རྒྱལ་ཡོངས་ཚོགས་སྡེ་གིས་ ཚོང་འབྲེལ་གོ་སྐབས་དང་བརྡ་དོན་ལྟེ་བ་ ཁྲིམས་ མཐུན་མེན་ཟེར་སླབ་མི་ལུ་ གཞུང་གིས་ ངོས་ལེན་ཅིག་མཛད་མ་བཏུབ།

Bhutan Times - - Adverts -

༉ གཞུང་གིས་ ལོ་ཅིག་དེ་ ཅིག་གི་ཧེ་མར་ ཚོང་འབྲེལ་ གོ་སྐབས་དང་བརྡ་དོན་ལྟེ་ བ་ གཞི་བཙུགས་འབད་མི་དེ་ རྒྱལ་ཡོངས་ཚོགས་སྡེ་གིས་ ལྟེ་བ་དེ་ ཁྲིམས་མེན་པའི་སྐོར་ ལས་ ཞུ་བ་འབད་ཡོདཔ་ཨིན་ རུང་ གཞུང་གིས་ ད་རུང་ ཚོང་ འབྲེལ་དང་འབྲེལ་བའི་ ལྟེ་བ་ གསརཔ་ཅིག་ གཞི་བཙུགས་ འབད་ནི་གི་ འཆར་གཞི་འབད་ དོ་ཡོད་མི་ལུ་ ཚོགས་སྡེའི་ འཐུས་མི་ཚུ་གིས་ གཞུང་གིས་ ཁྲིམས་ལུ་ལུ་གུས་ཞབས་ ག་ དེ་སྦེ་ ཡོདཔ་ཨིན་ན་ཟེར་བའི་ དྲི་བ་བཀོད་ཡི། དེ་ཡང་ བུམ་ཐང་གི་འཐུས་ མི་ ཉི་མ་གིས་ གཞུང་དང་ སྤྱི་ཚོགས་ཀྱིས་ར་ ཁྲིམས་ ལུགས་ཚུ་ལུ་ གུས་ཞབས་མེད་ པ་ཅིན་ མི་གཞན་གྱིས་གུས་ ཞབས་འབད་ནི་དེ་ ལཱ་ཁག་འོང་ ཟེར་ཞུ་མི་དེ་ཡང་ ཚོང་འབྲེལ་ གོ་སྐབས་དང་བརྡ་དོན་ལྟེ་ བའི་ཉོགས་བཤད་ མཇུག་མ་ བསྡུཝ་ལས་ གཞུང་གིས་ ད་ རུང་ ཚོང་ལཱ་ཡར་དྲག་ཚོགས་ སྡེ་ཟེར་མི་ཅིག་ གཞི་བཙུགས་ འབད་ནི་གི་ འཆར་གཞི་འབད་ ནི་དེ་གིས་ཨིན་པས། ད་ལྟོ་གཞི་བཙུགས་འབད་ཡོད་ མི་ལྟེ་བ་དེ་ འཐུས་མི་གིས་ འབད་བ་ཅིན་ ཁྲིམས་ག་ཅི་ གིས་ཡང་ མི་འགབ་དོ་ཡོདཔ་ ལས་ གྲོས་ཐག་བཅད་དགོཔ་ འདུག་ཟེར་ཞུ་ཡི། ཚོགས་སྡེའི་འཐུས་མི་ཚུ་གིས་ གཞུང་ལུ་ འདས་པའི་ཚོགས་ ཐེངས་སྐབས་ལས་ར་ ལྟེ་བ་ དེ་ ཁྲིམས་མཐུན་མེནམ་ལས་ ཁྲིམས་མཐུན་བཟོ་ནིའི་དོན་ལུ་ དུས་ཚོད་ཕུལ་ཏེ་ ལོ་ཅིག་ལང་ རུང་ གཞུང་གིས་ ངོས་ལེན་ ཅིག་འབད་མ་བཏུབ་ཟེར་ཞུ་ཡི། ཁྱད་ལྡན་གྱི་འཐུས་མི་ ཀུན་ ལེགས་ཚེ་རིང་གིས་ ལྷན་རྒྱས་ གཞུང་ཚོགས་ཀྱི་བཅའ་ཁྲིམས་ ༡༩༩༩ ཅན་མ་དང་འཁྲིལཝ་ ད་ གཞུང་སྐྱོང་གི་དབང་ཚད་དེ་ ཁྲིམས་ལུགས་ལྟར་མེན་པ་ཅིན་ ཁྲིམས་བརྩམ་ཐོག་ལས་ སྤྱོད་ དགོཔ་སྦེ་ འདུག་ཟེར་ཞུ་ཡི། དེ་འབདཝ་ལས་ འཐུས་མི་ གིས་ ལྟེ་བ་དེ་ གཞི་བཙུགས་ འབད་ཚར་ཡོདཔ་ལས་ དེ་གི་ དོན་ལུ་ ཁྲིམས་ཅིག་ངེས་པར་ དུ་དགོཔ་འདུག་ཟེར་ ཧེ་མ་ ལས་ བློན་ཆེན་ལུ་ཞུ་བ་འབད་ ཡི་ཟེར་ ཚོགས་ཁང་ནང་ཞུ་ ཡོད་རུང་ ཁྲིམས་བརྩམ་ཡོད་ པའི་ ལོ་རྒྱུས་མ་གོ་ཟེར་ཨིན་ པས། ཚོགས་སྡེའི་འཐུས་མི་ཚུ་གིས་ ཁོང་གིས་ ལྟེ་བ་དེ་ ཁྲིམས་ མཐུན་མེན་པས་ཟེར་ཞུ་མི་ལུ་ མི་སེར་ལུ་ཕན་པའི་ ཞབས་ ཏོག་བྱིན་མི་ལྟེ་བ་དེ་ བཀག་ དམ་འབད་ནི་མས་ཟེར་བའི་ དོགས་པ་ཆགས་དོ་ཡོདཔ་ལས་ གཙུག་སྡེ་དེ་ བཀག་དམ་འབད་ ནི་མེན་པར་ གཞི་བཙུགས་ འབད་བའི་སྐབས་ལུ་ ལམ་ ལུགས་དང་མ་འཁྲིལ་བར་ འབད་ཡོདཔ་ལས་ མ་འོངས་ པའི་ནང་ དེ་བཟུམ་ མི་བྱུང་ནི་ གི་དོན་ལུ་ ལམ་ལུགས་ཅིག་ བཟོ་དགོཔ་ འདུག་ཟེར་ཞུ་ཡི། འཐུས་མི་ཚུ་གིས་ ལྟེ་བ་དེ་ ཁྲིམས་ག་ཅི་གི་འོག་ལུ་ཡང་ མ་ཚུད་པའི་ཁར་ ལྟེ་བ་འཕྲོ་ མཐུད་ ལག་ལེན་འཐབ་ནི་ཨིན་ པ་ཅིན་ སྲིད་བྱུས་དང་ཁྲིམས་ ལུགས་ཚུ་ བརྩམ་དགོཔ་ འདུག་ཟེར་ཞུ་ཡི། ཨིན་རུང་ ཚོགས་སྡེ་གིས་ གཞུང་གིས་ ལོ་ཅིག་ལང་རུང་ གནད་དོན་དེ་གི་སྐོར་ལས་ ག་ ནི་ཡང་མཛད་དེ་མེདཔ་ལས་ ཁྲིམས་ཀྱི་དོན་འགྲེལ་གྱི་དོན་ ལུ་ གནད་དོན་དེ་ མི་དབང་ མངའ་ཞབས་མཆོག་ལུ་ ཕུལ་ ནི་སྦེ་ གྲོས་ཐག་བཅད་ཡོདཔ་ ཨིན་པའི་གནས་ཚུལ།

Newspapers in English

Newspapers from Bhutan

© PressReader. All rights reserved.