འབྲུག་གི་དམངས་གཙོའི་གྲོས་བསྡུར་ཚོགས་པ་གིས་ སྲིད་དོན་ཚོགས་ པའི་བར་ན་ མཐུན་ལམ་ལེགས་ཤོམ་བཞག་ཚུགས་ནི།

Bhutan Times - - Adverts -

༉ སྲིད་དོན་ཚོགས་པ་ལུ་ བརྟེན་ མི་སྡེའི་ནང་ མ་ དགའཝ་བཟོ་མི་དེ་ ད་རེས་ ཀྱི་བདུན་ཕྲག་ནང་ མི་དབང་ རྒྱལ་ཡུམ་ ཨ་ཞེ་རྡོ་རྗེ་དབང་ མོ་དབང་ཕྱུག་མཆོག་གིས་ འགོ་འབྱེད་མཛད་མི་ འབྲུག་ གི་དམངས་གཙོའི་གྲོས་ བསྡུར་ཟེར་མི་ ཚོགས་པ་ གིས་ མེདཔ་བཟོ་ནི་གི་ གྲོས་ འཆམ་འབྱུང་ཡོདཔ་ཨིན་ པས། དེ་ཡང་ འདས་པའི་བཙག་ འཐུ་ཐེངས་གཉིས་དེ་ཅིག་ འགོ་འདྲེན་འཐབ་པའི་ཤུལ་ ལས་ མི་སྡེའི་ནང་ ཚོགས་པ་ ལས་བརྟེན་ གཡུས་ཚན་དང་ བཟའ་ཚང་གི་བར་ན་ཡང་ མ་ དགའཝ་ཆགས་པའི་ གཞི་ ལུ་འགྱུར་ཡོདཔ་ཨིན་པས། ཚོགས་པ་དེ་ཡང་ སྲིད་ དོན་ཚོགས་པ་ག་ར་གིས་ འཚོགས་པའི་ ཚོགས་པ་ཅིག་ འབད་ནི་དེ་གིས་ ཚོགས་པ་ཚུ་ གིས་ མཉམ་འབྲེལ་གྱི་ཐོག་ ལས་ འབྲུག་པའི་དམངས་ གཙོའི་རིང་ལུགས་ སྒྲིང་སྒྲིང་ དང་རྩ་བརྟན་བཟོ་ནིའི་དོན་ལུ་ ལྷན་ཐབས་འབད་ནི་ཨིན་པའི་ ཁར་ ཚོགས་པ་དེ་གི་ཐོག་ ལས་ མི་སྡེའི་ནང་ མཐུན་ ལམ་བཟོ་བའི་ རེ་བ་ཡོདཔ་ ཨིན་པས། ཚོགས་པའི་ཁྲི་འཛིན་ ལི་ལི་ དབང་ཕྱུག་གིས་ དབང་ཕྱུག་ བརྒྱུད་འཛིན་གྱི་འོག་ལུ་ བདེ་ སྐྱིད་དང་ལྡནམ་སྦེ་ གནས་ སྡོད་པའི་བར་ན་ གཅིག་ གིས་གཅིག་ལུ་ མ་དགའ་ བའི་གནས་སྟངས་ཚུ་ འབྱུང་ ཡོདཔ་ལས་ ཚོགས་པ་གིས་ མི་དབང་འབྲུག་རྒྱལ་བཞི་པ་ མཆོག་ལུ་ གུས་བཏུད་ཞུ་ནིའི་ དོན་ལུ་ ཨིན་ཟེར་ཨིན་པས། མོ་གིས་ སྤྱིར་བཏང་ལུ་ དམངས་གཙོའི་རིང་ལུགས་ གཞི་བཙུགས་འབད་བའི་ སྐབས་ འཛིངས་འཁྲུག་ལང་ དོ་ཡོདཔ་ཨིན་རུང་ འབྲུག་ལུ་ འབད་བ་ཅིན་ མི་དབང་འབྲུག་ རྒྱལ་བཞི་པ་མཆོག་གིས་ མི་ སྡེའི་ནང་ དགའ་སྐྱིད་ཚད་མེད་ མྱོང་སྡོད་པའི་བར་ན་ གཞི་ བཙུགས་གནང་སྟེ་ཡོད་ཟེར་ ཨིན་པས། དེ་མ་ཚད་ མོ་གིས་ འབྲུག་ པའི་སྲིད་དོན་ཚོགས་པ་གི་ བར་ན་ གཅིག་གིས་གཅིག་ ལུ་ བློ་གཏད་མ་ཚུགས་པའི་ འཚོར་སྣང་ཡོད་མི་དེ་ ཚོགས་ པ་དེ་གིས་ བསལ་ཚུགས་ པའི་ རེ་བ་ཡོད་ཟེར་ཨིནམ་ ད་ མི་སེར་དམངས་གཙོ་ ཚོགས་པའི་ ཡོངས་ཁྱབ་དྲུང་ ཆེན་ བསོད་ནམས་རྒྱ་མཚོ་ གིས་ རྒྱལ་ཁབ་ཆུང་ཀུ་ཅིག་ ནང་ཡང་ མི་སྡེའི་ནང་ དབྱེ་ བ་ཆགས་ནི་གི་ འོས་འབབ་ ཡོད་མི་དེ་ རྩ་ལས་འབྱུང་ མ་བཅུག་པར་བཞག་ནི་གི་ དམིགས་གཏད་ཨིན་ཟེར་ ཨིན་པས། བཙག་འཐུ་ལྷན་འཛིན་སྤྱི་ ཁྱབ་ དྲགོས་ཀུན་བཟང་དབང་ འདུས་ཀྱིས་ གསེར་ཁྲི་རྩ་བ་ ལས་ དམངས་གཙོའི་རིང་ ལུགས་ཀྱིས་ རྒྱལ་ཁམས་ ཀྱི་དོན་ལུ་ ཕན་ལྷབས་ཡོདཔ་ གཟིགས་ཏེ་ གཞི་བཙུགས་ གནང་ཡོདཔ་ལས་ ད་ལས་ ཕར་ ང་བཅས་ཚུ་གིས་ རྩ་ བརྟན་བཟོ་ནི་གི་ འགན་ཁུར་ ཕོགཔ་ཨིན་ཟེར་ཨིན་པས། ལྷན་འཛིན་གྱིས་ ཚོགས་པ་ ཚུ་གིས་ ཚོགས་རྒྱན་བསྐྱུར་ མི་ཚུ་ལུ་ གོ་སྐབས་བྱིན་ནི་ ་རྐྱངམ་ཅིག་མེན་པར་ ཁོང་ ར་གིས་ཡུན་བརྟན་བཟོ་ནི་ གི་ ཐབས་ལམ་སྒྲིག་དགོ་ ཟེར་ཨིནམ་ད་ འགོ་ཁྲིདཔ་ཚུ་ གིས་ དཔེ་སྟོན་དགོ་ཟེར་ཨིན་ པས། དེ་མ་ཚད་ ལྷན་འཛིན་གྱིས་ ཚོགས་པའི་འཐུས་མི་ཡང་ ཡུན་བརྟན་བཟོ་ནིའི་དོན་ལུ་ བདག་འཛིན་འབད་དགོ་ཟེར་ ཨིནམ་ད་ ནམ་རང་འབད་ རུང་ དབང་ཚད་བཟུང་ནི་གི་ དོན་ལུ་ དོ་འགྲན་འབད་ནི་ གི་ སྲོལ་ཡོད་མི་དེ་ མེདཔ་ བཟོ་དགོ་ཟེར་ཨིན་རུང་ ཚོགས་པའི་ངོ་ཚབ་ཚུ་གིས་ འབྲུག་པའི་ བརྡ་བརྒྱུད་ཚུ་ གིས་ གདམ་འཐུ་མ་གྲུབ་ མི་ ཚོགས་པ་ཚུ་གི་སྐོར་ལས་ གནས་ཚུལ་ཚུ་ ཁྱབ་སྤེལ་ བཏང་ནིའི་ནང་ དང་འདོད་དེ་ ཅིག་ བསྐྱེད་ནི་མིན་འདུག་ཟེར་ བཤད་ཡོད་པའི་གནས་ཚུལ།

Newspapers in English

Newspapers from Bhutan

© PressReader. All rights reserved.