གྲོས་སྟོན་པའི་ཁྲིམས་རྩོདཔ་གིས་ ལྡོག་ཕྱོགས་ཚོགས་པ་ལུ་ སི་ དཀྲུགས་ཀྱི་ཉེས་འཛུགས་འབད་ཡོདཔ།

Bhutan Times - - Adverts -

༉ འདས་པའི་བདུན་ཕྲག་ ནང་ རྒྱལ་ཡོངས་རང་ བཞིན་གནས་སྟངས་ལྷན་ ཚོགས་ཀྱི་ གྲོས་སྟོན་པའི་ ཁྲིམས་རྩོདཔ་གིས་ ལྡོག་ ཕྱོགས་ཚོགས་པ་གིས་ གྲོས་སྟོན་པ་ལུ་ ཡོངས་ འབྲེལ་འཆར་སྒོ་ནང་ ཚོགས་པ་གིས་ གཞུང་སྐྱོང་ བའི་སྐབས་ རྒྱལ་ཁབ་ བཅོམ་ཡོདཔ་སྦེ་ བཙུགས་ ཡོད་མིའི་ཉེས་འཛུགས་དེ་ ལུ་ སྒྲུབ་བྱེད་ག་ནི་ཡང་ གཏོན་ནི་མིན་འདུག་ཟེར་ ཨིན་པའི་ཁར་ ལྷག་པར་དུ་ གྲོས་སྟོན་པའི་ངོ་ཚབ་ཀྱིས་ ཚོགས་པ་ལུ་ རྒྱལ་ཁམས་ ལུ་ བརྩི་བཀུར་མེད་པའི་ ལཱ་འབད་ཡོད་པའི་ ཉེས་ འཛུགས་ཁག་ལེ་ཤ་འབད་ ཡོདཔ་ཨིན་པས། དེ་ཡང་ སྤྱི་ལོ་༢༠༡༣ སྤྱི་ ཟླ་༧ པའི་ནང་ ཚོགས་ པའི་གྲོས་འཛོམས་ འཚོགས་པའི་སྐབས་ རྒྱལ་ ཁབ་ནང་ སྲི་དཀྲུགས་དང་ འབྲེལ་བའི་ གནད་དོན་ལེ་ ཤ་ཐོན་ཡོད་མི་ལུ་ ཁྲིམས་ འདུན་གྱིས་ གཟིགས་ཞིབ་ གནང་དགོ་པའི་ ཞུ་བ་ འབད་ཡོདཔ་ཨིན་པས། ཁྲིམས་རྩོདཔ་ངོ་ཚབ་ཀྱིས་ གྲོས་འཛོམས་དེ་གི་སྐབས་ ལུ་ སྲི་དཀྲུགས་འབད་ནི་ གི་ དཔའ་བཅམ་ཡོད་མེད་ ཤེས་ནིའི་དོན་ལུ་ ཁྲིམས་ འདུན་གྱིས་ གྲོས་འཛོམས་ དེ་གི་སྐོར་ལས་ སྒྲ་བཟུང་ བཞག་ཡོད་མི་ལུ་ བལྟ་བ་ ཅིན་ ཤེས་ཚུགས་ཟེར་ ཞུ་ ཡོདཔ་ད་ ཚོགས་པའི་དབུ་ ཁྲིདཔ་གིས་ཡང་ གྲོས་ འཛོམས་འཚོགས་པའི་ སྐབས་ལུ་ དེ་བཟུམ་མའི་ གནས་སྟངས་ནང་ཡང་ འཐུས་མི་ཚུ་ལུ་ འབད་མ་ ཆོག་པའི་སྐོར་ལས་ ག་ནི་ ཡང་ སླབ་ནི་མེད་པའི་གུ་ ཧེང་སྐལ་ར་ ངལ་རངས་ཏེ་ སྡོད་ནི་འདུག་ཟེར་ཞུ་ཡི། ཁྲིམས་རྩོདཔ་གིས་ གྲོས་ སྟོན་པ་གིས་ ཁ་ཉེས་ བཀལ་ཡོད་མི་གིས་ ཚོགས་པ་ལུ་ ག་དེ་སྦེ་ གནོད་པ་རྐྱབ་ཡོདཔ་ཨིན་ ན་ ཁ་གསལ་ཁ་ནི་མིན་ འདུག་ཟེར་ཞུ་ཡོད་པའི་ ཁར་ གཞུང་སྐྱོང་བའི་རིང་ ལུ་ རྒྱལ་ཁབ་ནང་ གྱོང་ རྒུད་ཕོག་པའི་ལཱ་ལེ་ཤ་ འབད་ཡོད་མི་གིས་ རྒྱལ་ ཁབ་ཀྱི་བུ་ལོན་ རྒྱ་ཆེ་དྲག་ སྦེ་ བཟོ་བཞག་ནུག་ཟེར་ ཞུ་ཡི། དེ་མ་ཚད་ ལྡོག་ཕྱོགས་ ཚོགས་པ་གིས་ མི་དབང་ མཆོག་ལས་ གསོལ་རས་ ཨིན་ཟེར་བའི་ བཀའ་རྒྱ་ ག་ནི་ཡང་མེད་རུང་ གཞུང་ སྐྱོང་སྦེ་སྡོད་པའི་སྐབས་ ཐོབ་མི་ སྒྲིག་གཡོག་གི་ སྣུམ་འཁོར་ པྲ་དོ་དེ་ཡང་ འབག་འགྱོ་ཡི་ཟེར་ ཁ་ ཉེས་བཀལ་བའི་ཁར་ བློན་ ཆེན་གྱིས་ ལྷན་རྒྱས་ གཞུང་ཚོགས་ཡིག་ཚང་གི་ མི་སྡེའི་དྲུང་ཆེན་ལུ་ གཞུང་ གི་སྣུམ་འཁོར་ཅིག་ཡང་ དམིགས་གསལ་གྱི་སྐྱིད་ སྡུག་ཟེར་ གོང་ཚད་མར་ ཕབ་འབད་དེ་ བྱིན་ནུག་ ཟེར་ཞུ་ཡི། དེ་བཟུམ་སྦེ་ མི་དབང་ མཆོག་གི་ཁེ་དབང་ཨིན་ མི་ སའི་སྐྱིད་སྡུག་དེ་ཡང་ ཚོགས་པ་གིས་ སའི་ བཅའ་ཁྲིམས་བསྒྱུར་བཅོས་ འབད་དེ་ དབང་ཚད་ཁོང་ ལུ་ཡོདཔ་བཟོ་ནི་གི་ དཔའ་ བཅམ་ཡོད་རུང་ ཟིན་བྲིས་ འབད་བའི་སྐབས་ལས་ ཆ་ མེད་བཏང་མི་དེ་གིས་ མི་ སེར་ཚུ་ལུ་ སྐལ་བ་བཟང་ ཡི་ཟེར་ཞུ་ཡི། དེ་མིན་ དཔྱད་ཡིག་དེ་ ཆ་ འཇོག་གྲུབ་སོ་པ་ཅིན་ མ་ འོངས་པའི་ནང་ ཚོགས་པ་ ཚུ་གིས་ སའི་སྐྱིད་སྡུག་ཚུ་ ཁོང་གིས་བྱིན་ཏེ་ ངན་ལྷད་ ཀྱི་ལཱ་ངོ་མ་ དེ་ནང་ལས་ ཐོན་ཐོནམ་འོང་ཟེར་ཞུ་ཡི། ཁྲིམས་རྩོདཔ་གིས་ གྲོས་ སྟོན་པ་གིས་ ཡོངས་ འབྲེལ་ནང་བྲིས་མི་དེ་ཡང་ ཁོ་ར་གིས་ འགོ་ཐོག་ བཙུགས་ཏེ་མེན་པར་ མི་ གཞན་གྱིས་བཙུགས་ཡོད་ མི་གུ་ དགོད་བྲོ་སྦེ་ བྲིས་ ཡོད་རུང་ དམིགས་བསལ་ དུ་ གྲོས་སྟོན་པ་རྐྱངམ་ ཅིག་ལུ་ ཉེས་འཛུགས་ འབད་མི་དེ་ལུ་ དོན་དག་ ཅིག་འདུག་ཟེར་ཞུ་ཡི། གྲོས་སྟོན་པ་དེ་ གཞུང་གི་ མ་དངུལ་ནང་ལས་ དངུལ་ ཕོགས་ལེན་མི་ཅིག་ཨིན་ རུང་ ཁོ་ར་ ཞི་གཡོགཔ་ གི་གྲས་ཁར་མེནམ་ལས་ དེ་བཟུམ་མའི་བསམ་འཆར་ བཀོད་ནི་ལུ་ དབང་ཆ་ ཡོདཔ་ལས་ ཉེས་འཛུགས་ འབད་དགོཔ་མིན་འདུག་ ཟེར་ཞུ་ཡོདཔ་ད་ གྲོས་སྟོན་ པ་དེ་ སྲིད་དོན་ཚོགས་པ་ ག་དང་གཅིག་ཁར་ཡང་ ཐོ་བཀོད་འབད་དེ་མིན་ འདུག་ཟེར་ཞུ་ཡི། ལྡོག་ཕྱོགས་ཚོགས་པའི་ ངོ་ཚབ་ དགྲ་མེད་རྩེ་གི་ འཐུས་མི་ ཨོ་རྒྱན་དབང་ འདུས་ཀྱིས་ གྲོས་སྟོན་པ་ ཁོ་ར་ ཞི་གཡོགཔ་གི་གྲས་ ཁར་ཚུདཔ་ལས་ དེ་བཟུམ་ མའི་བསམ་འཆར་ཚུ་ བཀོད་མི་ཆོག་ཟེར་ཨིནམ་ ད་ བསམ་འཆར་དེ་གིས་ ད་ལྟོ་ གནོད་སྐྱོན་རྐྱབ་ ཡོད་པའི་ མངོན་གསལ་ མེད་རུང་ མ་འོངས་པའི་ ནང་ གཞུང་སྐྱོང་ནི་གི་ གོ་ སྐབས་ཐོབ་ནི་ལུ་ གནོད་ པ་སྦོམ་རྐྱབ་འོང་ཟེར་ཞུ་ཡི། ལྡོག་ཕྱོགས་ཚོགས་པ་ གིས་ ཟླཝ་དེ་གི་ཚེས་༢༣ ལུ་ བརྒལ་ལན་ཕུལ་ནི་ ཨིན་པའི་གནས་ཚུལ།

Newspapers in English

Newspapers from Bhutan

© PressReader. All rights reserved.