རྩ་སྐུམ་ནད་གཞི་རྩ་མེད་ཀྱི་སྨན་ཁབ་ འགོ་བཙུགས་ཡོདཔ།

Bhutan Times - - Adverts -

༉ འབྲུག་གིས་ འཛམ་གླིང་ དང་གཅིག་ཁར་ རྩ་སྐུམ་ པོ་ ལི་བོ་རྩ་མེད་བཏང་ནིའི་ནང་ བཅའ་མར་གཏོགས་མི་དང་ འབྲེལ་ ཁ་ཙ་ རྒྱལ་ཁབ་ནང་ ཡོད་མི་ གསོ་བའི་སྨན་ཁང་ག་ རའི་ནང་ སྨན་ཁབ་དེ་ འགོ་ བཙུགས་གནང་ཡི། གསོ་བའི་ལྷན་ཁག་གི་ མི་མང་ གསོ་བའི་ལས་ཁུངས་ཀྱི་མདོ་ ཆེན་ ཌོག་ཊར་ པཱན་གྲུ་ཚེ་རིང་ གིས་ བཤད་དོ་བཟུམ་འབད་བ་ ཅིན་ རྩ་སྐུམ་ནད་གཞི་དེ་གིས་ འཛམ་གླིང་ནང་ ནད་གཞི་སྡུག་ དྲག་ཅིག་འབད་ནི་དེ་གིས་ ཨ་ ལུ་སྐྱེས་མི་ ཨམ་སྲུའི་ཤི་རྐྱེན་ གྱི་གྱངས་ཁ་ མང་སུ་བཟོ་ བའི་ཁར་ ནད་གཞི་ཐོབ་མི་ཚུ་ གཟུགས་དཔར་མ་ཚུགསཔ་ བཟོ་ནི་ཡོད་ཟེར་ཨིན་པས། དེ་འབདཝ་ལས་ འཛམ་གླིང་ གསོ་བའི་ལས་སྡེ་གིས་ སྤྱི་ལོ་ ༡༩༨༨ ལུ་ རྒྱལ་སྤྱི་ནང་ ནད་ གཞི་དེ་ རྩ་མེད་བཏང་ནི་གི་ དོན་ལུ་ ཁྱབ་བསྒྲགས་འབད་ ཡོདཔ་ད་ འཆར་གཞི་དེ་གིས་ དུས་བརྒྱུན་གྱི་ སྨན་ཁབ་ལས་ རིམ་ཚུ་གི་སྐབས་ལུ་ ངེས་ པར་དུ་ སྨན་ཁབ་རེ་བྱིན་དགོ་ མི་དེ་གིས་ ནད་གཞི་པོ་ལི་བོ་ དབྱེ་བ་གཉིས་པ་ཐོབ་ནི་ལས་ བཀག་ཐབས་འབད་ཚུགས་ནི་ ཨིན་པས། འབྲུག་གཞུང་གིས་ སྤྱི་ལོ་ ༡༩༧༩ ལས་འགོ་བཟུང་ སྨན་ ཁབ་བཙུགས་ནི་གི་ ལས་རིམ་ ཚུ་འགོ་བཙུགས་ཡོདཔ་བཞིན་ དུ་ འཛམ་གླིང་གིས་ དམིགས་ གཏད་བསྐྱེད་མི་ལོ་ལས་ ལོ་ གཉིས་ཀྱི་ཧེ་མར་ སྤྱི་ལོ་༡༩༨༦ ལུ་ འབྲུག་རྒྱལ་ཁབ་ནང་ རྩ་ སྐུམ་ནད་གཞི་རྩ་མེད་འགྱོ་ ཡོད་པའི་ གསལ་བསྒྲགས་ འབད་ཡོདཔ་ད་ སྤྱི་ཚོགས་ ཐེངས་༦༦ པའི་ནང་ ཨ་ལུ་རྨ་ སྐྱེས་ ལོ་ཅིག་སྨན་ཆད་འབད་ མི་ག་ར་ལུ་ སྨན་ཁབ་དེ་ ངེས་ པར་དུ་ བྱིན་དགོཔ་སྦེ་ བཟོ་ ཡོདཔ་ཨིན་པས། ལས་རིམ་དེ་གིས་ འབྲུག་ རྒྱལ་ཁབ་ནང་ ཨ་ལུ་ག་ར་ ལུ་ བཙུགས་པའི་སྨན་གྱི་ཁྱབ་ ཚད་དེ་ བརྒྱ་ཆ་༩༥ གུ་ལྷོད་ དེ་ཡོདཔ་ད་ གཞུང་གིས་ནད་ གཞི་དེ་ རྩ་མེད་བཏང་ཐབས་ ལུ་ འབྲུག་མི་རྒྱ་གར་གྱི་ས་ གནས་ཚུ་ནང་ གནས་སྐོར་ འགྱོ་མི་ཚུ་ལུ་ཡང་ སྨན་ཁབ་ བཙུགས་ནི་གི་ ལས་རིམ་ཚུ་ འགོ་འདྲེན་འཐབ་སྟེ་ཡོདཔ་ད་ ད་ཚུན་ འབྲུག་ལུ་ ནད་གཞི་ དེ་དང་འབྲེལ་བའི་ སྙན་མེདཔ་ ཨིན་པས། མདོ་ཆེན་གྱིས་ འབྲུག་པའི་ས་ ཆ་ཚུ་ གྱེན་གཟར་དྲགས་ཚུ་ ཡོད་དེ་འབད་རུང་ འཛམ་གླིང་ གསོ་བའི་ལས་སྡེ་དང་ གཞུང་ གིས་གྲོགས་རམ་ལུ་བརྟེན་ མཐར་འཁྱོལ་ཅན་འགྱོ་ཡོདཔ་ ད་ ད་རེས་ཀྱི་སྨན་ཁབ་དེ་ ཨ་ ལུ་སྐྱེས་ཏེ་ བདུན་ཕྲག་༡༤ ནང་ བྱིན་ནིའི་དོན་ལུ་ གསོ་ བའི་ཞབས་ཏོག་ལྟེ་བ་དང་སྨན་ ཁང་ག་ར་ནང་ འགོ་བཙུགསཔ་ ཨིན་ཟེར་བཤད་ཅི། སྨན་ཁབ་འགོ་བཙུགས་ནིའི་ དོན་ལུ་ གསོ་བའི་ལྷན་ཁག་ གིས་ སྨན་ཁབ་དེ་དང་འབྲེལ་ བའི་ སྦྱོང་བརྡར་ཚུ་ བྱིན་ཏེ་ ཡོདཔ་ད་ ད་ཚུན་ ནེ་པཱལ་དང་ བང་ལ་དེཤ་རྒྱལ་ཁབ་གཉིས་ ཀྱིས་ སྨན་ཁབ་དེ་ འགོ་ བཙུགས་ཡོདཔ་ད་ ལས་རིམ་ དེ་ སྤྱི་ལོ་༢༠༡༨ ཚུན་བྱིན་འོང་ ཟེར་ཨིན་པའི་གནས་ཚུལ།

Newspapers in English

Newspapers from Bhutan

© PressReader. All rights reserved.