འབྲུག་ཉེན་བཅོལ་ལས་འཛིན་གྱི་ མ་དངུལ་ལོག་སྤྱོད་ནང་ ད་རུང་ འཛིན་བཟུང་འབད་ཡོདཔ།

Bhutan Times - - Adverts -

༉ འབྲུག་ཉེན་བཅོལ་ལས་ འཛིན་གྱི་ མ་དངུལ་ལོག་ སྤྱོད་འབད་མི་དེ་ འབྲུག་ རྒྱལ་ཡོངས་དངུལ་ཁང་ དང་ ལས་འཛིན་དེ་གི་ ལས་བྱེདཔ་ཚུ་གི་བར་ན་ བྱ་ངན་དེ་ མཉམ་འབྲེལ་ ཐོག་ལས་ འབད་ཡོད་པའི་ དོགས་པ་སྦོམ་ཡོདཔ་ཨིན་ པས། ལས་འཛིན་གྱི་ བྱ་ངན་ འབད་མི་གཙོ་ཅན་ འཛིན་ བཟུང་འབད་བའི་ཤུལ་ ལས་ ངན་ལྷད་བཀག་ སྡོམ་ལྷན་ཚོགས་ཀྱིས་ བྱ་ ངན་ནང་འབྲེལ་བ་ཡོད་ པའི་ དོགས་པ་ཡོད་མི་ བདུན་ འཛིན་བཟུང་འབད་ ཡོདཔ་ད་ དེ་ཚུ་གི་གྲས་ ལས་ མང་ཤོས་ར་ འབྲུག་ རྒྱལ་ཡོངས་དངུལ་ཁང་ གི་ ལས་བྱེདཔ་ཚུ་ ཡོདཔ་ ཨིན་པས། ད་ལྟོ་ བྱ་ངན་དེ་ལུ་ ཞིབ་ དཔྱད་ཚུ་ འབད་བའི་ བསྒང་ཡོདཔ་ད་ བྱ་ངན་ དེ་ འདས་པའི་ལོ་གསུམ་ གྱི་རིང་ འབད་ཡོད་རུང་ ལོ་བསྟར་གྱི་རྩིས་ཞིབ་ དང་ སྙན་ཞུ་ཚུ་འབད་བའི་ སྐབས་ལུ་ཡང་ བདའ་མ་ ཟུན་པར་ཡོད་མི་དེ་ ལས་ འཛིན་གྱི་ འགོ་དཔོན་ཅིག་ གིས་ གསང་བཞག་ཡོདཔ་ ད་ ཁོ་ཡང་ དྲི་དཔྱད་ འབད་ཡོདཔ་ཨིན་པས། བྱ་ངན་ནང་ འབྲེལ་ གཏོགས་ངོ་མ་འབད་མི་ གཞན་མི་དེ་ དངུལ་ཁང་ གི་ བརྡ་དོན་འཕྲུལ་རིག་ འགོ་དཔོན་འོགམ་ཨིནམ་ ད་ མོ་ཡང་ སྤྱི་ཟླ་༧ པའི་ ཚེས་༣༠ ལས་ འཛིན་ བཟུང་འབད་ཡོདཔ་ད་ སྤ་ རོ་ཡན་ལག་ཡིག་ཚང་གི་ སྐྱིན་འགྲུལ་འགོ་དཔོན་ འོགམ་དང་ ལཱ་འབད་མི་ ཅིག་ཡང་ དྲི་དཔྱད་འབད་ ཡོདཔ་ཨིན་པས། སྤ་རོ་ལུ་ཡོད་མི་ འབྲུག་ ཉེན་བཅོལ་ལས་འཛིན་ གྱིས་ འབྲུག་རྒྱལ་ཡོངས་ དངུལ་ཁང་དང་ འབྲུག་ དངུལ་ཁང་དང་གཅིག་ ཁར་ རྩིས་དེབ་འཆང་ ཡོད་མི་དེ་ ཨ་རྟག་ར་ ཟླ་ མཇུག་ལུ་ ལས་འཛིན་ གྱི་ཡིག་ཚང་ལྟེ་བ་ནང་ བཙུགས་དོ་ཡོདཔ་ཨིན་ རུང་ ལོ་གསུམ་གྱི་རིང་ ནང་འཁོད་རྩིས་ཞིབ་དང་ ཞིབ་དཔྱད་འབད་ ག་གིས་ ཡང་ ཤེས་རྟོགས་མེད་མི་ དེ་ དངུལ་ཁང་གི་ རྩིས་ དེབ་ཀྱི་སྙན་ཞུ་ངོ་མ་ཚུ་ ག་གིས་ཡང་ བལྟ་ནི་མ་ ཐོབ་ནི་དེ་གིས་ཨིན་པས། དེ་མ་ཚད་ དོགས་ཅན་ཚུ་ གིས་ ལས་འཛིན་གྱི་རྩིས་ དེབ་ཡང་ རྫུས་མ་བཟོ་ ཡོདཔ་ལས་ བདའ་ཟུན་ ནི་ལུ་ ལཱ་ཁག་བཟོ་ཡོདཔ་ ད་ རྩིས་ཞིབ་དང་འཛིན་ གྱི་འགོ་དཔོན་དང་ ནང་ འཁོད་རྩིས་ཞིབ་འབད་མི་ ཚུ་ལུ་ཡང་ རྩིས་དེབ་རྫུས་ མ་ སྟོན་བྱིན་ཡོདཔ་ཨིན་ པས། གནས་ཚུལ་བཤད་མི་ཚུ་ གིས་ སླབ་དོ་བཟུམ་འབད་ བ་ཅིན་ བྱ་ངན་འབད་ མི་ཚུ་གིས་ ལས་འཛིན་ གྱི་ དངུལ་འཛིན་ཅཱེག་ ཚུ་ ལག་ལེན་འཐབ་ཐོག་ ལས་ ཏི་རུ་བཏོན་ནུག་ཟེར་ ཨིནམ་ད་ ཅཱེག་ལ་ལུ་ནང་ དབང་ཚད་བྱིན་པའི་ མཚན་ རྟགས་མེད་རུང་ ཏི་རུ་སྤྲོད་ དེ་ཡོད་མི་དེ་ཡང་ བྱ་ངན་ འབད་མི་ཚུ་གིས་ མཉམ་ འབྲེལ་ཐོག་ལས་ འབད་ བའི་རྟགས་མཚན་ཨིན་ པས། བྱ་ངན་འབད་མི་ གཙོ་ཅན་ རིན་ཆེན་དབང་འདུས་དེ་ ནེ་པཱལ་ལས་ འཛིན་བཟུང་ འབད་དེ་ འཁྱིད་ཡོདཔ་ད་ ད་ལྟོ་ ཁྲིམས་སྲུང་འགག་ པའི་ དོ་དམ་འོག་ལུ་ ཡོད་ པའི་གནས་ཚུལ།

Newspapers in English

Newspapers from Bhutan

© PressReader. All rights reserved.