གློག་མེ་སྣུམ་འཁོར་གཏང་མི་ གླ་འཁོར་དེད་གཡོགཔ་ཚུ་ སེམས་དང་ མ་ལྡན་པར་ཡོདཔ།

Bhutan Times - - Adverts -

༉ གློག་མེ་སྣུམ་འཁོར་ཚུ་ གླ་འཁོར་སྦེ་གཏང་མི་ དེད་ གཡོགཔ་ཚུ་གིས་ སྣུམ་འཁོར་ བཙོང་མི་ཚུ་གིས་ སླབ་དོ་ བཟུམ་སྦེ་ སྣུམ་འཁོར་ཚུ་གིས་ རྒྱུགས་ཚད་དེ་ཅིག་ བྱིན་ནི་ མིན་འདུག་ཟེར་ ཉོགས་བཤད་ ཚོགས་ཁང་ནང་ཞུ་ཡི། དེ་ཡང་ བཀྲ་ཤིས་གཡང་ རྩེ་གི་ བུམ་ལྡི་གླིང་-འཇམ་ མཁར་གྱི་འཐུས་མི་ གྲུབ་ཐོབ་ ཀྱིས་ གླ་འཁོར་དེད་གཡོགཔ་ ཚུ་གིས་ བློན་ཆེན་མཆོག་ ལུ་ སྣུམ་འཁོར་དེ་གི་དོན་ལུ་ ལམ་ཁར་ལས་ཕར་ གློག་མེ་ ལྟོ་བཙུགས་ས་མེད་ནི་དེ་གིས་ ལམ་ཐག་རིང་ས་འགྲོ་འགྲུལ་ འབད་ནི་ལུ་ དཀའ་ངལ་བྱིན་ དོ་ཡོདཔ་ལས་ སེམས་དང་མ་ ལྡན་པར་འདུག་ཟེར་ཞུ་ཡི། འཐུས་མི་གིས་ གླ་འཁོར་ ཚུ་ འགོ་དང་པ་ཉོ་བའི་སྐབས་ ཚར་ཅིག་གློག་ལྟོ་བཙུགས་ མི་དེ་གིས་ ཀི་ལོ་མི་ཀྲ་༡༧༥ འགྲོ་འགྲུལ་འབད་ཚུགས་ཟེར་ སླབ་ཡོད་རུང་ ད་རེས་ གློག་ ལྟོ་ཚར་ཅིག་བཙུགས་མི་དེ་ གིས་ ཐིམ་ཕུག་ལས་སྤ་རོ་ འགྱོ་སྟེ་ ལོག་འོང་ནི་ལུ་ཡང་ ལཱ་ཁག་རྐྱབ་མས་ཟེར་ཨིན་ པས། དྲི་བ་དེ་ལུ་ བརྡ་དོན་དང་ བརྒྱུད་འབྲེལ་བློན་པོ་ ཌི་ ཨེན་ དུང་རྒྱལ་གྱིས་ གློག་ མེ་གི་སྣུམ་འཁོར་ གླ་འཁོར་ སྦེ་གཏང་མི་ དེད་གཡོགཔ་ བཞི་ལས་ ཞུ་ཡིག་ལྷོད་ཅི་ ཟེར་གསུངས་ཡོདཔ་ད་ དེད་ གཡོགཔ་ཚུ་གིས་ སྣུམ་ འཁོར་དེ་གིས་ གློག་ལྟོ་ཧྲིལ་ བུ་བཙུགསཔ་ད་ ཀི་ལོ་མི་ ཀྲ་ར་༤༠-༥༠ གི་བར་ལས་ བརྒལ་ འགྲོ་འགྲུལ་འབད་མི་ ཚུགས་དོ་ཡོདཔ་སྦེ་ འཁོད་ དེ་འདུག་ཟེར་ ཚོགས་ཁང་ ནང་ཞུ་ཡོད་རུང་ བློན་པོ་གིས་ གློག་མེ་སྣུམ་འཁོར་ཉོ་ནི་དང་ བཙོང་ནི་གི་ཐད་ཁར་ལྷོདཔ་ ད་ བཙོང་མི་དང་གཅིག་ཁར་ གྲོས་བསྟུན་འབད་དགོ་ཟེར་ གསུངས་ཡི། ཨིན་རུང་ བློན་པོ་གིས་ གཞུང་ དང་ལམ་འགྲུལ་ཉེན་སྲུང་ དང་སྐྱེལ་འདྲེན་དབང་འཛིན་ གྱིས་ དཀའ་ངལ་དེ་ ག་དེ་སྦེ་ སེལ་ཚུགས་ག་ བལྟ་འོང་ཟེར་ གསུངས་ཡི། གནད་དོན་དེ་ལུ་ མགར་སའི་ ཁ་སྨད་ལུང་ནག་ན་གི་འཐུས་ མི་ པདྨ་གྲགས་པ་གིས་ གློག་ མེ་སྣུམ་འཁོར་དང་འགྲུལ་ འཕྲིན་གྱི་རིགས་ཚུ་གིས་ ལག་ལེན་འཐབ་མི་ འཕྲུལ་ ལྟོ་ཚུ་ ཉེན་ཁ་ཡོདཔ་ཨིན་རུང་ ག་གིས་ཡང་ དེ་ལུ་ བལྟ་མི་ མིན་འདུག་ཟེར་ཞུ་ཡི། གཞུང་གིས་ གློག་མེ་སྣུམ་ འཁོར་གྱི་དོན་ལུ་ ས་གནས་ ཐདམ་ཐད་ཁར་ལས་ཕར་ གློག་ལྟོ་བཙུགས་ས་ གཞི་ བཙུགས་འབད་ནི་ཨིན་ཟེར་ སླབ་ཡོད་རུང་ ད་ལྟོ་ཡང་ བཙུགས་ཡོད་པའི་ ལོ་རྒྱུས་ མེད་པའི་ཁར་ གློག་མེ་སྣུམ་ འཁོར་ཚུ་ཡང་ དག་པ་ཅིག་ ལས་མེད་རུང་ སྒེར་སྤྱོད་ཀྱི་ དོན་ལུ་ ཉོ་མི་རེ་གཉིས་ ཐོན་ ཡོདཔ་ཨིན་པས། སྣུམ་འཁོར་ཚུ་ཡང་ གཞུང་ གིས་ ཇ་པཱན་ལས་ ཉུང་ཤོས་ ཀི་ལོ་མི་ཀྲར་༣༠,༠༠༠ འགྱོ་ མི་ཚུ་རྐྱངམ་ཅིག་ ནང་འདྲེན་ འབད་དོ་ཡོདཔ་ཨིན་པས། བློན་ཆེན་གྱིས་ རྩི་མ་བཤམ་ དང་དགེ་འདུ་ ཕུན་ཚོགས་ གླིང་གི་ས་ཁོངས་ཚུ་ནང་ གློག་ མེ་བཙུགས་ས་བཙུགས་ནི་ ཟེར་སླབ་ཡོད་རུང་ གླ་འཁོར་ དེད་གཡོགཔ་མང་ཤོས་ཀྱིས་ སྣུམ་འཁོར་དེ་ ཉོ་ནིའི་དོན་ ལུ་ དང་འདོད་དེ་ཅིག་མེདཔ་ བཟུམ་ཡོད་པའི་གནས་ཚུལ།

Newspapers in English

Newspapers from Bhutan

© PressReader. All rights reserved.