གཞུང་གིས་ ནང་སྲིད་བློན་པོ་གསརཔོ་ བསྐོ་བཞག་གི་ རྒྱབ་སྣོན་འབད་ཡོདཔ།

Bhutan Times - - Adverts -

༉ གཞུང་གིས་ ཕྱི་ འབྲེལ་བློན་པོ་ རིག་ འཛིན་རྡོ་རྗེ་དེ་ ཧཱ་ལྷ་ཁང་ དཀརཔོ་གི་ ངན་ལྷད་དང་ འབྲེལ་བའི་ བརྩོད་བཤེར་ འབད་བའི་བསྒང་ ཡོདཔ་ ལས་ ནང་སྲིད་ བློན་པོ་ དམ་ཆོས་རྡོ་རྗེ་དེ་ ཕྱི་ འབྲེལ་ལྷན་ཁག་གི་ བླེན་ པོ་སྦེ་ གནས་སོར་བཏང་ ནི་གི་རྒྱབ་སྣོན་འབད་ ཡོདཔ་ཨིན་པས། བློན་ཆེན་ཚེ་རིང་སྟོབས་ རྒྱས་མཆོག་གིས་ ནང་ སྲིད་ བློན་པོ་གི་ཚབ་ ལུ་ བོང་གོ་སྐྱབས་ཆ་གི་ འཐུས་མི་ ཟླ་བ་རྒྱལ་ མཚན་བསྐོ་བཞག་འབད་ ནི་ རྒྱབ་སྣོན་འབད་ཡོད་ རུང་ གྲོས་འདེབས་དེ་ མི་དབང་མངའ་ཞབས་ མཆོག་གི་ ཐུགས་ཐག་ བཅད་མི་དང་ འཁྲིལ་ དགོ་ནི་ཨིན་པས། ལྷན་རྒྱས་གཞུང་ཚོགས་ ཀྱིས་ གནས་ཚུལ་གསར་ བཏོན་འབད་མི་དང་ འཁྲིལཝ་ད་ རྩ་ཁྲིམས་ ཆེན་མོ་གི་ དོན་ཚོན་ ༡༧ གྱི་༣ པ་དང་འཁྲིལ་ བློན་ཆེན་གྱིས་ སྤྱི་ཟླ་ ༧ པའི་ཚེས་༢༠ ལུ་ མི་ དབང་མཆོག་ལུ་རྒྱབ་སྣོན་ དེ་ ཕུལ་ཡོདཔ་སྦེ་ འཁོད་ ཡོདཔ་ཨིན་པས། རྩ་ཁྲིམས་ཆེན་མོ་གི་ དོན་ཚོན་ ༡༧ པའི་ ༣ པ་དང་འཁྲིལཝ་ད་ མི་ དབང་ མཆོག་གིས་ བློན་ ཆེན་གྱིས་ རྒྱབ་སྣོན་ འབད་ཡོད་མི་དང་འཁྲིལ་ རྒྱལ་ཡོངས་ཚོགས་འདུ་ ནང་ བློན་པོ་བསྐོ་བཞག་ གནང་ནི་དང་ ཡང་ཅིན་ ཕྱིར་འབྲལ་མཛད་མཆོག་ ཟེར་ཡོདཔ་ཨིན་པས། སྐྱེ་ལོ་༦༠ ལང་མི་ཟླ་བ་ རྒྱལ་མཚན་གྱིས་ ཡུ་ ཀེ་ལུ་ཡོད་མི་ཧུ་ཌརསི་ ཕིལསི་གཙུག་ལག་སློབ་ སྡེ་ནང་ལས་ ཤེས་རིག་ ནང་ལས་མཐོ་རིམ་ཤེས་ ཚད་ཡོདཔ་ད་ ཁོ་གིས་ ད་ལྟོ་ རྒྱལ་ཡོངས་ཚོགས་ འདུའི་ནང་ ལེགས་ལྡན་ གཞུང་སྐྱོང་གི་ འཁྲི་འཛིན་ ཨིན་པའི་ཁར་ སྤྱི་ཚོགས་ དང་དངུལ་རྩིས་ཚོགས་ ཆུང་གི་ འཐུས་མི་ཡང་ ཨིན་པས། ཕྱི་འབྲེན་བློན་པོ་བགྲེསཔ་ རིག་འཛིན་རྡོ་རྗེ་དེ་ དུས་ ཅི་སྤྱི་ཟླ་༡ པའི་ནང་ལས་ གནང་བ་གྲུབ་པའི་ ཆད་ ནང་བཏང་ཡོདཔ་ད་ ཁོ་ར་ ཧཱ་རྫོང་བདག་སྦེ་སྡོད་པའི་ སྐབས་ ཧཱ་ལྷ་ཁང་དཀར་ པོ་ཉམས་སྲུང་ལས་འགུལ་ ནང་ལས་ མི་མང་གི་རྒྱུས་ དངོས་ ལོག་སྤྱོད་འབད་ ཡོད་པའི་ ཉེས་འཛུགས་ འབད་ཡོདཔ་ཨིན་པས། ཨིན་རུང་སྤྱི་ཟླ་༦ པའི་ ཚེས་༢༣ ལུ་ ཧཱ་རྫོང་ ཁག་ཁྲིམས་འདུན་གྱིས་ བློན་པོ་བགྲེསཔ་ལུ་ཉེས་ ལས་འཐབ་སྟེ་མེད་པའི་ འཁྲུན་ཆོད་ནང་ཡོདཔ་ ལས་ བརྩོད་བཤེར་དེ་ ད་ ལྟོ་ཆེ་མཐོ་ཁྲིམས་འདུན་ ལུ་ ལྷོད་དེ་ཡོདཔ་ཨིན་ པས། བརྩོད་བཤེར་དེ་ ཧེ་མ་ ལས་ཐོན་ཡོདཔ་ཨིན་རུང་ ད་ཚུན་ གཞུང་གིས་གྲོས་ ཐག་ག་ནི་ཡང་མ་བཅད་ པར་ དེ་སྦེ་ར་ ཕྱི་འབྲེལ་ ལྷན་ཁག་ནང་ བློན་པོ་ མེད་པར་སྟོངམ་སྦེ་བཞག་ པའི་ཤུལ་ལས་ འཁྲུན་ ཆོད་ཐོནམ་ཅིག་ དེ་བཟུམ་ མའི་ གྲོས་ཐག་བཅད་ མི་ལུ་ ག་དེ་སྦེ་ཨིན་ན་ ཟེར་བའི་ བསམ་འཆར་ བཀོད་དོ་ཡོདཔ་ཨིན་པས། ཨིན་རུང་ གནད་དོན་དེ་ ལྷན་རྒྱས་གཞུང་ཚོགས་ ནང་ གསུང་གྲོས་གནང་ སྟེ་ ཐག་བཏོག་ཡོདཔ་ ད་ དེ་ཡང་མི་རྐྱང་གི་དོན་ ལུ་མིན་པར་ རྒྱལ་ཁམས་ ཀྱི་མཐའ་དོན་ལུ་ བལྟ་སྟེ་ འབད་ཡོད་ཟེར་ ཚོགས་ འདུ་གི་འཐུས་མི་ཚུ་གིས་ བཤདཔ་ཨིན་པས། ཕྱི་རྒྱལ་ཁབ་ཚུ་ནང་འབད་ བ་ཅིན་ འཐུས་མི་ཚུ་ དེ་ བཟུམ་མའི་ ཉེས་འཛུགས་ འབདཝ་ཅིག་ འཐུས་མི་ རང་སོ་གིས་ དགོངས་ ཞུ་འབད་དེ་ དཔེ་སྟོན་ སྲོལ་ཡོད་རུང་ ད་རེས་ ཀྱི་གནས་སྟངས་ནང་ དེ་ བཟུམ་ འབད་མ་བཏུབ་ པར་ཡོདཔ་ད་ ད་ལྟོ་གི་ བརྩོད་བཤེར་དེ་ ཆེ་མཐོ་ ཁྲིམས་འདུན་ལུ་ཡོདཔ་ ལས་ ད་རུང་འཁྲུན་ཆོད་ ནང་ནི་ལུ་ ཟླ་ངོ་དག་པ་ ཅིག་ ལུས་ནི་ཨིནམ་ལས་ ཕྱི་འབྲེལ་ལྷན་ཁག་ནང་ བློན་པོ་མེད་པར་ལུས་ནི་ ཨིན་པས། ཨིན་རུང་ སྤྱི་ཚོགས་ཀྱི་ འཐུས་མི་ལ་ལུ་གིས་ ད་ ལྟོའི་གཞུང་གིས་ མ་ འོངས་པའི་གཞུང་གི་ དོན་ལུ་ དཔེ་སྟོན་ཡོདཔ་ ལས་ མ་འོངས་པའི་ནང་ ཡང་ དེ་བཟུམ་བྱུང་སྡོད་ འོང་ཟེར་ བཤདཔ་ཨིན་ རུང་ འཐུས་མི་གཞན་ཚུ་ གིས་ ཕྱི་འབྲེལ་ལྷན་ཁག་ ནང་ བློན་པོ་དགོཔ་ཡོདཔ་ ལས་ གཞུང་གིས་ དེ་ བཟུམ་ གྲོས་ཐག་བཅད་ མི་དེ་ དུས་མཐུན་མཐོང་ མས་ཟེར་ ཨིན་པས་ གནས་ཚུལ།

Newspapers in English

Newspapers from Bhutan

© PressReader. All rights reserved.