ལོ་བསྟར་གྱི་ སྐྱེས་ལྡན་གནས་སྟངས་ཀྱི་ ཞིབ་འཚོལ་དང་གྲོས་བསྟུན་ ཞལ་འཛོམས་ མཇུག་བསྡུ་ཡོདཔ།

Bhutan Times - - འབྲུག་གི་དུས་ཚོད། -

༉ འབྲུག་སྐྱེས་ལྡན་གནས་ སྟངས་ཚོགས་སྡེ་གིས་ ཉིན་ གྲངས་གསུམ་གྱི་རིང་ ལོ་ བསྟར་གྱི་ ཞིབ་འཚོལ་དང་ གྲོས་བསྟུན་ཞལ་འཛོམས་ འགོ་འདྲེན་འཐབ་སྲོལ་ཡོད་ མི་དེ་ ཁ་ཙ་ མཇུག་བསྡུ་ ཡོདཔ་ཨིན་པས། གྲོས་འཛོམས་དེ་ཡང་ རྒྱལ་ ཁབ་ནང་འཁོད་ཀྱི་ ལས་ སྡེ་ཁག་༡༩ དེ་ཅིག་ལས་ གསལ་བཤད་འབད་མི་༣༠ དེ་ཅིག་གིས་ རང་བཞིན་ གནས་སྟངས་དང་ ཆུ་ རི་ དྭགས་སེམས་ཅན་ ཉམས་ སྲུང་འབད་ནིའི་ནང་ ཞིབ་ འཚོལ་འབད་ཡོད་པའི་ གནད་དོན་ཚུ་ལུ་ གསལ་ བཤད་འབད་ཡོདཔ་ཨིན། འཛམ་གླིང་རི་དྭགས་སེམས་ ཅན་སྲུང་སྐྱོབས་ཀྱི་ རྒྱལ་ ཁབ་ཀྱི་ངོ་ཚབ་ བདེ་ཆེན་ རྡོ་རྗེ་གིས་ བཤད་དོ་བཟུམ་ འབད་བ་ཅིན་ རང་བཞིན་ གནས་སྟངས་དང་འབྲེལ་བའི་ མཐུན་རྐྱེན་ཚུ་ སྲུང་སྐྱོབས་ འབད་ནི་དེ་ རྒྱལ་སྤྱི་གི་འགན་ ཁུར་ངོ་མ་ཨིནམ་ལས་ ག་ ར་གིས་ གཅིག་མཐུན་གྱི་སྒོ་ ལས་ འབད་དགོཔ་གལ་ཆེ་ ཟེར་ཨིན་པས། དེ་རིས་ཀྱི་ གྲོས་འཛོམས་ དེ་གིས་ རང་བཞིན་གནས་ སྟངས་དང་འབྲེལ་བའི་ མཐུན་རྐྱེན་དང་ ཉམས་སྲུང་ འབད་ནིའི་ནང་ ལྷན་ཐབས་ འབད་འོང་ཟེར་ ངོ་ཚབ་ཀྱིས་ བཤད་ཅི། ལས་རིམ་ནང་ལུ་ ཐིམ་ཕུག་ ལུ་ཡོད་མི་ ཨར་ལི་ལར་ ནིང་ སཱེན་ཊར་གྱི་ སློབ་ཕྲུག་ ཚུ་གིས་ རང་བཞིན་གནས་ སྟངས་ལུ་ གནོད་ཉེན་ཡོད་ མི་ དཔེར་ན་ གྱིབ་ཀྱི་རིགས་ ཚུ་གིས་ སློབ་གྲྭ་ནང་ དངུལ་ འབྲེལ་གྱི་དོན་ལུ་ ཅ་ཆས་ ཚུ་བཟོ་སྟེ་ བཙོང་དོ་ཡོད་པའི་ སྐོར་ལས་ གསལ་བཤད་ འབད་ཡི། ,སློབ་ཕྲུག་དབྱངས་ཅན་གྱིས་ འཚོ་བ་ཡུན་བརྟན་བཞག་ ཐབས་ཀྱི་ དམིགས་གཏད་ ལུ་ སློབ་གྲྭ་ནང་ ལྟོ་བཅིངས་ འབག་ནི་མེདཔ་བཟོ་ཡོད་པའི་ ཁར་ སློབ་གྲྭ་གི་ལས་རིམ་ ཚུ་ རྒྱལ་ཡོངས་དགའ་སྐྱིད་ དཔལ་འཛོམས་དང་ འབྲེལ་ བ་ཡོདཔ་སྦེ་ བཟོ་དོ་ཡོད་པའི་ སྐོར་ལས་ བཤད་ཅི། མོ་གིས་ སློབ་གྲྭ་གིས་ ཐིམ་ ཕུག་ལུ་ཡོད་མི་ ཕྱགས་ སྙིགས་བཀོག་ས་ནང་ འགྱོ་ བའི་ཤུལ་ལས་ ཕྱགས་ སྙིགས་ཀྱི་ དཀའ་ངལ་ཚུ་ ཧ་ གོ་སྟེ་ སློབ་གྲྭ་གིས་ ཤོག་ གུའི་རིགས་ཚུ་ བསྡུ་བསྒྱོམ་ འབད་དེ་ བཙོང་ནི་གི་ ལས་ རིམ་འགོ་བཙུགས་ཏེ་ དེ་ ལས་ཐོབ་མི་མ་ དངུལ་ཚུ་ ཐིམ་ཕུ་གཙོ་བསྟེན་སྨན་ཁང་ གི་ ཉེ་འདབས་ལུ་ཡོད་མི་ དཀའ་ངལ་ཅན་གྱི་ནདཔ་ཚུ་ ལུ་ གྲོགས་རམ་འབད་ཡོདཔ་ ཨིན་པས། རིན་ཆེན་ཀུན་ཕན་སློབ་གྲྭ་ ཆུང་བའི་ སློབ་ཕྲུག་ཚུ་གིས་ ཡང་ སློབ་གྲྭ་དེ་ནང་ ཕྱགས་ སྙིགས་ཚུ་གིས་ བཙོང་བཏུབ་ པའི་ཅ་ལ་ཚུ་ བཟོ་དོ་ཡོད་པའི་ སྐོར་ལས་ གསལ་བཤད་ འབད་ཡི། ཉི་མའི་ལྟོ་ཟ་བའི་ཤུལ་ལས་ རྩི་རང་རྫོང་ཁག་གི་ མན་ ཌལ་སྒང་སློབ་གྲྭ་ལྟེ་བ་དང་ བུམ་ཐང་ལུ་ཡོད་མི་ ཨོ་རྒྱན་ དབང་ཕྱུག་མཐའ་འཁོར་དང་ ཉམས་སྲུང་སྤེལ་ཁང་གཉིས་ ཀྱིས་ ལོ་ཅིག་གི་རིང་ རྒྱལ་ ཁབ་ནང་ ཕྱེམ་ལ་གི་རིགས་ ག་དེམ་ཅིག་ཡོདཔ་ཨིན་ན་ ཞིབ་འཚོལ་འབད་ཡོད་པའི་ སྐོར་ལས་ གསལ་བཤད་ འབད་ཡི། ཞིབ་འཚོལ་འབད་མི་ ཨི་ རུང་བཱམ་ ཇཱ་ཏིཤ་བར་ སིང་ གིས་ སླབ་དོ་བཟུམ་འབད་བ་ ཅིན་ ཁོང་གིས་ ངོས་འཛིན་ འབད་མི་ ཕྱེམ་ལ་ཚུ་གི་གྲས་ ལས་ རིགས་གསུམ་དེ་ཅིག་ རྒྱལ་ཁབ་ནང་ གསརཔ་སྦེ་ ངོས་འཛིན་འབད་ནི་གི་ འོས་ འབབ་ཡོདཔ་ལས་ ར་ཤི་ཡ་ ལས་ཨིན་མི་ ཕྱེམ་ལ་མཁས་ མཆོག་ལུ་ བལྟ་ཞིབ་འབད་ བཅུག་སྟེ་ ཡོད་ཟེར་ཨིན་པས། ཁོ་གིས་ སླབ་དོ་བཟུམ་འབད་ བ་ཅིན་ རྒྱལ་ཁབ་ནང་ ཕྱེམ་ ལ་ལེ་ཤ་ཡོདཔ་ཨིན་རུང་ དེ་ གི་དོན་ལུ་ ཞིབ་འཚོལ་དང་ གནད་སྡུད་ཚུ་ ཚུལ་ལྡན་ཅིག་ མིན་འདུག་ཟེར་ཨིན་པས། ཞིབ་འཚོལ་འབད་མི་ མཁས་ མཆོག་མེད་ནི་དེ་གིས་ རྒྱལ་ ཁབ་ནང་ ཕྱེམ་ལ་གི་སྐོར་ ལས་ ཞིབ་འཚོལ་འབད་མི་ གངམ་མེདཔ་ལས་ ད་རིས་ ཀྱི་ཞིབ་འཚོལ་གྱིས་ ཕྱེམ་ལ་ གི་སྐོར་ལས་ གནད་སྡུད་དང་ ཞིབ་འཚོལ་ཚུ་ ལེགས་ཤོམ་ སྦེ་ འབད་ཚུགས་པའི་ རེ་བ་ ཡོད་ཟེར་ཨིན་པས། ལོ་ཅིག་གི་རིང་ ཞིབ་འཚོལ་ འབད་བའི་སྐབས་ ཕྱེམ་ལ་ རིགས་༦༥༢ ཐོ་བཀོད་འབད་ ཡོདཔ་ད་ གྲོས་འཛོམས་དེ་ ནང་ ལས་འཛིན་ཁག་༡༩ ལས་ གསལ་བཤད་འབད་ མི་༣༠ གིས་ བཅའ་མར་ གཏོགས་ཡོད་པའི་གནས་ ཚུལ།

Newspapers in English

Newspapers from Bhutan

© PressReader. All rights reserved.