ཕྱི་འབྲེལ་བློན་པོ་བགྲེསཔ་གིས་ མངོན་མཐོ་ཁྲིམས་འདུན་ ལུ་ མཐོ་གཏུགས་འབད་ནི།

Bhutan Times - - འབྲུག་གི་དུས་ཚོད། -

༉ ཆེ་མཐོ་ཁྲིམས་འདུན་ གྱིས་ འཕྲལ་ཁམས་ཅིག་ ཁར་གནང་ཡོད་མི་འཁྲུན་ ཆོད་ལུ་ མངོན་མཐོ་ཁྲིམས་ འདུན་གྱིས་ བསྒྱུར་བཅོས་ མེད་པ་ཅིན་ ཕྱི་འབྲེལ་བློན་ པོ་བགྲེསཔ་ རིག་འཛིན་རྡོ་ རྗེ་གིས་ སྲིད་དོན་ནང་ལས་ དགོངས་ཞུ་འབད་དགོ་ནི་ ཨིན་པས། ཕྱི་འབྲེལ་བློན་པོ་བགྲེསཔ་ གིས་ ཆེ་མཐོ་ཁྲིམས་འདུན་ གྱིས་ གཞུང་འཁོར་ཌི་སི་ ཨེམ་ཊཱག་ ལོག་སྤྱོད་འབད་ ཡོད་པའི་ ཉེས་འཛུགས་ འབད་དེ་ བཙོན་ཁྲིམས་ལོ་༡ བཀལ་ཡོད་མི་དེ་ལུ་ བསམ་ པ་མ་རྫོགཔས་ལས་ མངོན་ མཐོ་ཁྲིམས་འདུན་ལུ་ མཐོ་ གཏུགས་འབད་ནི་གི་ གྲོས་ ཐག་བཅད་ཡོདཔ་ཨིན་པས། ཕྱི་འབྲེལ་བློན་པོ་བགྲེསཔ་ ད་ལྟོ་གི་ སྤྱི་ཚོགས་ཀྱི་ འཐུས་མི་ཨིན་མི་ རིག་ འཛིན་རྡོ་རྗེ་གིས་ སྤྱི་ལོ་ ༢༠༡༡ ཟླ་༧ པ་དང་ སྤྱི་ལོ་ ༢༠༡༢ ཟླ་༦ པའི་བར་ན་ རྫོང་ཁག་གི་ གཞུང་འཁོར་ ཌི་སི་ཨེམ་ཊཱག་ལོག་སྤྱོད་ ཐོག་ ཁོ་རའི་ཤིང་ཆས་ ལན་ ཐེངས་༡༠ ཧཱ་ལས་ ཐིམ་ ཕུག་སྤམ་མཚོ་ལུ་ སྒྲིང་ ཁྱིམ་རྐྱབ་སར་ སྐྱེལ་འདྲེན་ འབད་ཡོད་མི་ལུ་ ཉེས་ ཁྲིམས་ལོ་༡ བཀལ་ཡོདཔ་ ཨིན་པས། དེ་མ་ཚད་ ཆེ་མཐོ་ཁྲིམསའ་ དུན་གྱིས་ ཉེས་བྱ་དངུལ་ ཀྲམ་༡༡༡,༦༤༠ བཀལ་ མི་དེ་ ཞག་གྲངས་༡༠ ནང་ འཁོད་ལུ་ བཙུགས་དགོ་ པའི་ འཁྲུན་ཆོད་གནང་ ཡོདཔ་ད་ ད་ལྟོ་གི་འཁྲུན་ ཆོད་དེ་ ཐོག་མའི་ཧཱ་རྫོང་ ཁག་ཁྲིམས་འདུན་གྱིས་ གནང་མི་ལས་ ཧྲིལ་བུམ་ བསྒྱུར་བཅོས་འབད་ཡོདཔ་ ཨིན་པས། ཆེ་མཐོ་ཁྲིམས་འདུན་གྱིས་ རིག་འཛིན་རྡོ་རྗེ་གིས་ ཧཱ་ རྫོང་བདག་སྦེ་སྡོད་པའི་ སྐབས་ གཞུང་འཁོར་ལག་ ལེན་འཐབ་མི་དེ་ གློ་བུར་གྱི་ དོན་ལུ་མེནམ་ལས་ གཞུང་ གི་ལམ་ལུགས་ལས་འགལ་ འདུག་ཟེར་ བཀོད་ཡོདཔ་ ད་ ཁོ་གིས་ ཤིང་ཆས་སྐྱེལ་ འདྲེན་འབད་ནིའི་དོན་ལུ་ སྣུམ་འཁོར་ཐེངས་༡༠ ལག་ ལེན་འཐབ་ཡོདཔ་ཨིན་པས། ཆེ་མཐོ་ཁྲིམས་འདུན་གྱིས་ གནང་མི་ འཁྲུན་ཆོད་ནང་ རྩོད་ཟླ་རིག་འཛིན་རྡོ་རྗེ་ གིས་ རྫོང་བདག་སྦེ་ ཕྱག་ ཞུ་སྡོད་པའི་སྐབས་ སྤྱི་དོན་ རྒྱུ་དངོས་གཞུང་འཁོར་ལོག་ སྤྱོད་འབད་མི་དེ་ འབྲུག་གི་ ཞི་གཡོག་བཅའ་ཁྲིམས་དང་ ངན་ལྷད་བཀག་སྡོམ་བཅའ་ ཁྲིམས་ཀྱི་ དགོངས་དོན་ཚུ་ ལས་ འགལ་ཡོད་པའི་ ཐེ་ ཚོམ་ལས་གྲོལ་བའི་ མངོན་ རྟགས་གྲུབ་མི་ལུ་བརྟེན་ ངན་ལྷད་བཀག་སྡོམ་བཅའ་ ཁྲིམས་ དང་འཁྲིལ་ ཉེས་ཁྲིམས་ལོ་ ངོ་༡ བཀལ་ཡོད་ཟེར་བཀོད་ ཡོདཔ་ཨིན་པས། ཧཱ་རྫོང་ཁག་ཁྲིམས་འདུན་ གྱིས་ འཐུས་མི་རིག་འཛིན་ རྡོ་རྗེ་ལུ་ ཉེས་འཛུགས་ འབད་ཡོད་མི་ གནད་དོན་ ཁག་གཉིས་ཅ་ར་ ཕྱིར་འབུད་ འབད་ཡོད་མི་ལུ་ རྩོད་དཔོན་ ཡོངས་ཁྱབ་ཡིག་ཚང་གིས་ ཉེས་འཛུགས་གཉིས་པ་ གཞུང་གི་རྒྱུ་དངོས་ལྐོག་ཟ་ འཐབ་མི་ལུ་ མཐོ་གཏུགས་ འབད་ཡོདཔ་ཨིན་པས། རྩོད་དཔོན་ཡོངས་ཁྱབ་ཡིག་ ཚང་གི་ ངོ་ཚབ་ཀྱིས་ ཤིང་ ཆས་སྐྱེལ་འདྲེན་གྱི་དོན་ ལུ་ གཞུང་འཁོར་བཀོལ་ སྤྱོད་འབད་མི་དེ་ གློ་བུར་ གྱི་དོན་ལུ་ ཨིན་ན་མེན་ན་ ཁྲིམས་འདུན་ལས་ གོ་དོན་ ལེན་དགོ་པའི་ ཞུ་བ་འབད་ ཡོདཔ་ཨིན་པས། རྩོད་ཟླའི་རྒྱབ་མི་ ཨོ་རྒྱན་ རྡོ་རྗེ་གིས་ གཞུང་འཁོར་ དེ་ ཁྲིམས་མཐུན་ཐོག་ལས བཀོལ་སྤྱོད་འབད་ཡོདཔ་ ལས་ རྫོང་ཁག་ཁྲིམས་ འདུན་གྱིས་གནང་མི་ འཁྲུན་ ཆོད་དེ་ལུ་ར་ གཞི་འཛིན་ གནང་དགོ་པའི་ ཞུ་བ་འབད་ ཡི། ཆེ་མཐོ་ཁྲིམས་འདུན་གྱིས་ གློ་བུར་ཟེར་བའི་ དོན་འགྲེལ་ འདི་ སྤྱིར་བཏང་ཁྲིམས་ ཀྱི་གཞི་རྩ་དང་འཁྲིལཝ་ ད་ གློ་བུར་ཚབས་ཆེན་གྱི་ སྐབས་དོན་ནང་ མི་ངོམ་དེ་ ལུ་ ཉེན་སྐྱོབ་དང་ གནས་ སྟངས་ལུ་ ཉེ་བར་མཁོ་ བའི་ དཔུང་གྲོགས་མ་འབད་ བ་ལུ་ བྱ་ཐབས་མེད་པའི་ གནས་སྟངས་ཅིག་ལུ་ གྲུབ་ དགོཔ་བཞིན་དུ་ གློ་བུར་ རམ་ ཚབས་རྡོལ་ཟེར་མི་ དེ་ དཔེར་ན་ མི་ངོམ་ཅིག་ལུ་ ཁོ་རའི་ཚེ་སྲོག་ལུ་ ཉེན་ཁ་ དང་ མི་དེ་གི་ སྲོག་སྐྱབས་ འབད་ནིའི་མཐའ་དོན་ལས་ སྨན་བཅོས་འབད་དགོ་པའི་ གནས་སྟངས་བཟུམ་ནང་ དང་ མི་དང་ ཅ་ཆས་ཚུ་གི་ ཐོག་ལས་ ཚབས་ཆེན་གྱི་ སྐབས་ལུ་ རྒྱུ་དངོས་དང་ མིའི་གྲོགས་རམ་མ་འབད་ བར་ ཐབས་མེད་ཀྱི་ བྱ་བ་ བྱུང་སྲིད་པའི་སྐབས་ གནས་ སྟང་བཟུམ་ཅིག་ནང་ གློ་བུར་ གྱི་ ཚབས་རྡོལ་སྦེ་ གོ་བ་ ལེན་དགོཔ་ཨིན་ཟེར་བཀོད་ ཡོད་པའི་གནས་ཚུལ།

Newspapers in English

Newspapers from Bhutan

© PressReader. All rights reserved.