གཞུང་གིས་ ཕྱི་འབྲེལ་བློན་པོ་གསརཔ་དེ་ ལྷན་ཁག་གི་ མཐའ་དོན་ལུ་ བསྐོ་བཞག་འབད་ཡོདཔ།

Bhutan Times - - Adverts -

༉ གཞུང་གིས་ འཕྲལ་ ཁམས་ཅིག་ཁར་ ཕྱི་ འབྲེལ་བློན་པོ་ རིག་འཛིན་ རྡོ་རྗེ་གི་ ཚབ་བཙུགས་མི་ དེ་ ལྷན་ཁག་ནང་ ལེགས་ པའི་དམིགས་དོན་ལུ་ བལྟ་སྟེ་ འབད་ཡོདཔ་སྦེ་ བཤད་ཅི། ཕྱི་བློན་པོའི་ གོ་གནས་ བཞེས་ནི་ཨིན་མི་ ནང་ སྲིད་བློན་པོ་དམ་ཆོས་རྡོ་རྗེ་ གིས་ གསུངས་དོ་བཟུམ་ འབད་བ་ཅིན་ ཧཱ་རྫོང་ཁག་ ཁྲིམས་འདུན་གྱིས་ ཕྱི་ འབྲེལ་བློན་པོ་བགྲེསཔ་ རིག་འཛིན་རྡོ་རྗེ་ལུ་ ཉེས་ འཛུགས་ཁག་གཉིས་ འབད་མི་ག་ར་ ཕྱིར་འབུད་ བཏང་ཡོད་རུང་ རྩོད་ བཤེར་དེ་ མཇུག་མ་བསྡུ་ ཟེར་གསུངས་ཡི། བློན་པོ་གིས་ རྩེད་བཤེར་ དེ་ ད་ལྟོ་ ཆེ་མཐོའི་ཁྲིམས་ འདུན་ལུ་ མཐོ་གཏུགས་ འབད་ཡོདཔ་ལས་ མངོན་ མཐོ་ཁྲིམས་འདུན་ལུ་ ལྷོད་ ནི་གི་ གོ་སྐབས་ཡོདཔ་ ལས་ དུས་ཚོད་ལེ་ཤ་ འགོར་འོང་ཟེར་ཨིན་པས། རྩོད་བཤེར་དེ་ མཐོ་ གཏུགས་འབད་བའི་ཤུལ་ ལས་ གལ་ཅན་གྱི་ ལྷན་ ཁག་དེ་ནང་ ད་རུང་ བློན་ པོ་མེད་པར་ལུས་ནི་གི་ ཚ་ གྱངས་སྦོམ་ཡོདཔ་ལས་ གཞུང་གིས་ ལྷན་ཁག་ ནང་ དྲུང་ཆེན་ཡང་མེད་ པལས་ དྲུང་ཆེན་གསརཔ་ ཡང་ བསྐོ་བཞག་འབད་ ཡོདཔ་ཨིན་པས། ལྷན་ཁག་གི་ ཧེ་མའི་ དྲུང་ཆེན་དེ་ གཞུང་གིས་ གནས་སྐབས་ཀྱི་དོན་ལུ་ དགོངས་ཕོག་བཏང་སྟེ་ ཡོདཔ་ཨིན་པས། བློན་པོ་གིས་ ཕྱི་འབྲེལ་ ལྷན་ཁག་ནང་ གཞུང་གི་ ཉེན་སྲུང་དང་འབྲེལ་བའི་ སྲིད་བྱུས་ལེ་ཤ་ཡོད་པའི་ གུར་ ལྷན་ཁག་ནང་ བློན་ པོ་མེད་པའི་བསྒང་ལས་ དཀའ་ངལ་ལེ་ཤ་ འདུག་ ཟེར་གསུངས་ཡི། དཀའ་ངལ་ཚུ་གི་གྲས་ ལས་ ལྷན་ཁག་གིས་ ལུང་ཕྱོགས་དང་རྒྱལ་སྤྱི་ གི་ མཐུན་འབྲེལ་གྲོས་ འཛོམས་ཚུ་ནང་ ཕྱི་འབྲེལ་ བློན་པོ་གིས་ བཅའ་མར་ གཏོགས་དགོ་ས་ཚུ་ནང་ སྟོངམ་སྦེ་ ལུས་ཏེ་ཡོད་ ཟེར་ཨིནམ་ད་ དེ་ཡང་ དཔེར་ན་ སཱག་ལུང་ཕྱོགས་ ཞལ་འཛོམས་བཟུམ་ཅིག་ ནང་འབད་བ་ཅིན་ ཕྱི་ འབྲེལ་བློན་པོ་ཁོ་ར་མ་ གཏོགས་ གཞན་གྱིས་ གྲལ་གཏོགས་འབད་ས་ མེད་ཟེར་ བློན་པོ་གིས་ གསུངས་ཡི། དེ་གིས་མ་ཚད་ ལྷན་ ཁག་ནང་ བློན་པོ་མེད་ པར་ བྱ་སྟབས་མ་བདེཝ་ སྦོམ་ཐོན་སོང་པ་ཅིན་ གཞན་མི་ལས་བྱེདཔ་ཚུ་ གིས་ འགན་ཁྲི་དུམ་གྲ་ རེ་ འབག་རུང་ གཞུང་ གིས་ བློན་པོ་བསྐོ་བཞག་ མ་འབད་བ་ཅིན་ འཛོལ་བ་ ག་ལུ་ཡོདཔ་ཨིན་ན་ མི་ བཏུབ་པས་ཟེར་ཨིན་པའི་ ཁར་ ལྷན་ཁག་དེ་གིས་ གཞུང་ལུ་ ཕྱི་འབྲེལ་དང་ འབྲེལ་བའི་ སྲིད་བྱུས་ ཀྱི་ འཛོལ་བ་ཚུ་ རྩ་ལས་ འབད་ཐབས་མེད་ཟེར་ བློན་པོ་གིས་ གསུངས་ཡི། ད་ཚུན་ ཕྱི་འབྲེལ་ལྷན་ ཁག་དེ་ བློན་ཆེན་ཚེ་རིང་ སྟོབས་རྒྱས་མཆོག་གིས་ ངོ་ཚབ་སྦེ་ སྡོད་ཡོདཔ་ ཨིན་རུང་ བློན་ཆེན་ཁོ་ར་ ཡང་ བཤོལ་ཐབས་མེད་ པའི་ ཕྱག་འགན་ལེ་ཤ་ འབག་དགོཔ་ཡོདཔ་ཨིན་ པས། ཕྱི་འབྲེལ་ལྷན་ཁག་ནང་ ཧེ་མའི་གཞུང་གི་སྐབས་ ལུ་ཡང་ བློན་པོ་མེད་པར་ ལོ་ངོ་གསུམ་ལུས་ཡོད་རུང་ ངོ་ཚབ་ཅིག་ བསྐོ་བཞག་ འབད་དེ་ ཡོདཔ་ཨིན་པས། ཕྱི་འབྲེལ་བློན་པོ་བགྲེསཔ་ དེ་ དུས་ཅི་ སྤྱི་ཟླ་༡ པའི་ ནང་ རྩོད་དཔོན་ཡོངས་ ཁྱབ་ཡིག་ཚང་གིས་ ཧཱ་ ལྷ་ཁང་དཀར་པོའི་ རྩོད་ བཤེར་གྱི་དོན་ལུ་ ཁྲིམས་ ཁང་ནང་ ཞུ་ཚིག་བཙུགས་ པའི་ཤུལ་ལས་ གནང་བ་ གྲུབ་པའི་ཆད་ནང་ འགྱོ་ ཡོདཔ་ད་ དེ་གི་ཤུལ་ལས་ ལྷན་ཁག་དེ་ བློན་ཆེན་ གྱིས་ བལྟ་ཡོདཔ་ཨིན་ པས། བློན་པོ་བགྲེསཔ་དེ་ གཞུང་ གི་ཁྲིམས་ཚབ་ རྩོད་དཔོན་ ཡོངས་ཁྱབ་ཡིག་ཚང་ གིས་ རྩོད་བཤེར་འབད་ དགོ་ནི་གིས་ རྩོད་བཤེར་དེ་ ནང་ ཁེ་ཕན་ལྟག་སྤྲོད་ མི་ འོང་ནིའི་དོན་ལུ་ གནང་ བ་གྲུབ་པའི་ཆད་གནང་ བཏང་ཡོདཔ་ད་ ནང་སྲིད་ བློན་པོ་གི་ཚབ་ལུ་ བོང་གོ་ སྐྱབས་ཆ་གི་འཐུས་མི་ ཟླ་ བ་རྒྱལ་མཚན་དེ་ སྤྱི་ཟླ་ ༨ པའི་ཚེས་༣༠ ལུ་ མི་ དབང་མཆོག་གིས་ དར་ གནང་ཡོད་པའི་ཨིན་པའི་ གནས་ཚུལ།

Newspapers in English

Newspapers from Bhutan

© PressReader. All rights reserved.