ཡོངས་གྲགས་ཅན་གྱི་ མཱའུན་ཊེན་ ཨི་ཀོ་ ཁ་ཙ་ མཇུག་བསྡུ་ཡོདཔ།

Bhutan Times - - Adverts -

༉ ལོ་བསྟར་འགོ་འདྲེན་འཐབ་ སྲོལ་ཡོད་མི་ ཡོངས་གྲགས་ ལུ་ མཱའུན་ཊེན་ ཨི་ཀོ་ཟེར་མི་ སྲུང་གཏང་ནི་གི་ ལས་རིམ་ དེ་ ཁ་ཙ་ ལས་རིམ་གཙོ་ འཛིན་པ་ མི་དབང་རྒྱལ་ཡུམ་ ཨ་ཞེ་ རྡོ་རྗེ་དབང་མོ་དབང་ ཕྱུག་མཆོག་གིས་ རྡོ་ཅོག་ལ་ དེ་ འབྲུག་གི་གདན་ས་ ཁྱད་ འཕགས་ཅན་ཨིན་པའི་སྐོར་ ལས་ བཤད་པ་གནང་སྟེ་ མཇུག་བསྡུ་ཡོདཔ་ཨིན་པས། ཉིན་གྲངས་གསུམ་གྱི་རིང་ འགོ་འདྲེན་འཐབ་མི་ ལས་ རིམ་དེ་ནང་ དཔེ་དེབ་འབྲི་ མི་དང་ ཁྲབ་རྩེདཔ་ རྒྱང་ བསྒྲགས་རེ་ཌི་བོ་གི་ གསལ་ བཤད་པ་ བཟོ་རིག་འགོ་ དཔོན་ སྲིད་དོན་པ་ རྒྱལ་པོའི་ གཟིམ་དཔོན་འོགམ་བགྲེསཔ་ ལ་སོགས་པའི་ མི་གྲངས་ ༥༥ གིས་ དོན་ཚན་སྣ་ ཚོགས་ཀྱི་ཐོག་ལས་ གསལ་ བཤད་འབད་ཡོདཔ་ད་ རྒྱལ་ ཡོངས་འཆམ་དང་ཟློས་གར་ དང་ དངོས་མཐོང་གི་ སྟོནམ་ ཚུ་ཡང་ སྤྱན་འབུལ་འབད་ ཡོདཔ་ཨིན་པས། ལས་རིམ་ཚུ་ཡང་ འབྲུག་ རྒྱལ་འཛིན་གཙུག་ལག་སློབ་ སྡེ་དང་ ཏཱ་ར་ཡ་ན་གི་ གྲོས་ འཛོམས་ཁང་དང་ ཏཱཇ་ བཀྲ་ ཤིས་ཚུ་ནང་ འགོ་འདྲེན་ འཐབ་ཡོདཔ་དེ་ནང་ སློབ་ ཕྲུག་བརྒྱ་ལས་བཅད་མི་གིས་ མ་ཆད་པར་ བཅའ་མར་ གཏོགས་ཡོདཔ་ཨིན་པས། ཉིནམ་དང་པའི་ནང་ ཨ་ལུའི་ ཚན་རིག་གི་སྲུང་འབྲི་མི་ ལུ་ སི་ ཧཝ་ཀིང་གིས་ དེ་ཁར་ འཛོམས་མི་ མང་ཤོས་ར་ སློབ་གྲྭ་ཆུང་བའི་ ཨ་ལུ་ཚུ་ ལུ་ གནམ་སྟོང་ནང་ འགྱོ་ནི་ གི་ དང་འདོད་ཡོད་ག་ཟེར་ དྲི་ བའི་སྐབས་ལུ་ དེ་ནང་ཡོད་མི་ ཨ་ལུ་ མང་ཤོས་ཀྱིས་ འགྱོ་ ནི་གི་ རེ་བ་ཡོད་ཟེར་ ལགཔ་ འཐུ་ཡོདཔ་ཨིན། ཏཱ་ར་ཡ་ན་གི་ གྲོས་འཛོམས་ ཁང་ནང་ རྒྱལ་ཡོངས་ཚོགས་ སྡེ་གི་ འཐུས་མི་བགྲེསཔ་ རིག་འཛིན་རིག་འཛིན་གྱིས་ ད་རེས་ནངས་པ་ ཨ་ལུ་ཚུ་ གིས་ དུས་ཚོད་མང་ཤོས་ར་ རྒྱང་མཐོང་ཊི་བི་དང་ འགྲུལ་ འཕྲིན་ཚུ་ལག་ལེན་འཐབ་སྡོད་ ནི་དེ་གིས་ སྲུང་གཏང་ནི་གི་ སྲོལ་བརྒྱུན་ཚུ་ ཉམས་འགྱོ་ དེས་ཟེར་ཨིན་པས། ཨ་ལུ་གི་སྲུང་འབྲི་མི་ ཕྱག་ རྡོར་དབང་མོ་གིས་ ཀི་དེབ་ དཔར་སྐྲུན་འབད་མི་ཚུ་གིས་ ཀི་དེབ་འབྲི་མི་ཚུ་ལུ་ རྒྱབ་ སྐྱོར་དེ་ཅིག་མིན་འདུག་ཟེར་ ཨིནམ་ད་ མོ་གིས་ ཨ་ལུ་ཚུ་ གི་དོན་ལུ་ རྫོང་ཁའི་ཀི་དེབ་ ཅིག་ བརྩི་སྟེ་ ཀི་དེབ་ལེ་ཤ་ འབྲི་ཡོདཔ་ཨིན་པས། མོ་གིས་ ད་རུ་ ཨ་ལུ་ཚུ་གི་ དོན་ལུ་ སེམས་ཅན་གྱི་སྲུང་ དེབ་འབྲི་མི་ པདྨ་རྒྱལ་མཚན་ གྱིས་ འབྲུག་པའི་ཀི་དེབ་ འབྲི་མི་ཚུ་ རྒྱལ་སྤྱི་གི་ ཀི་ དེབ་འབྲི་མི་ཚུ་དང་ཕྱདཔ་ད་ ངོས་འཛིན་ཡང་ དེ་ཅིག་ མིན་ འདུག་ཟེར་ཨིན་པས། ཉིནམ་གཉིས་པའི་ནང་ འབྲུག་ རྒྱལ་འཛིན་གཙུག་ལག་སློབ་ སྡེ་གི་ སྤྱི་དོན་ཁང་ནང་ སྐུར་ སྒེར་ཚོགས་སྡེ་གི་ དྲགོས་ སངས་རྒྱས་དབང་ཕྱུག་དང་ དྲགོས་ ཤེས་རབ་རྒྱལ་མཚན་ དེ་ལས་ དྲགོས་ སངས་རྒྱས་ དབང་འདུས་གསུམ་གྱིས་ མི་ དབང་འབྲུག་རྒྱལ་བཞི་པ་ མཆོག་ ལུང་བསྟན་གྱི་རྒྱལཔོ་ ཨིན་པའི་སྐོར་ལས་ གསལ་ བཤད་འབད་ཡི། དྲགོས་ སངས་རྒྱས་དབང་ ཕྱུག་གིས་ རྒྱལ་པོ་ག་ར་ རང་ སོའི་ ལུང་བསྟན་དང་འཁྲིལ་ བྱོན་ཡོད་རུང་ མཛད་རྣམ་ ཚུ་ སོ་སོར་མཛད་དོ་ཡོད་རུང་ མི་དབང་འབྲུག་རྒྱལ་བཞི་ པ་མཆོག་གིས་ མཛད་མི་དེ་ ཡང་ རྒྱལཔོ་རང་སོའི་ ལུང་ བསྟན་དང་འཁྲིལ་ཨིན་ཟེར་ བཤད་ཡོདཔ་ད་ ཁོ་གིས་ རྒྱ་ གར་གྱི་རྒྱལཔོ་ ཨ་ཤོ་ཀ་གི་ སྐོར་ལས་ཡང་ གསལ་བཤད་ འབད་ཡི། མི་དབང་འབྲུག་རྒྱལ་བཞི་པ་ མཆོག་གི་དོན་ལུ་ ད་རེས་ གླིང་ཀ་ན་ཕྲོ་བྲང་གི་ སྣུམ་ འཁོར་བཞག་ས་ནང་ ཕོ་བྲང་ བཞེངས་ནིའི་དོན་ལུ་ ཤིང་ ཆས་ལེ་ཤ་ སྤུངས་བཞག་ ཡོད་རུང་ ད་རེས་ ཉམས་ ཆུང་གི་སྒོ་ལས་ བཞུགས་མི་ དེ་ཡང་ ཁོ་རའི་ ལུང་བསྟན་ ལས་བརྟེན་ཨིནམ་ལས་ ན་ གཞོན་ཚུ་གིས་ ལུང་བསྟན་ ཟེར་མི་དེ་ ག་བཟུམ་ཅིག་ཨིན་ ན་ ལེགས་ཤོམ་སྦེ་ ཧ་གོ་ དགོ་ཟེར་ཨིན་པས། དེ་བཟུམ་སྦེ་ འབྲུག་རྒྱལ་ལྔ་ པ་མཆོག་གིས་ དབང་ཚད་ ཚུ་ མི་སེར་ལུ་རྩིས་སྤྲོད་གནང་ མི་དེ་ཡང་ ཁོ་རའི་ལུང་བསྟན་ དང་འཁྲིལ་ གནང་ཡོདཔ་ ཨིན་པའི་ཁར་ འབྲུག་རྒྱལ་ ཁབ་ནང་ བྱ་སྟབས་མ་བདེཝ་ ཐོན་ཏེ་ འབྲུག་མི་ནེ་པཱལ་ལུ་ ཐོན་འགྱོ་མི་ཚུ་ཡང་ ཕྱི་རྒྱལ་ ཁབ་ཚུ་གིས་ ལེན་མི་དེ་ཡང་ རྒྱལཔོ་ཁོ་རའི་ ལུང་བསྟན་ ཨིན་ཟེར་ཨིན་པས། ཐེངས་དྲུག་པ་ཨིན་མི་ ལས་ རིམ་དེ་ རྒྱལ་ཁབ་ ཡོངས་ གྲགས་ཅན་ཅིག་ལུ་ འགྱུར་ དོ་ཡོད་པའི་ཁར་ ལོ་བསྟར་ བཞིན་དུ་ འབྲུག་དང་ཉེ་ འདབས་རྒྱལ་ཁབ་ཚུ་ལས་ བཅའ་མར་གཏོགས་མི་ ལེ་ ཤ་ འོང་དོ་ཡོད་པའི་གནས་ ཚུལ།

Newspapers in English

Newspapers from Bhutan

© PressReader. All rights reserved.