རྒྱལ་ཡོངས་གནས་ཚད་ཀྱི་ སྨྱོ་རྫས་དང་ཆང་ལག་ལེན་འཐབ་མི་གི་ ཁྱབ་ཚད་ཀྱི་གནས་སྡུད་དགོ་ནི།

Bhutan Times - - Home -

༉ མི་དབང་རྒྱལ་ཡུམ་ ཚེ་རིང་ དཔལམོ་དབང་ཕྱུག་མཆོག་ གིས་ རྒྱལ་ཁབ་ནང་ སྨྱོ་རྫས་ དང་ཆང་ལག་ལེན་འཐབ་མི་ གི་ གནས་སྡུད་ཁ་གསལ་ ཚུ་མེདཔ་ལས་ རྒྱལ་ཡོངས་ གནས་ཚད་ཀྱི་ གནས་སྡུད་ བསྡུ་སྒྲིག་ འབད་ནི་གི་ལས་ རིམ་ གཞི་བཙུགས་འབད་ དགོཔ་འདུག་ཟེར་ གསུངས་ ཡོདཔ་ཨིན་པས། དེ་ཡང་ སྤྱི་ཟླ་དེ་གི་ཚེས་༢༦ ལུ་ རྒྱལ་ཁབ་ནང་ སྨྱོ་རྫས་ཀྱི་ དཀའ་ངལ་ཡོད་མི་ལུ་ ཐབས་ ཤེས་ཀྱི་སྒོ་ལས་ གདོང་ལེན་ འབད་ནིའི་དོན་ལུ་ སྨྱོ་རྫས་མེད་ པའི་ལོ་ སྤྱི་ལོ་༢༠༡༥ འགོ་ འབྱེད་གནང་པའི་སྐབས་ མི་ དབང་རྒྱལ་ཡུམ་མཆོག་གིས་ གསུངས་ཡོདཔ་ཨིན་པས། མི་དབང་རྒྱལ་ཡུམ་མཆོག་ གིས་ སྨྱོ་རྫས་གདོང་ལེན་ གྱི་ལས་རིམ་དེ་ཡང་ འཛམ་ གླིང་སྨྱོ་རྫས་ཀྱི་ཉིནམ་དང་ འབྲེལ་ མི་དབང་འབྲུག་རྒྱལ་ བཞི་པ་མཆོག་གི་ དགུང་ལོ་ ༦༠ བཞེས་པའི་དུས་སྟོན་ བརྩི་སྲུང་གི་དོན་ལུ་ཞུ་ཡོདཔ་ ད་ ལས་རིམ་གྱི་བརྗོད་དོན་དེ་ ཡང་ མཉམ་རུབ་ཀྱི་ཐོག་ལས་ འབད་ཚུགསཔ་ལས་ སྨྱོ་རྫས་ དང་ཆང་མེད་པར་ དགའ་སྐྱིད་ ངང་ལུ་སྡོད་གེ་ཟེར་བཞག་ ཡོདཔ་ཨིན་པས། མི་དབང་རྒྱལ་ཡུམ་མཆོག་ གིས་ ཉིནམ་དེ་ཁར་ གསུངས་ བཤད་གནང་པའི་སྐབས་ འབྲུག་རྒྱལ་ཁབ་དེ་ནང་ ཆང་ འཐུང་མི་དེ་ ལྷོ་ཨེ་ཤི་ཡ་ལུང་ ཕྱོགས་ནང་ མཐོ་ཤོས་ཅིག་ ཨིནམ་ལས་ རྒྱལ་ཁབ་ནང་ མི་གི་ཤི་རྐྱེན་བྱུང་མི་གཙོ་བོ་ ཅིག་ཨིནམ་སྦེ་ གསུངས་ ཡོདཔ་ད་ སྨྱོ་རྫས་དང་ཆང་ འཐུང་མི་གི་གྱངས་ཁ་ ཡར་ སེང་འགྱོ་མི་དེ་གིས་ རྒྱལ་ ཁབ་ནང་གི་ ལྕོགས་གྲུབ་ཅན་ གྱི་མི་ཚུ་ བྱང་ནི་གི་ཉེན་ཁ་ སྦོམ་ ཡོད་ཟེར་གསུངས་ཡི། སྤྱི་ལོ་༢༠༠༤ ལུ་ མི་དབང་ རྒྱལ་ཡུམ་མཆོག་གིས་ ན་ གཞོན་ཚུ་གིས་ སྨྱོ་རྫས་དང་ ཆང་འཐུང་སྟེ་ མི་ཚེ་མེདཔ་ འགྱོ་བའི་ གནས་སྟངས་ གཟིགས་པའི་ཤུལ་ལས་ གནད་དོན་དེ་ལུ་ གདོང་ལེན་ མཛད་ནིའི་དོན་ལུ་ ཐུགས་ཀྱི་ བཟོད་མ་ཚུགས་པར་ ཁས་ ལེན་འབད་དེ་ ལས་རིམ་ དེ་ གཞི་བཙུགས་གནང་པའི་ ཤུལ་ལས་ ད་ཚུན་ འཕྲོ་མཐུད་ མཛད་བཞིན་དུ་ཡོད་ཟེར་ རྒྱལ་ ཡུམ་མཆོག་གིས་ གསུངས་ ཡི། མི་དབང་རྒྱལ་ཡུམ་མཆོག་ གིས་ མི་ཚུ་གིས་ སྨྱོ་རྫས་ དང་ཆང་ཚུ་ སྤྱོད་དེ་ར་སྡོད་ནི་ ཨིནམ་ལས་ ཁྲིམས་ཚུ་སྒྲིང་ སྒྲིང་བཟོ་དགོ་པའི་ཁར་ དེ་གི་ ནང་དོན་ཉིད་ལས་ཡང་ སྨྱོ་ རྫས་ཚོང་འབྲེལ་འཐབ་མི་ཚུ་ ལུ་ དམ་དམ་བཟོ་དགོ་ཟེར་ གསུངས་ཡོདཔ་ད་ སྨྱོ་རྫས་ ལོག་སྤྱོད་འབད་མི་ཚུ་ལུ་ བཟོད་གསོལ་མེདཔ་འབད་ དགོཔ་དེ་ གལ་ཆེ་བས་ཟེར་ གསུངས་ཡོདཔ་ཨིན་པས། དེ་བཟུམ་སྦེ་ མི་དབང་རྒྱལ་ ཡུམ་མཆོག་གིས་ དཀའ་ངལ་ དེ་གདོང་ལེན་འབད་ཐབས་ལུ་ ས་མཚམས་ཚུ་ནང་ མཉམ་ འབྲེལ་ཚུ་ སྒྲིང་སྒྲིང་བཟོ་དགོ་ ཟེར་གསུངས་ཡོདཔ་ད་ རྒྱལ་ ཁབ་ནང་ ཆང་དེ་མང་ཤོས་ ཀྱིས་ སྤྱོད་དོ་ཡོད་པའི་ཁར་ ཁྲིམས་སྲུང་འགག་པ་གིས་ བསྡུ་སྒྲིག་འབད་མི་སྙན་ཞུ་ དང་འཁྲིལཝ་ད་ འཛིན་བཟུང་ འབད་མི་ལས་ བརྒྱ་ཆ་༦༠ དེ་ ན་གཞོན་ སྨྱོ་རྫས་ལག་ལེན་ འཐབ་མི་ཚུ་ཡོདཔ་ཨིན་པས། སྤྱི་ལོ་༢༠༡༤ ལོ་རྐྱངམ་ཅིག་ ནང་ ཁྲིམས་སྲུང་འགག་པ་ གིས་ མི་༩༥༠ འཛིན་བཟུང་ འབད་མི་ལས་ བརྒྱ་ཆ་༥༨ ན་ གཞོན་ཚུ་ཡོདཔ་ད་ སྙན་ཞུ་ དང་འཁྲིལཝ་ད་ བཀག་དམ་ འབད་མི་ སྨྱོ་རྫས་ལག་ལེན་ འཐབ་མི་གི་བརྒྱ་ཆ་༣༠ གྱིས་ ཡར་སེང་འགྱོ་ཡོདཔ་ད་ ཚུལ་ མིན་ཐོག་ལས་ ནང་འདྲེན་ འཐབ་མི་གི་བརྒྱ་ཆ་༡༠ གྱིས་ ཡར་སེང་འགྱོ་ཡོདཔ་ཨིན་པས། ད་ལྟོ་ བཙོན་ཁྲིམས་ཕོགས་ ཡོད་མི་ལས་༢༨༤ སྨྱོ་རྫས་ ནང་འདྲེན་འབད་མི་དང་ གཞན་མི་སྨྱོ་རྫས་སྤྱོད་མི་༣༨༢ ཡོདཔ་ཨིན་པས། ཉིནམ་དེ་ཁར་ སྨྱོ་རྫས་ལག་ ལེན་འཐབ་མི་ ན་གཞོན་ཚུ་ གིས་ ཁོང་གིས་ སྨྱོ་རྫས་ལག་ ལེན་འཐབ་པའི་རིང་ མི་སྡེ་ གིས་ ག་དེ་སྦེ་བལྟ་ཡོདཔ་ ཨིན་ན་དང་ ཁོང་གིས་དཀའ་ སྡུག་ཐོབ་ཡོད་པའི་སྐོར་ལས་ ལོ་རྒྱུས་ཚུ་ བཤད་ཡོདཔ་ཨིན་ པས། སྨྱོ་རྫས་མེད་པའི་ལས་རིམ་ དེ་ནང་ གདམ་ཁ་རྐྱབ་ཡོད་ མི་ རྫོང་ཁག་ཚུ་ནང་ འབྲུག་ གི་སྨྱོ་རྫས་དང་བཀག་དམ་ ལས་འཛིན་གྱིས་ བཙོན་ཁང་ ཚུ་ནང་ ཆང་དང་སྨྱོ་རྫས་དང་ འབྲེལ་བའི་གནད་དོན་ཚུ་ལུ་ གོ་བརྡའི་ལས་རིམ་ཚུ་ འགོ་ འདྲེན་འཐབ་ནི་ཨིནམ་ད་ གསོ་ བའི་ལྷན་ཁག་གིས་ མི་སྡེའི་ ནང་ ཆང་མར་ཕབ་འབད་ནིའི་ དོན་ལུ་ ལས་རིམ་ཚུ་ འགོ་ འདྲེན་འཐབ་ནི་ཨིན་པས། ལས་རིམ་དེ་གི་སྐབས་ལུ་ མི་ དབང་རྒྱལ་ཡུམ་མཆོག་གིས་ གསོ་བའི་ལས་བྱེདཔ་ཚུ་གི་ ཐབས་རིག་ཡར་དྲགས་བཏང་ ཐབས་ཀྱི་ སྒྲིག་གཞི་ཡང་ འགོ་འབྱེད་མཛད་ཡོད་པའི་ གནས་ཚུལ།

Newspapers in English

Newspapers from Bhutan

© PressReader. All rights reserved.