འགྲུལ་འཕྲིན་འབག་མི་ག་ར་གིས་ འབྲུག་དངུལ་ཁང་གི་ དངུལ་འབྲེལ་ ཞབས་ཏོག་གསརཔ་དེ་ ཡོངས་འབྲེལ་མེད་རུང་ སྤྱོད་ཚུགས་ནི།

Bhutan Times - - Adverts -

༉ ད་ལས་ཕར་ འབྲུག་མི་ འགྲུལ་འཕྲིན་འབག་མི་ག་ར་ གིས་ ཁྱོད་ར་ག་ཏེ་ཡོད་ས་ལས་ འབྲུག་དངུལ་ཁང་གི་ཞབས་ ཏོག་ཚུ་ ས་སྒོ་དེ་ནང་ལས་ར་ ཐོབ་ཚུགས་ནི་ཨིནམ་མ་ཚད་ དེ་གི་དོན་ལུ་ ཡོངས་འབྲེལ་ ཡང་ མི་དགོ་ནི་ཨིན་པས། ཞབས་ཏོག་དེ་ཡང་ ཁ་ཙ་ ཐིམ་ ཕུག་ལུ་སྦེ་ འགོ་བཙུགས་མི་ རྒྱལ་ཁབ་ནང་རྙིང་ཤོས་ཅིག་ ཨིན་མི་ འབྲུག་དངུལ་ཁང་ གིས་ ཞབས་ཏོག་ལེ་ཤ་ བྱིན་ དོ་ཡོད་པའི་གྲས་ལས་ འགྲུལ་ འཕྲིན་གྱི་ཐོག་ལས་དང ད་རུང་ འབྲུག་དངུལ་ཁང་ཆ་རོགས་ ཟེར་མི་ ཞབས་ཏོག་གསརཔ་ གཉིས་ འགོ་བཙུགས་མི་དེ་ གིས་ འགྲུལ་འཕྲིན་འབག་མི་ ག་ར་གིས་ དངུལ་འབྲེལ་གྱི་ ཞབས་ཏོག་ཚུ་ གཞན་ལུ་བྱིན་ ནི་དང་ རང་གི་དོན་ལུ་ ཐོབ་ ཚུགས་ནི་ཨིན་པས། འབྲུག་དངུལ་ཁང་གི་ ཆ་ རོགས་ཀྱི་ཞབས་ཏོག་དེ་གིས་ རང་ལུ་ དངུལ་ཁང་གི་གསོག་ འཇོག་རྩིས་ཁྲ་ མེད་དེ་འབད་ རུང་ དངུལ་འབྲེལ་གྱི་ཞབས་ ཏོག་ཚུ་ གཞན་ལུ་ བྱིན་ཚུགས་ ནི་གི་ ཁེ་ཕན་ཡོདཔ་ཨིན་པས། ཚོང་འབྲེལ་གྱི་དོག་ལུ་ཨིན་པ་ ཅིན་ གླ་འཁོར་ནང་འགྱོ་བའི་ སྐབས་དང་ ཚོང་ཁང་ བཟའ་ ཁང་ལ་སོགས་པ་ནང་ འགྱོ་ བའི་སྐབས་ལུ་ རང་གི་ཧེམ་ཅུ་ ནང་ ཏི་རུ་འབག་སྟེ་མེད་རུང་ འགྲུལ་འཕྲིན་གྱི་ཐོག་ལས་ བཏབ་ཚུགས་ནི་ཨིནམ་ད་ དངུལ་བཏོན་འཕྲུལ་ཆས་ ཨེ་ ཊི་ཨེམ་ནང་ འགྱོ་བའི་སྐབས་ ཡང་ ཧེ་མ་བཟུམ་སྦེ་མེན་པར་ འགྲུལ་འཕྲིན་གྱི་ཐོག་ལས་ ཏི་ རུ་བཏོན་ཚུགས་ནི་ཨིན་པས། ཨིན་རུང་ ད་ལྟོའི་གནས་སྟངས་ ནང་ གོང་ཚད་མཐོ་སུ་གནས་ མི་ ཨེ་པཱལ་གྱི་འགྲུལ་འཕྲིན་ གྱི་རིགས་ཚུ་ལུ་འབད་བ་ཅིན་ ཞབས་ཏོག་དེ་ སྤྱོད་མི་བཏུབ་ དོ་ཡོད་རུང་ སྤྱིར་བཏང་གྲོང་ གསེབ་ནང་སྡོད་མི་ཚུ་གིས་ འབག་མི་ འགྲུལ་འཕྲིན་གོང་ ཉུང་སུ་ འབད་མི་ཚུ་ལུ་འབད་ བ་ཅིན་ ཞབས་ཏོག་དེ་ ཐོབ་ ཚུགས་ནི་ཨིནམ་ད་ དེ་གི་དོག་ ལུ་ མི་ཚུ་གིས་ འགྲུལ་འཕྲིན་ ནང་ལས་ མཉེན་ཆས་ཨེཔ་ཟེར་ མི་དེ་ བཙུགས་དགོ་ནི་ཨིན་ པས། མཐུན་རྐྱེན་དེ་ཚུ་ སྤྱོད་ནིའི་དོན་ ལུ་ ད་ལྟོ་སྐབས་ཅིག་ རིན་ག་ ནི་ཡང་ སྤྲོད་མི་དགོ་ནི་ཨིན་ རུང་ ཤུལ་ལས་ དངུལ་ཁང་ གི་ཡོངས་འབྲེལ་ནང་ འཐུས་ ཀྱི་སྐོར་ལས་ གསལ་བསྒྲགས་ འབད་ནི་ཟེར་ འགོ་དཔོན་ཚུ་ གིས་བཤདཔ་ཨིན་པས། ད་ལྟོ་ འབྲུག་ཉེན་བཅོས་ ལས་འཛིན་དང་ རྒྱལ་ཡོངས་ དགོངས་ཞུ་དང་ཟུར་ཕོགས་ འཚོ་བསྟེན་མ་དངུལ་ འབྲུག་ བརྒྱུད་འཕྲིན་ བཀྲ་ཤིས་འགྲུལ་ འཕྲིན་ ཐིམ་ཕུག་ཁྲོམ་སྡེ་དང་ འབྲུག་གློག་མེ་ལས་འཛིན་ཚུ་ དང་འབྲེལ་བའི་ཞབས་ཏོག་ ཚུ་ ཞབས་ཏོག་དེ་གི་ཐོག་ ལས་ བྱིན་ཚུགས་ནི་ཨིནམ་ད་ འགྲོས་ཀྱིས་སྦེ་ གཞན་ཞབས་ ཏོག་ཚུ་ཡང་ བྱིན་ནི་གི་ འཆར་ གཞི་ཡོདཔ་ཨིན་པས། ཞབས་ཏོག་ཚུ་གི་གྲས་ལས་ ཉིནམ་དེ་གི་ ཕྱི་རྒྱལ་གྱི་ དངུལ་གྱི་གོང་ཚད་ཚུ་དང་ སྐྱེད་ ཀྱི་བརྒྱ་ཆ་ རང་སོའི་དངུལ་ག་ དེམ་ཅིག་ལུས་ཡོདཔ་ཨིན་ན་ ཚུ་ བལྟ་ཚུགས་པའི་ཁར་ རང་ སོའི་དངུལ་གསོག་འཇོག་རྩིས་ ཁྲ་ནང་ དངུལ་བཙུགས་བཏོན་ འབད་བའི་སྐོར་ལས་ ཤེས་དགོ་ མནོ་རུང་ ཐོབ་ཚུགས་ནི་ཨིན་ པས། འབྲུག་དངུལ་ཁང་གི་ཁྲི་འཛིན་ ཀརྨ་ གྲབ་ལུ་ དཔལ་འབྱོར་ གྱིས་སླབ་དོ་བཟུམ་འབད་བ་ ཅིན་ ཞབས་ཏོག་དེ་ཚུ་ འགོ་ བཙུགས་མི་དེ་ གཙོ་བོ་ར་ གྲོང་ གསེབ་ནང་སྡོད་མི་ཚུ་གིས་ དངུལ་འབྲེལ་གྱི་ཞབས་ཏོག་ཚུ་ ཐོབ་ཚུགས་ཐབས་ལུ་ཨིན་ཟེར་ ཨིན་པས། ཁ་ཙ་ ཞབས་ཏོག་འགོ་ བཙུགསཔ་དང་འབྲེལ་ དངུལ་ རྩིས་བློན་པོ་ རྣམ་རྒྱས་རྡོ་རྗེ་ གིས་ ཁེ་མིན་ལས་ཚོགས་དག་ པ་ཅིག་ལུ་ འགྲུལ་འཕྲིན་གྱི་ ཐོག་ལས་ དངུལ་གྱི་གྲོགས་ རམ་ བྱིན་ཡོདཔ་ཨིན་པས། ད་རེས་ ཞབས་ཏོག་ཚུ་ ཨིང་ སྐད་ནང་རྐྱངམ་ཅིག་ཡོདཔ་ ཨིན་རུང་ མ་འོངས་པའི་ནང་ དངུལ་ཁང་གིས་ ཞབས་ཏོག་ ཚུ་ གྲོང་གསེབ་ནང་སྡོད་མི་དང་ གཞུང་གྲྭ་ཚང་ནང་གི་ དགེ་སློང་ ཚུ་གི་མཐའ་དོན་ལུ་དམིགས་ ཏེ་ རྫོང་ཁའི་ཐོག་ལས་ཡང་ ཐོབ་ཚུགསཔ་བཟོ་ནི་གི་ འཆར་ གཞི་ཡོདཔ་ཨིན་པས། དངུལ་ཁང་གི་བཀོད་ཁྱབ་ གཙོ་འཛིན་འགོ་དཔོན་ པདྨ་ན་ དིག་ དབང་འདུས་ཀྱིས་ སླབ་ དོ་བཟུམ་འབད་བ་ཅིན་ ད་ཚུན་ ཁོང་གི་ཚོང་མགྲོན་པ་ བརྒྱ་ཆ་ ༡༠ ལྷགཔ་ཅིག་གིས་ ཡོངས་ འབྲེལ་གྱི་ཞབས་ཏོག་ཚུ་གི་ དོན་ལུ་ ཐོ་བཀོད་འབད་དེ་ཡོད་ རུང་ བརྒྱ་ཆ་༧ ལྷགཔ་ཅིག་ གིས་རྐྱངམ་ཅིག་ ད་ལྟོ་ ཞབས་ ཏོག་དེ་ སྤྱོད་དེ་འདུག་ཟེར་ཨིན་ པས། ཞབས་ཏོག་དེ་གིས་ མི་དམང་ གིས་ ག་ཏེ་འགྱོ་རུང་ དཀའ་ ངལ་ཅན་གྱི་ ཏི་རུ་འབག་སྟེ་ འགྱོ་མ་དགོཔ་ཐོན་འོང་ཟེར་ བཀོད་ཁྱབ་གཙོ་འཛིན་འགོ་ དཔོན་གྱིས་ བཤད་ཡོད་པའི་ གནས་ཚུལ།

Newspapers in English

Newspapers from Bhutan

© PressReader. All rights reserved.