སྐོར་ཐེངས་གཉིས་པའི་དོན་ལུ་ འབྲུག་པའི་སྡེ་ཚན་ གྱི་ སློབ་སྟོན་པ་གསརཔ་ལྷོད་ཡོདཔ།

Bhutan Times - - Adverts -

༉ རྒྱལ་སྤྱི་ཕུཊ་བཱོལ་གྱི་དོ་འགྲན་ ཐེངས་གཉིས་པའི་ནང་ བཅའ་ མར་གཏོགས་ནིའི་དོན་ལུ་ འབྲུག་ པའི་རྐང་རྩེ་ཚོགས་པ་གིས་ ཇ་ པཱ་ནིསི་གི་ སློབ་སྟོན་པ་གསརཔ་ བཙག་འཐུ་འབད་ཡོད་མི་གིས་ ཤུལ་མམ་གྱི་ཟླཝ་ནང་ རྩེད་ འགྲན་འབད་ནི་ཨིན་མིའི་ནང་ གྲུབ་འབྲས་ལེགས་ཤོམ་ཐོན་པའི་ རེ་བ་བསྐྱེད་དོ་ཡོདཔ་ཨིན་པས། སློབ་སྟོན་པ་གསརཔ་དེ་ཡང་ འབྲུག་པའི་རྩེད་འགྲན་པ་ཚུ་གིས་ འདས་པའི་རྩེད་འགྲན་གཉིས་ནང་ བཅའ་མར་མ་གཏོགས་པའི་ཧེ་ མར་ ཐའི་ལེཌ་ལུ་ སྦྱང་བ་འབད་ བའི་སྐབས་ སྡེ་ཚན་ལུ་དབྱེ་ཞིབ་ འབད་མི་ ལོ་ངོ་༢༣ གྱི་ཉམས་ མྱོང་ཡོད་མི་ སུ་ཀི་ཏ་ཏི་ ནོ་རི་བོ་ ཨིན་པས། སྐྱེས་ལོ་༥༥ ལང་མི་ སུ་ཀི་ཏ་ ཏི་ ནོ་རི་བོ་གིས་ ད་རེས་ཀྱི་གོ་ གནས་མ་འབག་པའི་ཧེ་མར་ བང་ ལ་དེཤ་གི་ ཨམ་སྲུའི་སྡེ་ཚན་གྱི་ སློབ་སྟོན་པ་སྦེ་ སྡོད་ཡོདཔ་ད་ ཇ་ པཱན་གྱི་སྡེ་ཚན་གྱི་སློབ་སྟོན་པ་ དང་ སྤྱི་ལོ་༢༠༠༥ ལུ་ གའུམ་ གི་རྒྱལ་ཡོངས་རྩེད་འགྲན་པའི་ སློབ་སྟོན་པ་ཡང་ འབད་ཡོདཔ་ ཨིན་པས། སློབ་སྟོན་པ་གསརཔ་ བསྐོས་ བཞག་འབད་མི་ལུ་ ལ་ལུ་གིས་ རྩེད་འགྲན་གྱི་གྲུབ་འབྲས་ལུ་ ཐོ་ མི་ཕོག་ག་ཟེར་བའི་ ཚ་གྱང་ཚུ་ བཤད་དོ་ཡོད་རུང་ སློབ་སྟོན་པ་ གིས་ ད་ཚུན་ རྩེད་འགྲན་འབད་མི་ དང་ སྐོར་ཐེངས་གཉིས་པའི་ནང་ རྩེད་འགྲན་འབད་ནི་ཨིན་མིའི་བར་ ན་ ཁྱད་པར་སྦོམ་ཡོད་ཟེར་ཨིན་ པས། ཁོ་གིས་ སླབ་དོ་བཟུམ་འབད་བ་ ཅིན་ སྤྱི་ལོ་༢༠༡༨ འཛམ་གླིང་ རྒྱལ་རྟགས་རྩེད་འགྲན་དོན་ལུ་ བཅའ་མར་གཏོགས་ནིའི་དོན་ལུ་ སྡེ་ཚན་དྲག་ཤོས་ཚུ་དང་གཅིག་ ཁར་ རྩེད་འགྲན་འབད་དགོ་ནི་ ཨིན་རུང་ རྒྱལ་རུང་ཕམ་རུང་ འགན་ཁུར་ཁོ་ལུ་ ཕོགཔ་ཨིན་ ཟེར་ ཨིན་པས། སློབ་སྟོན་པ་གསརཔ་གིས་ འགོ་ དང་པ་ར་ རྩེད་འགྲན་པ་ཚུ་ལུ་ སྦྱང་བ་མ་བྱིན་པའི་ཧེ་མར་ རྩེད་ འགྲན་པ་ཚུ་གི་ རྣམ་གཞག་ ཤེས་དགོ་པས་ཟེར་ཨིནམ་ ད་ འབྲུག་པའི་རྩེད་འགྲན་པ་ཚུ་ གིས་ ལེགས་ཤོམ་རྩེད་དོ་ཡོད་ རུང་ ཤུལ་མའི་རྩེད་འགྲན་ནང་ ལས་ རྒྱལ་ཁ་ཐོབ་ནིའི་དོན་ལུ་ རྩ་འགེངས་དགོཔ་ ལེ་ཤ་ཡོད་ ཟེར་ཨིན་པས། ཁོ་གིས་ འབྲུག་པའི་རྩེད་འགྲན་ པ་ཚུ་གིས་ དམིགས་ཡུལ་སྦོམ་ ཡོད་རུང་ རྩེད་འགྲན་པ་ཚུ་གིས་ ད་ལྟོའི་གནས་སྟངས་ནང་ འཛམ་ གླིང་རྒྱལ་རྟགས་ཀྱི་རྩེད་འགྲན་ ནང་ རྩེད་འགྲན་འབད་ནི་གི་མེན་ པར་ རྒྱལ་ཁབ་ནང་འཁོད་ཀྱི་ རྩེད་འགྲན་གྱི་སྤུས་ཚད་ ཡར་ དྲགས་བཏང་ནི་དེ་ གལ་ཆེ་བས་ ཟེར་ཨིན་པས། ཁོ་གིས་ སློབ་སྟོན་འབད་ནི་ཨིན་ མི་ ཐབས་རིག་ཚུ་ ད་ཚུན་ སློབ་ སྦྱོང་འབད་མི་ལས་ སོ་སོར་འོང་ སྲིད་རུང་ རྩེད་འགྲན་དེ་ སྡེ་ཚན་ གཅིག་སྦེ་ མནོ་བསམ་བཏང་སྟེ་ རྩེད་འགྲན་ནང་ རང་གིས་འབད་ ཚུགསཔ་ཅིག་ རྩ་འགེངས་དགོ་ ཟེར་ཨིན་པས། འབྲུག་པའི་ཕུཊ་བཱོལ་ཚོགས་པའི་ ཁྲི་འཛིན་ ཨོ་རྒྱན་ཚེ་ཁྱབ་རྡོ་རྗེ་ གིས་ སློབ་སྟོན་པ་གསརཔ་བསྐོ་ བཞག་འབད་མི་དེ་ ལོ་བསྟར་གྱི་ ལཱ་ཅིག་ཨིནམ་ད་ གདམ་འཐུ་ དེ་ སྤྱི་ཟླ་༢ པའི་ནང་ལས་ར་ འབད་ནི་གི་ འཆར་གཞི་སྡོད་རུང་ དཀའ་ངལ་ཐོན་ཏེ་ ལྷོད་མ་ཚུགས་ ཟེར་ཨིན་པས། ད་ཚུན་ སློབ་སྟོན་པ་སྦེ་སྡོད་ མི་ ཆོས་སྐྱིད་ཉི་མ་དེ་ སྡེ་ཚན་ གྱི་འཕྲུལ་རིག་མདོ་ཆེན་ཨིནམ་ ད་ ཁོ་གིས་ འདས་པའི་སློབ་ སྟོན་པ་གི་ གནས་ཡུན་ཚང་བའི་ ཤུལ་ལས་ གནས་སྐབས་ཀྱི་ དོན་ལུ་ སློབ་སྟོན་པ་སྦེ་ བཞག་ ཡོདཔ་ཨིནམ་ད་ ཆོས་སྐྱིད་ཉི་མ་ གིས་ཡང་ སློབ་སྟོན་པ་གསརཔ་ གི་ ཉམས་མྱོང་གིས་ འབྲུག་པའི་ སྡེ་ཚན་ལུ་ ཕན་ཐོག་སྦོམ་བྱུང་ནི་ གི་ རེ་བ་ཡོད་ཟེར་བཤད་ཡོདཔ་ ཨིན་པས། འབྲུག་པའི་སྡེ་ཚན་གྱིས་ སྐོར་ ཐེངས་གཉིས་པའི་ནང་ ག་དང་ གཅིག་ཁར་ རྩེད་འབད་ནི་ཨིན་ན་ སྤྱི་ཟླ་༤ པའི་ཚེས་༡༤ ལུ་ ཤེས་ ཚུགས་ནི་ཨིན་རུང་ འབྲུག་པའི་ སྡེ་ཚན་གྱིས་ ཇ་པཱན་དང་ ལྷོ་ཀོ་ རི་ཡ་ དེ་ལས་ ཨི་རན་རྒྱལ་ཁབ་ ཚུ་དང་གཅིག་ཁར་ རྩེད་འགྲན་ འབད་དགོཔ་བཟུམ་ཅིག་ ཡོདཔ་ ཨིན་པའི་གནས་ཚུལ།

Newspapers in English

Newspapers from Bhutan

© PressReader. All rights reserved.