བྱ་མདངས་སྒྲོ་ ལག་ལེན་འཐབ་མ་ཆོགཔ་བཟོ་མི་ལུ་བརྟེན་ མདའ་ རྩེདཔ་ཚུ་གིས་ འགྲན་བསྡུར་ནང་ལས་ ཕྱིར་དབྱུང་འབད་ཡོདཔ།

Bhutan Times - - Adverts -

༉ འབྲུག་རྩེདམོ་དང་རྩེད་ རིགས་ཚོགས་པ་གིས་ སོ་ནམ་དང་ནགས་ཚལ་ ལྷན་ཁག་གིས་ གསལ་ བསྒྲགས་འབད་མི་དང་ འཁྲིལ་ རང་ལུགས་སྤག་ ཤིང་གི་ཐོག་ལས་ མདའ་ རྩེད་འགྲན་བསྡུར་འབད་ མི་ཚུ་ལུ་ བྱ་མདངས་སྒྲོ་ ལག་ལེན་འཐབ་མ་ཆོགཔ་ བཟོ་མི་ལུ་བརྟེན་ དུས་ཅི་ ལོའི་ འཇིགས་མེད་རྡོ་རྗེ་ དབང་ཕྱུག་རྗེས་དྲན་རྩེད་ འགྲན་ནང་ སྡེ་ཚན་མང་ ཤོས་ཀྱིས་ བཅའ་མར་ གཏོགས་མ་བཏུབ་ཨིན་ པས། ད་རེས་ཁམས་ཅིག་ཁར་ རྩེད་འགྲན་འབད་བའི་ བསྒང་ཡོད་མི་ འགྲན་ བསྡུར་དེ་ནང་ སྡེ་ཚན་༢༢ དེ་ཅིག་གིས་ ཞག་དག་ པ་ཅིག་གི་ཧེ་མར་ འགྲན་ བསྡུར་གྱི་དོན་ལུ་ སྡེ་ ཚན་ཐོ་བཀོད་འབད་བར་ འཛོམས་པའི་སྐབས་ འགོ་ འདྲེན་འཐབ་མི་གིས་ བྱ་ མདངས་སྒྲོ་ ལག་ལེན་ འཐབ་མ་ཆོག་པའི་སྐོར་ ལས་ བཤད་པའི་ཤུལ་ ལས་ སྡེ་ཚན་མང་ཤོས་ ཀྱིས་ བཅའ་མར་མི་ གཏོགས་ཟེར་ ཐོ་བཀོད་ ཆ་མེད་བཏང་ཡོདཔ་ཨིན་ པས། དེ་མ་ཚད་ ཐོན་འགྱོ་མི་སྡེ་ ཚན་ཚུ་གིས་ བཀག་དམ་ འབད་མི་དེ་ལུ་ ངོས་ལེན་ མེད་པའི་སྐོར་ལས་ བཤད་ ཡོདཔ་མ་ཚད་ ཁོང་ཚུ་ གིས་ ལམ་སྲོལ་དེ་ ཧེ་ མ་ལས་ཡོད་པའི་ ལམ་ སྲོལ་ཅིག་འབད་ནི་དེ་གིས་ ད་རེས་ནངས་པར་ ལག་ ལེན་འཐབ་མ་ཆོགཔ་བཟོ་ མི་དེ་ མི་བཏུབ་པས་ཟེར་ བཤད་ཅི། མདའ་རྩེདཔ་པདྨ་གིས་ བཤད་དོ་བཟུམ་འབད་བ་ ཅིན་ སྒྲོ་དེ་ ལག་ལེན་ འཐབ་མ་ཆོགཔ་བཟོ་བ་ ཅིན་ དེ་གིས་ རྒྱལ་ཁབ་ ཀྱི་ རང་ལུགས་རྩེདམོ་དེ་ ཉམས་ཉེན་ཡོད་ཟེར་ཨིན་ པས། གཞན་མི་མདའ་རྩེདཔ་ གིས་ བཀག་ཆ་འབད་མི་ དབང་འཛིན་གྱིས་ དེ་འཕྲོ་ ལས་ བཀག་དམ་འབད་ ནི་མེན་པར་ ཧེ་མ་ར་ མི་ ཚུ་གིས་ བྱ་དེ་བསད་དོ་ ཡོད་ག་མེད་ག་ཚུ་ཡང་ བལྟ་ཞིབ་འབད་དགོཔ་ འདུག་ཟེར་ཨིན་མི་དེ་ཡང་ སྒྲོ་ཚུ་མང་ཤོས་ར་ ཚལ་ མ་ནང་ལས་ བསྡུ་བསྒྱོམ་ འབད་དེ་ འབག་ནི་དེ་གིས་ ཨིན་ཟེར་ཨིན་པས། དེ་མ་ཚད་ ཁོ་གིས་ བྱ་ བསད་མི་ཡོད་དེ་འབད་ རུང་ མདའ་རྩེདཔ་ཚུ་ གིས་ བལྟ་ཞིབ་འབད་ནི་ གི་ འགན་ཁུར་མེནམ་ ལས་ འབྲེལ་ཡོད་དབང་ འཛིན་ཚུ་གིས་ ལམ་སྲོལ་ དེ་ལུ་ དེ་བཟུམ་འབདཝ་ད ཁེ་རྒུད་མི་བཏུབ་པས་ཟེར་ ཨིནམ་ད་ དབང་འཛིན་ ཚུ་གིས་ བྱའི་གྱངས་ཁ་ མར་ཕབ་འགྱོཝ་མས་ཟེར་ མི་ལུ་ཡང་ བདེན་ཁུངས་ ཅིག་ མི་མཐོང་པས་ཟེར་ ཨིན་པས། གཞན་མི་མདའ་རྩེདཔ་ བསྟན་པ་གིས་ བཀག་ འཛིན་དེ་ མ་འབད་བའི་ཧེ་ མར་ དབང་འཛིན་ཚུ་གིས་ ཞིབ་འཚོལ་འབད་དགོཔ་ འདུག་ཟེར་ཨིན་པས། ཐོ་བཀོད་འབད་མི་སྡེ་ཚན་ ཚུ་ལས་ ཁོང་སྡེ་ཚན་༨ རྐྱངམ་ཅིག་གིས་ བཅའ་ མར་གཏོགས་ཡོདཔ་ ད་ སྡེ་ཚན་དེ་གི་ མདའ་ རྩེདཔ་ལ་ལུ་གིས་ བཤད་ དོ་བཟུམ་འབད་བ་ཅིན་ ཁོང་གི་དོན་ལུ་ སྒྲོ་ག་ བཟུམ་ ལག་ལེན་འཐབ་ སྟེ་འབད་རུང་ མ་བཏུབ་ མེད་ཟེར་ཨིན་པས། ཐོ་བཀོད་འབད་མི་ སྡེ་ཚན་ ཚུ་གི་མདའ་རྩེདཔ་མང་ ཤོས་ཀྱིས་ སྒྲོ་གི་ཚབ་ ལུ་ ད་རེས་ནངས་པར་བཟོ་ ཡོད་མི་ གྱིབ་ཀྱི་སྒྲོ་བཟོ་ སྟེ་ རྐྱབ་ནི་གི་ གྲ་སྒྲིག་ འབད་ཡོདཔ་ཨིན་པས། ཨིན་རུང་ ཚོགས་པའི་ འགོ་དཔོན་ཚུ་གིས་ ཁོང་ གིས་ དབང་འཛིན་ཚུ་གི་ གསལ་བསྒྲགས་འབད་ ཡོད་མི་དང་འཁྲིལ་ འབད་ དོ་ཡོདཔ་མ་གཏོགས་ གཞན་འབད་ས་མིན་ འདུག་ཟེར་ཨིན་པས། ཐོ་བཀོད་འབད་མི་ སྡེ་ ཚན་༨ ཀྱིས་ ཁ་ཙ་ལས་ རྩེད་འགྲན་འབད་ནི་ འགོ་ བཙུགས་ཡོདཔ་ཨིན་པའི་ གནས་ཚུལ།

Newspapers in English

Newspapers from Bhutan

© PressReader. All rights reserved.