གཉིས་སྐལམ་དགོངས་ཞུ་ཚོགས་པ་གིས་ འབྲུག་ རྒྱལ་༤ པའི་རྗེས་དྲན་ལུ་ འགྲེམ་སྟོན།

Bhutan Times - - Adverts -

༉ བུ་རས་དམརཔོ་ཅིག་ བཀབ་ ལགཔ་ཅིག་གིས་ ཁརཝ་བཤེད་ གཞན་མི་ ལགཔ་གིས་ མི་ཅིག་གི་ ལག་པར་བཤེད་དེ་ རྒྱལ་ ཡོངས་ལག་བཟོ་འགྲེམ་ སྟོན་ཁང་གི་ས་ཁོངས་ནང་ མི་འཛོམས་པའི་སྦུག་ལས་ ག་ལུ་ཡང་མ་བལྟ་བར་ ཕྲངམ་ཕྲང་སར་ ནང་ན་ འཛུལ་འགྱོཝ་ཨིན་པས། སྐྱེས་ལོ་༩༧ ལང་མི་ དྲག་ཤོས་བགྲེསཔ་ བོ་ཏོ་ དཀརཔོ་དེ་ གཉིས་སྐལམ་ དགོངས་ཞུ་ཚོགས་པའི་ གྲས་ལས་ འཐུས་མི་རྒས་ ཤོས་ཅིག་ཨིནམ་ད་ ཁོ་ གིས་ མི་དབང་འབྲུག་ རྒྱལ་གསུམ་པ་ལས་ བུ་ རས་དམརཔོ་ཐོབ་ཡོདཔ་ད་ ཁོ་གིས་ འགྲེམ་སྟོན་ཁང་ ནང་ དགོངས་ཞུ་ཚོགས་ པའི་འཐུས་མི་ཚུ་གིས་ རྒྱལཔོ་རིམ་བྱོན་ཚུ་གི་ སྐབས་ལུ་ ག་དེ་སྦེ་ ཕྱག་ ཞུ་ཡོདཔ་ཨིན་ནའི་སྐོར་ ལས་ རྫེས་དྲན་འབད་མི་དེ་ བལྟ་བར་འགྱོཝ་ཨིན་པས། གཉིས་སྐལམ་དགོངས་ ཞུ་ཚོགས་པའི་འཐུས་མི་ ཚུ་གིས་ མི་དབང་འབྲུག་ རྒྱལ་བཞི་པ་མཆོག་ དགུང་ལོ་༦༠ བཞེས་པའི་ དུས་སྟོན་བརྩི་སྲུང་དང་ འབྲེལ་ དགོངས་ཞུ་ཚོགས་ པའི་ འཐུས་མི་ཚུ་གིས་ ཕྱག་ཞུ་ཡོད་པའི་སྐོར་ལས་ རྒྱལ་རབས་མདོར་བསྡུས་ རེ་ བཀོད་ཡོད་མི་ ཀི་དེབ་ ཅིག་ཡང་ གསར་བཏོན་ འབད་ཡོདཔ་མ་ཚད་ མི་ མང་ལུ་ ཀི་དེབ་དེ་ འགྲེམ་ སྟོན་འབད་ཡི། གསར་བཏོན་དེ་ཡང་ འདས་པའི་བདུན་ཕྲག་གི་ སྤྱི་ཟླ་༣ པའི་ཚེས་༢༧ ལུ་ ཐིམ་ཕུག་ རྒྱལ་ཡོངས་ ལག་བཟོ་འགྲེམ་སྟོན་ཁང་ ནང་སྦེ་ མི་དབང་རྒྱལ་ ཡུམ་ སངས་རྒྱས་ཆོས་ སྒྲོན་དབང་ཕྱུག་མཆོག་ གིས་ སྒོ་འབྱེད་གནང་ ཡོདཔ་ཨིན། འགྲེམ་སྟོན་དེ་ནང་ འཐུས་ མི་དྲག་ཤོས་བགྲེསཔ་༥༠ དེ་ཅིག་གིས་ གཞུང་ལུ་ ཕྱག་ཞུ་བའི་སྐབས་ ལཱ་ག་ ཅི་བཟུམ་ར་ འབད་ཡོདཔ་ ཨིན་ནའི་སྐོར་ལས་ མདོར་ བསྡུས་འབད་བྲིས་ཡོདཔ་ ད་ དེ་ནང་ དྲག་ཤོས་ཤིང་ མཁར་བླམ་གཤགས་མི་ གིས་ རྒྱལ་པོའི་སྒོ་ཁར་ ཕྱི་རུ་ཨ་རྟག་ར་ གླིང་གེ་ སར་རྒྱལ་པོའི་སྒྲུང་གཏམ་ ཚུ་ བཤད་བྱིན་པའི་སྐོར་ ལས་ བྲིས་ཡོདཔ་ཨིན་ པས། དེ་མ་ཚད་ ཚེ་འདས་དྲག་ ཤོས་ཀྱིས་ འབྲུག་པའི་ རྒྱལ་དར་གྱི་བཟོ་བཀོད་ འབད་ཡོདཔ་ད་ སྒྲིག་ལམ་ རྣམ་གཞག་ཚུ་ ཡིག་ཐོག་ བཀོད་དེ་ ཐིམ་ཕུག་ནང་ འཁོད་ཀྱི་ འཁོར་ལམ་ཚུ་ གི་མིང་ཚུ་ཡང་ བཏགས་ ཡོདཔ་ཨིན་པས། འགྲེམ་སྟོན་ཁང་དེ་ནང་ བུ་རས་དམརཔོ་གི་ཐོབ་ ཐངས་དང་ དེ་གི་དགོས་ པ་ཚུ་གི་སྐོར་ལས་ བྲིས་ ཏེ་ཡོད་པའི་ཁར་ བུ་རས་ དམརཔ་གི་ཐོབ་ཐངས་ དེ་ ཞབས་དྲུང་དང་པ་མ་ བྱོན་པའི་ཧེ་མ་ལས་ འགོ་ བཙུགས་ཡོདཔ་བཟུམ་ཡོད་ རུང་ སྡེ་སྲི་དང་པ་ བསྟན་ འཛིན་འབྲུག་གྲགས་ཀྱིས་ དུས་རབས་༡༧ པའི་ནང་ ལོག་གཞི་བཙུགས་མཛད་ ཡོདཔ་བཟུམ་ ཡོདཔ་ཨིན་ པས། དེ་མ་ཚད་ དྲག་ཤོས་ བགྲེསཔ་ཚུ་གིས་ ཕྱག་ཞུ་ བའི་རྣམ་དུས་ལུ་ དཀའ་ ངལ་ག་ཅི་ར་ བྱུང་ཡོདཔ་ ཨིན་ནའི་སྐོར་ལས་ འཁོད་ དེ་ཡོདཔ་ད་ འཐུས་མི་ རྒས་ཤོས་ སྐྱེས་ལོ་༡༠༠ ལང་མི་ དྲག་ཤོས་དཔལ་ ལྡན་གྱིས་ མི་དབང་འབྲུག་ རྒྱལ་གཉིས་པའི་སྐབས་ ཚར་ཅིག་ཁོ་ར་ བུམ་ཐང་ གི་ ཏག་སྤང་སྐོར་སྟོད་ཟེར་ ས་ལུ་ ས་མཚམས་སྲུང་ རྒྱབ་སྦེ་ སྡོད་པའི་སྐབས་ རྒྱ་ནག་གི་ གསང་བའི་ དམག་མི་སྡེ་ཚན་ཅིག་ བཟུང་ཡོདཔ་པའི་སྐོར་ལས་ དྲན་འཚོར་འབད་དེ་འདུག། དེ་བཟུམ་སྦེ་ སྤྱི་ལོ་༡༩༥༡ ལས་༡༩༩༧ ཚུན་ ཕྱག་ ཞུ་མི་ དྲག་ཤོས་བགྲེསཔ་ སངས་རྒྱས་རྡོ་རྗེ་གིས་ཡང་ སྤྱི་ལོ་༡༩༦༠ ལུ་ གཏེར་ མོ་ལ་ཟེར་མི་ ས་མཚམས་ ཁར་ རྒྱ་ནག་གི་དམག་མི་ ཚུ་དང་ཕྱད་པའི་སྐོར་ལས་ བྲིས་ཏེ་ཡོདཔ་ད་ འགྲེམ་ སྟོན་ནང་ མང་ཤོས་ར་ འཐུས་མི་ཚུ་གིས་ འབད་ ཡོད་པའི་སྐོར་ལས་ བྲིས་ ཏེ་འདུག། སྤྱི་ལོ་༡༩༤༦ ལས་༡༩༨༡ ཚུན་ ཕྱག་ཞུ་ཡོད་མི་ དྲག་ ཤོས་བགྲེསཔ་ པ་སངས་ དབང་འདུས་ཀྱིས་ དམག་ མི་༤༠༠ དེ་ཅིག་དང་ གཅིག་ཁར་ ད་ལྟོ་ཡོད་ མི་ ལྕང་གླིང་མེད་ཐང་དེ་ ཆུ་ཟབ་ཡོད་མི་ལས་ མི་ དབང་འབྲུག་རྒྱལ་བཞི་ པའི་ གསེར་ཁྲི་མངའ་ གསོལ་གྱི་དོན་ལུ་ ཐང་ བཟོ་ཡོདཔ་ཨིན་པས། དེ་བཟུམ་སྦེ་ མི་དབང་ མཆོག་གིས་ ཧེ་མ་འབད་ བ་ཅིན་ མི་ཕྱུགཔོ་ཚུ་གི་ འོག་ལུ་ བྲན་གཡོགཔ་ བཞག་སྲོལ་ཡོད་མི་དེ་ ཡང་ ཆ་མེད་གནང་ཡོདཔ་ མ་ཚད་ སའི་སྐྱིད་སྡུག་ཚུ་ གནང་ཡོད་པའི་སྐོར་ལས་ འཁོད་ཡོདཔ་ཨིན་པའི་ གནས་ཚུལ།

Newspapers in English

Newspapers from Bhutan

© PressReader. All rights reserved.