སྤྱི་ཚོགས་ཀྱིས་ རྫོང་ཁག་ཁྲོམ་སྡེ་ངོས་འཛིན་གྱི་ རྒྱབ་སྐྱོར་མ་འབད་མི་ དེ་ མི་སེར་ཚུ་ལུ་ཁ་རྗེ།

Bhutan Times - - Adverts -

༉ འདས་པའི་བདུན་ཕྲག་གི་ སྤྱི་ཚོགས་ལྷན་བཞུགས་ནང་ པདྨ་དགའ་ཚལ་རྫོང་ཁག་ཁྲོམ་ སྡེ་དང་ ཡན་ལག་ཁྲོམ་སྡེ་གི་ དོན་ལུ་ རྒྱབ་སྐྱོར་མ་ཐོབ་རུང་ པདྨ་དགའ་ཚལ་གྱི་འཐུས་མི་ བཟང་ལེགས་འབྲུག་པ་གིས་ འབད་བ་ཅིན་ གྲུབ་འབྲས་དེ་ མི་སེར་ཚུ་གིས་ གྲོས་བསྟུན་ ལེགས་ཤོམ་འབད་ནི་གི་དོན་ལུ་ གོ་སྐབས་བཟང་པོ་ཅིག་ ཨིན་ མས་ཟེར་ཨིན་པས། སྤྱི་ཟླ་དེ་གི་ཚེས་༡༩ ལུ་ ལྡོག་ ཕྱོགས་ཚོགས་པ་གིས་ བརྡ་ བརྒྱུད་ཚུ་དང་གཅིག་ཁར་ གྲོས་འཛོམས་ཅིག་འཚོགས་ པའི་སྐབས་ལུ་ མཁར་གཡུ་ རུང་གི་འཐུས་མི་ བཟང་ ལེགས་འབྲུག་པ་གིས་ གནད་ དོན་དེ་ལུ་ ས་གནས་གཞུང་གི་ འགོ་ཁྲིདཔ་ཚུ་གིས་ མི་སེར་ཚུ་ དང་གཅིག་ཁར་ གྲོས་བསྟུན་ འབད་ཡོདཔ་དང་མེད་ཀྱི་ དྲི་ བ་མེད་རུང་ ཁོ་རའི་འདེམས་ ཁོངས་ནང་གི་ མི་སེར་ཚུ་གིས་ ཁོང་གིས་ཤེས་རྟོགས་མེདཔ་སྦེ་ སླབ་དེས་ཟེར་ཨིན་པས། འཐུས་མི་གིས་ སྤྱི་ལོ་༢༠༡༠ ལུ་ ཁྲོམ་སྡེ་ཀ་པ་བཞི་ སྤྱི་ ཚོགས་ཀྱིས་ངོས་འཛིན་འབད་ ཡོད་པའི་ཁར་ ལྷག་ལུས་རྫོང་ ཁག་༡༦ ལས་ རྫོང་ཁག་ ༡༥ དེ་ཡང་ སྤྱི་ཚོགས་ཀྱིས་ཆ་ འཇོག་གྲུབ་མི་ལྟར་དུ་ འབད་ ཡོདཔ་ཨིན་རུང་ པདྨ་དགའ་ ཚལ་གྱི་ཐད་ཁར་ལྷོདཔ་ད་ དེ་ དང་འཁྲིལ་ མ་འབད་བས་ཟེར་ ཨིན་པས། འཐུས་མི་གིས་ རྫོང་ཁག་ཁྲོམ་ དེ་ ངང་ལམ་དང་བདེན་མཆིས་ ག་ཏེ་ལུ་ཆགས་རུང་ འདེམས་ ངོ་ཁོ་ར་ལུ་ ཁེ་ཕན་མེད་རུང་ མི་སེར་ཚུ་གིས་ པདྨ་དགའ་ ཚལ་གྱི་རྫོང་ཁག་ཁྲོམ་སྡེ་ ལོ་ ངོ་བཅུ་ཕྲག་གསུམ་དེ་ཅིག་གི་ ཧེ་མ་ལས་ ངོས་འཛིན་འབད་ ཡོདཔ་ལས་ ས་ཁོངས་ངོས་ འཛིན་གསརཔ་འབད་ཡོད་མི་ ལུ་ ཞུ་དགོཔ་སྦེ་ སླབ་དེས་ ཟེར་ཨིན་པས། འཐུས་མི་གིས་ སྤྱི་ཚོགས་ཀྱིས་ པདྨ་དགའ་ཚལ་རྫོང་ཁག་གི་ དོན་ལུ་ ཆ་འཇོག་མ་འབད་མི་ དེ་ རྩ་ཁྲིམས་དང་འཁྲིལ་ རྫོང་ ཁག་རེ་ནང་ རྫོང་ཁག་ཁྲོམ་ དང་ཡན་ལག་ཁྲོམ་འོང་དགོཔ་ སྦེ་ ཡོད་མི་དང་འགལཝ་ མས་ཟེར་ཨིན་པའི་ཁར་ ལྡོག་ ཕྱོགས་ཚོགས་པའི་འཐུས་མི་ཚུ་ གིས་ གནམ་དགུན་གྱི་ཚོགས་ ཐེངས་ནང་ཡང་ ཆ་འཇོག་ འབད་མ་ཚུགས་པ་ཅིན་ ངེས་ ཏིག་ རྩ་ཁྲིམས་ལས་འགལ་ནི་ ཨིན་པས་ཟེར་ཞུ་ཡི། ས་གནས་གཞུང་གི་འགོ་ཁྲིདཔ་ ལ་ལུ་གིས་ བཤད་དོ་བཟུམ་ འབད་བ་ཅིན་ གནད་དོན་དེ་ གི་སྐོར་ལས་ ཞབས་ཏོག་ལྷན་ ཁག་ནང་ སྙན་ཞུ་ དེ་འཕྲོ་ ལས་ འབད་དགོཔ་སྦེ་ སླབ་ནི་ དེ་གིས་ རྫོང་ཁག་ཚོགས་འདུ་ ནང་ གྲོས་བསྟུན་འབད་བའི་ སྐབས་ ཚུལ་ལྡན་ཅིག་མ་འགྱོ་ ཟེར་ཨིན་པས། དེ་ཡང་ འཐུས་མི་ལ་ལུ་གིས་ འབད་བ་ཅིན་ གྲོས་འཛོམས་ དེ་གི་སྐབས་ལུ་ བཀའ་ཤོག་ ཅིག་ལྷག་པའི་ཤུལ་ལས་ པདྨ་ དགའ་ཚལ་རྫོང་ཁག་གི་ ཉེ་ འདབས་ལུ་ཡོད་མི་ རྒེད་འོག་ གི་ འཐུས་མི་ཚུ་གིས་ཡང་ ངང་ལམ་ལུ་ རྒྱབ་སྐྱོར་འབད་ ས་མཐོང་ཡི་ཟེར་ཨིན་པས། གནད་དོན་དེ་ སྲིད་དང་འབྲེལ་ བའི་གནད་དོན་ཅིག་ལུ་འགྱུར་ ཡོད་མི་དེ་ཡང་ ངང་ལམ་ཁྲོམ་ ནང་ཡོད་མི་ ས་ཆ་ཚུ་ མང་ ཤོས་ར་ དྲུང་ཁག་དེ་གི་ ཕྱི་ ཁར་ལས་ཨིན་མི་ མི་ཚུ་གི་ ཨིན་པའི་ ལོ་རྒྱུས་ཡོདཔ་ལས་ གནད་དོན་དེ་ སྲིད་དང་འབྲེལ་ བ་ཅིག་ལུ་ འགྱུར་ཡོདཔ་ཨིན་ པས། ངང་ལམ་གྱི་འཐུས་མི་ ཆོས་ གྲགས་རྒྱ་མཚོ་གིས་འབད་བ་ ཅིན་ ངང་ལམ་ལུ་ མཐུན་རྐྱེན་ ཚུ་ག་ར་ཚངམ་སྦེ་ ཡོད་པའི་ ཁར་ མི་སེར་གྱི་ངོ་ཚབ་ཅིག་ འབདཝ་ལས་ ངང་ལམ་ལུ་ ར་ འོས་འབབ་འདུག་ཟེར་ཞུ་ ཡི་ཟེར་ཨིན་རུང་ ཁོ་གིས་ཡང་ རྫོང་ཁག་ཁྲོམ་སྡེ་ ག་ཏེ་ཆགས་ རུང་ ཁྱད་མེད་ཟེར་ཨིན་པས། གནད་དོན་དེ་གི་སྐོར་ལས་ མི་ སེར་དང་ས་གནས་གཞུང་གི་ འཐུས་མི་དང་འགོ་ཁྲིདཔ་ཚུ་ ཚ་གྱངས་ལངས་ཡོད་རུང་ སྤྱི་ ཚོགས་མཇུག་བསྡུ་གི་རྟེན་ འབྲེལ་སྐབས་ བློན་ཆེན་ཚེ་རིང་ སྟོབས་རྒྱས་ཀྱིས་ པདྨ་དགའ་ ཚལ་རྫོང་ཁག་གི་ གོང་འཕེལ་ གྱི་ལཱ་གི་དོན་ལུ་ ཁོ་ར་གིས་ འགོ་འདྲེན་འཐབ་སྟེ་ འབད་ ནི་ཨིནམ་ལས་ མི་སེར་ཚུ་ལུ་ ཚ་གྱངས་ལང་དགོཔ་མེད་ཟེར་ གསུངས་ཡོད་པའི་གནས་ཚུལ།

Newspapers in English

Newspapers from Bhutan

© PressReader. All rights reserved.