ཐིམ་ཕུག་ཁྲོམ་སྡེ་ནང་འཁོད་ཀྱི་ གཞུང་ལམ་དང་སྒྲིང་ཁྱིམ་ཚུ་ལུ་ ཚུལ་ལྡན་གྱི་ཁ་བྱང་བྱིན་ནི་ འགོ་བཙུགས་ཡོདཔ།

Bhutan Times - - Adverts -

༉ རང་གི་དོན་ལུ་འགྲེམ་ ཐོག་ཡིག་གུ་ཚུ་ རང་གི་སྡོད་ ས་ནང་ལྷོད་ནི་དང་ འགྲེམ་ ཐོག་གི་ཞབས་ཏོག་ཚུ་ ལེགས་ཤོམ་སྦེ་བྱིན་ཐབས་ ལུ་ ཐིམ་ཕུག་ཁྲོམ་སྡེ་དང་ འབྲུག་འགྲེམ་རང་སྐྱོང་ལས་ སྡེ་གིས་ མོ་བཏབ་ཀྱི་དོན་ལུ་ ཁྲོམ་སྡེ་ནང་འཁོད་ཀྱི་དོན་ ལུ་ ཁ་བྱང་གི་ལས་འགུལ་ ཅིག་ འགོ་བཙུགས་ཡོདཔ་ ཨིན་པས། འདས་པའི་ཟླཝ་ལས་འགོ་ བཙུགས་ཡོད་མི་ ལས་ འགུལ་དེ་གིས་ ཐིམ་ཕུག་ ཁྲོམ་སྡེ་ནང་འཁོད་ལུ་ཡོད་མི་ སྒྲིང་ཁྱིམ་དང་ཁྲོམ་ལམ་ཚུ་ ཐོ་བཀོད་འབད་བྱིན་དོ་ཡོདཔ་ ད་ གྱངས་ཁ་བྱིན་ནི་གི་ཐད་ ཁར་ལྷོདཔ་ད་ ལམ་གཡས་ ལུ་ཡོད་མི་ཚུ་ལུ་འབད་བ་ ཅིན་ གྱངས་ཁ་དེ་ཟུང་དང་ གཡོན་ཁ་ཐུག་ལུ་ཡོད་མི་ ཚུ་ལུ་འབད་བ་ཅིན་ ཡ་སྦེ་ བཀོད་དེ་ཡོདཔ་ཨིན་པས། དེ་ཡང་ ཁ་བྱང་དེ་གིས་ ཁྲོམ་ སྡེ་གི་ས་ཁོངས་ཚུ་ འཇམ་ ཏོག་ཏོ་སྦེ་ ངོས་འཛིན་ འབད་ཚུགས་པའི་ཁར་ སྒྲིང་ ཁྱིམ་གྱི་གྱངས་ཁ་དེ་གིས་ དམིགས་གསལ་གྱི་སྒྲིང་ ཁྱིམ་ཚུ་ ངོས་འཛིན་འབད་ ཚུགས་པའི་ཁར་ དེ་གིས་ འགྲེམ་ཐོག་བསྐྱེལ་མི་ཚུ་ ལུ་འབད་རུང་ ཡི་གུ་ཚུ་ཡང་ འཇམ་ཏོག་ཏོ་སྦེ་ ཕྱིར་སེལ་ འབད་ཚུགས་ནི་ཨིན་པས། དེ་མ་ཚད་ དེ་གིས་ ཁྲོམ་སྡེ་ ནང་འཁོད་ལུ་ ཁྱོད་ར་ འགྲོ་ འགྲུལ་འབད་བའི་སྐབས་ ལཱ་ཁག་མི་རྐྱབ་ནི་ཨིན་པའི་ ཁར་ ཁྲོམ་སྡེ་གི་ཞབས་ ཏོག་དང་ཐུན་རྐྱེན་ དཔེར་ ན་ ནདཔ་སྐྱེལ་འདྲེན་འབད་ མི་སྣུམ་འཁོར་ མེ་བསད་ མི་སྣུམ་འཁོར་ གླ་འཁོར་ ཁྲིམས་སྲུང་འགག་པའི་སྣུམ་ འཁོར་ཚུ་ རྐྱེན་ངན་རེ་བྱུང་ པ་ཅིན་ དེ་འཕྲོ་ལས་ ལྷོད་ ཚུགས་པའི་ཁར་ ཆ་རོགས་ ཚུ་གིས་ཡང་ འཇམ་ཏོག་ཏོ་ སྦེ་ ཁྱོད་ར་སྡོད་ས་ནང་ ལྷོད་ ཚུགས་ནི་གི་ ལྷན་ཐབས་ འབད་ནི་ཨིན་པས། ད་ལས་ཕར་ ལས་འགུལ་དེ་ གིས་ ཁྲོམ་སྡེ་ནང་ཡོད་མི་ ཁྱིམ་གྱི་ཁ་བྱང་ཚུ་ལུ་ ཚུལ་ ལྡན་གྱི་ཁ་བྱང་བྱིན་ནི་ཨིནམ་ ད་ ཧེ་མ་འབད་བ་ཅིན་ ཁ་ བྱང་མེད་ནི་དེ་གིས་ ཁྲོམ་ སྡེའི་ཞབས་ཏོག་ཚུ་བྱིན་ནི་ལུ་ བྱ་སྟབས་མ་བདེཝ་ བཟོཝ་ ཨིནམ་ད་ འཚབས་ཆེན་གྱི་ རྐྱེན་ངན་རེ་བྱུང་སྟེ་འབད་རུང་ ས་ཁོངས་ངོས་འཛིན་འབད་ མ་ཚུགས་པའི་ དཀའ་ངལ་ ཚུ་ ཐོནམ་ཨིན་པས། གཞུང་གིས་ ཁྲོམ་སྡེ་ནང་ དེ་ བཟུམ་མའི་ ཐུན་རྐྱེན་དགོ་ པའི་སྐོར་ལས་ སྤྱི་ལོ་༢༠༡༠ ལུ་ གྲོས་ཐག་བཅད་ཡོདཔ་ ད་ ཁྲོམ་སྡེ་དང་འབྲུག་ འགྲེམ་རང་སྐྱོང་ལས་སྡེ་ གིས་ འགོ་བཙུགས་དགོ་ པའི་ བཀའ་རྒྱ་གནང་ཡོདཔ་ ཨིན་པས། འབྲུག་འགྲེམ་གྱིས་ སྤྱི་ ལོ་༢༠༡༠ ལུ་ ཚུལ་ལྡན་ གྱི་ འགྲེམ་ཐོག་ཁ་བྱང་དང་ ཡི་གུ་གཏོང་ལེན་གྱི་དོན་ ལུ་ ཁ་བྱང་གི་ལམ་ལུགས་ འགོ་བཙུགས་ཡོདཔ་ལས་ ཞབས་ཏོག་དེ་ཚུ་ མི་མང་ ལུ་ཐོབ་ཚུགསཔ་བཟོ་ནིའི་ དོན་ལུ་ ད་ལྟོའི་མོ་བཏབ་ ལས་འགུལ་གྱིས་ ཕན་ ཐོགས་སྦོམ་བྱུང་ནི་ཨིན་ པས། ཧེ་མ་འབད་བ་ཅིན་ ཁྲོམ་ངོ་ མའི་ནང་ཡོད་མི་ ཚོང་ཁང་ ཚུ་ལུ་རྐྱངམ་ཅིག་ ཁ་བྱང་ བྱིན་ཡོད་རུང་ ད་རེས་ནངས་ པར་ ཁྲོམ་སྡེ་ནང་ཚུད་མི་ ལམ་དང་སྒྲིང་ཁྱིམ་ག་ར་ལུ་ གྱངས་ཁ་ཚུ་ བྱིན་ཏེ་ཡོདཔ་ ཨིན་པས། མོ་བཏབ་ལས་འགུལ་དེ་ ཡང་ སྤྱི་ཟླ་༤ པའི་ཚེས་༢༨ ལུ་ འགོ་བཙུགས་ཡོདཔ་ ཨིན་པའི་གནས་ཚུལ།

Newspapers in English

Newspapers from Bhutan

© PressReader. All rights reserved.