒྱལ་ཁབ་ནང་ལོག་ལྷོད་ཡོདཔ་ ཨིན། རྩེད་འགྲན་པ་ཚུ་ ཁ་ཙ་ སྤ་ རོ་གནམ་ཐང་ནང་ ལྷོད་པའི་ སྐབས་ འབྲུག་གི་ཕུཊ་བཱོལ་ ཚོགས་པའི་ཡོངས་ཁྱབ་དྲུང་ ཆེན་དང་ སྤ་རོ་སློབ་སྦྱོང་སྤེལ་ ཁང་གི་ ཨིསི་ཀའུཊ་གི་འཐུས་ མི་ཚུ་གིས་ དགའ་འཚོར་གྱི་ གདོང་བསུ་འབད་བར་ འགྱོ་ ཡོདཔ་ཨིན་པས། རྒྱལ་ཁ་ཐོབ་མི་དེ་གིས་ རྒྱལ་ སྤྱི་ནང་ མིང་གཏམ་ཐོན་ཡོད་ མི་དེ་ཡང་ འབྲུག་པའི་སྡེ་ཚན་ གྱི་གནས་ཚད་དེ་ འཛམ་གླིང་ ནང་ རྩེད་འགྲན་པ་ སྐྱོ་ཤོས་ཀྱི་ གྲས་ཁར་ཚུད་ཡོད་རུང་ ཤྲི་ལངྐ་ གི་སྡེ་ཚན་ཚུ་ འབྲུག་པའི་རྩེད་ འགྲན་པ་ཚུ་དང་ཕྱདཔ་ད་ དྲག་ ཤོས་ཀྱི་གྲས་ཁར་ཚུདཔ་ཨིན་ པས། སྤྱི་ཟླ་༣ པའི་ཚེས་༡༢ ལུ་ རྩེད་ འགྲན་འབདཝ་ད་ འབྲུག་པའི་ སྡེ་ཚན་གྱི་ འགན་འཇར་ཨང་༡༦ གྱོན་མི་ ཚེ་རིང་རྡོ་རྗེ་གིས་ རྩེད་ འགྲན་མཇུག་བསྡུ་ནི་ དུས་ཡུན་ སྐར་མ་དག་པ་ཅིག་ཡོདཔ་ད་ གཱོལ་༡ བཙུགས་ཏེ་ རྒྱལ་ཁ་ ཐོབ་མི་དེ་ གནས་ཚུལ་བཟང་པོ་ ཅིག་ཨིནམ་ད་ དེ་ཡང་ འབྲུག་ རྒྱལ་ཁབ་ཀྱིས་ ད་ཚུན་གྱི་བར་ ན་ དེ་བཟུམ་གྱི་ རྩེད་འགྲན་ནང་ བཅའ་མར་གཏོགས་ནིའི་ གོ་ སྐབས་ཐོབ་མི་དེ་ འགོ་དང་པ་ ཨིན་པས། འབྲུག་དང་ ཤྲི་ལངྐ་༢ གཉིས་ ཆ་ར་ འཛམ་གླིང་རྒྱལ་རྟགས་ ཀྱི་ ཕུཊ་བཱོལ་རྩེད་འགྲན་ནང་ དོ་འགྲན་འབད་ནིའི་དོན་ལུ་ བཙག་འཐུའི་རྩེད་འགྲན་གྱི་ གནས་རིམ་ནང་ ཨང་མཇུག་ ལུ་ཨིནམ་ད་ བཙག་འཐུའི་རྩེད་ འགྲན་ནང་ རྒྱལ་ཁབ་༢༠༨ ཀྱིས་ བཅའ་མར་གཏོགས་ནི་ ཨིན་པས། འབྲུག་དང་ ཤྲི་ལངྐ་གི་བར་ ན་ རྩེད་འགྲན་འབད་མི་དེ་ འཛམ་གླིང་ནང་ འཛམ་གླིང་ རྒྱལ་རྟགས་ཀྱི་ ཕུཊ་བཱོལ་རྩེད་ འགྲན་དོན་ལུ་ བཙག་འཐུའི་ རྩེད་འགྲན་ འགོ་འབྱེད་འབདཝ་ ཨིནམ་མ་ཚད་ ཨེ་ཤི་ཡ་ལུང་ ཕྱོགས་ནང་ཡང་ རྩེད་འགྲན་ འགོ་དང་པ་ཨིན་པས། རྩེད་འགྲན་དེ་གི་སྐབས་ལུ་ འབྲུག་པའི་རྩེད་འགྲན་པ་ཚུ་ གིས་ ཚ་དྲོད་ལྡན་པའི་ས་ཆ་ ནང་ རྩེད་འགྲན་འབད་ནི་ལུ་ ལཱ་ ཁག་བཏང་ནི་གི་ ཚ་གྱང་ལང་ ཡོད་རུང་ རྩེད་འགྲན་འབད་མི་ ཚུ་གིས་ དུས་ཚོད་མང་ཤོས་ར་ ཤྲི་ལངྐའི་རྩེད་འགྲན་པ་ཚུ་དང་ ཕྱདཔ་ད་ ལེགས་ཤོམ་སྦེ་ རྩེ་ ཚུགས་ཡོདཔ་ཨིན་པས། རྩེད་འགྲན་ནང་ གསལ་བཤད་ འབད་མི་ཚུ་གིས་ཡང་ འབྲུག་ པའི་རྩེད་འགྲན་པ་ཚུ་གིས་ བྱང་ ཕྱེད་ཀྱིས་གཱོལ་བཙུགས་མི་ བཅུག་ནིའི་དོན་ལུ་ རྩ་འགེངས་ དོ་ཡོདཔ་སྦེ་ བཤད་ཡོདཔ་ཨིན་ པས། ཚེ་རིང་རྡོ་རྗེ་གིས་ དཱ་གར་ཇཱི་ཡཱན་ ཟེར་མི་ གསར་ཤོག་ལུ་སླབ་ དོ་བཟུམ་འབད་བ་ཅིན་ཁོ་གིས་ གཱོལ་བཙུགས་ནི་དེ་ ཁོ་གི་དོན་ ལུ་ དུས་སྐབས་བཟང་པོ་ཅིག་ ཨིན་པའི་ཁར་ གོ་སྐབས་དེ་གི་ དོན་ལུ་ བསྒུག་སྟེ་ར་ སྡོད་ཡི་ ཟེར་བཤད་ཡོདཔ་ཨིན་པས། འབྲུག་པའི་སྡེ་ཚན་གྱིས་ སྤྱི་ ལོ་༢༠༠༠ ལུ་ ཨེ་ཤི་ཡ་ལུང་ ཕྱོགས་ཀྱི་དོན་ལུ་ རྩེད་འགྲན་ འབད་བའི་སྐབས་ ཀུ་ཝེཊ་གི་སྡེ་ ཚན་གྱིས་ གཱོལ་༢༠ བཙུགས་ ཏེ་ ཕམ་བཏང་ཡོད་རུང་ ད་རེས་ ཀྱི་རྒྱལ་ཁ་ཐོབ་མི་ལུ་བརྟེན་ལུ་ རྒྱལ་སྤྱི་ཕུཊ་བཱོལ་ཚོགས་པ་གི་ ཁྲི་འཛིན་ སེཔ་ བ་ལ་ཊར་གྱིས་ ངལ་རངས་ཡོད་པའི་སྐོར་ལས་ ཡོངས་འབྲེལ་འཆར་སྒོ་ནང་ བྲིས་ཡོདཔ་ཨིན་པས། ཤྲི་ལངྐའི་རྩེད་འགྲན་གྱི་འགོ་ འཛིན་ ནི་ཀོ་ལ་ ཀ་ཝ་ཟོ་བིཀ་ གིས་ ཤྲི་ལངྐའི་རྩེད་འགྲན་པ་ ཚུ་གིས་ འབྲུག་པའི་སྡེ་ཚན་དེ་ འཇམ་ཏོག་ཏོ་སྦེ་ ཕམ་ཚུགས་ པའི་རེ་བ་བསྐྱེད་དེ་ རྩེད་འགྲན་ འབད་མི་ལུ་བརྟེན་ ཕམ་ཡོདཔ་ སྦེ་ བཤད་ཡོད་རུང་ ཁོ་གིས་ ད་ རེས་ཀྱི་བདུན་ཕྲག་ནང་ རྒྱལ་ ཁབ་གཉིས་ཀྱི་རྩེད་འགྲན་པ་ཚུ་ གིས་ རྒྱལ་ལྟེ་བ་ལུ་སྦེ་ ལོག་ རྩེད་འགྲན་འབད་བའི་སྐབས་ རྒྱལ་ཁ་ཐོབ་པའི་ རེ་བ་ཡོད་ཟེར་ བཤད་ཡོདཔ་ཨིན་པས། ཁོ་གིས་ རྩེད་འགྲན་འབད་བའི་ སྐབས་ འབྲུག་པའི་རྩེད་པ་ ཚུ་ དེ་ཅིག་ལེགས་ཤོམ་རྩེ་འོང་ ཟེར་ མ་མནོ་ཟེར་བཤད་ཡོདཔ་ ད་ བཙག་འཐུའི་རྩེད་འགྲན་ ནང་ རྒྱལ་ཁབ་༢༠༨ ཀྱིས་ བཅའ་མར་གཏོགས་མིའི་གྲས་ ལས་ རྒྱལ་ཁབ་༣༡ དང་༣༢ དེ་ཅིག་རྐྱངམ་གཅིག་ བཙག་ འཐུ་འབད་ནི་ཨིན་མི་ཚུ་གིས་ འཛམ་གླིང་རྒྱལ་རྟགས་ཀྱི་ ཕུཊ་ བཱོལ་རྩེད་འགྲན་ནང་ བཅའ་ མར་གཏོགས་ཆོག་ནི་ཨིན་པའི་ གནས་ཚུལ།

Newspapers in English

Newspapers from Bhutan

© PressReader. All rights reserved.