བར་མཚམས་བསྐྱར་ཞིབ་ནང་ སོ་ནམ་དང་ནགས་ཚལ་ ལྷན་ཁག་གིས་ གྲུབ་འབྲས་ལེགས་ཤོམ་ཐོན་ཡོདཔ།

Bhutan Times - - Adverts -

༉ སོ་ནམ་དང་ནགས་ཚལ་ ལྷན་ཁག་གིས་ ལཱ་ཤུལ་གྲུབ་ འབྲས་ཁག་༧༣ ཡོད་ས་ ལས་༥༢ འཆར་གཞི་དང་ འཁྲིལ་འགྱོ་དོ་ཡོདཔ་ལས་ ལྷན་ཁག་གི་ དམིགས་གཏད་ ཚུ་ གྲུབ་ཚུགས་པའི་ རེ་བ་ བསྐྱེད་དོ་ཡོདཔ་ཨིན་པས། དེ་ཡང་ ད་རེས་ཀྱི་བདུན་ཕྲག་ ནང་ ལྷན་ཁག་གིས་ འཆར་ གཞི་༡༡ པའི་ བར་མཚམས་ བསྐྱར་ཞིབ་སྙན་ཞུ་ འབད་ བའི་སྐབས་ གསལ་སྟོན་ འབད་ཡོདཔ་ད་ སོ་ནམ་བློན་ པོ་ ཡེ་ཤེས་རྡོ་རྗེ་གིས་ བཤད་ དོ་བཟུམ་འབད་བ་ཅིན་ ལྷན་ ཁག་གིས་ རྒྱབ་སྐྱོར་ཚུ་འཕྲོ་ མཐུད་དེ་ར་ འཐོབ་ཚུགས་པ་ ཅིན་ འཆར་གཞི་གི་དམིགས་ གཏད་བ་ལྷགཔ་ གྲུབ་ཚུགས་ ནི་མས་ཟེར་ཨིན་པས། ལྷན་ཁག་གིས་ གྲུབ་འབྲས་ སྦོམ་ཤོས་ཐོན་མི་ར་ སོ་ནམ་ གྱི་འཕྲུལ་རིག་ ཚོད་བསྲེ་ཐོན་ བསྐྱེད་ གེ་ཟ་ ཨོམ་ སྒོང་རྡོག་ དང་ནོར་ཤའི་ཐོན་བསྐྱེད་ཚུ་ གི་ དམིགས་གཏད་ཚུ་ གྲུབ་ ཚུགས་ཏེ་ཡོདཔ་ཨིན་པས། དུས་ཅི་གི་ལོ་དེ་ནང་ར་ ལྷན་ ཁག་གིས་ ས་ཞིང་ཨེ་ཀར་ ༤༦༠༠ དེ་ཅིག་ འཕྲུལ་རིག་ གི་འོག་ལུ་ ལེན་ཡོད་པའི་ ཁར་ ལྷན་ཁག་གིས་ འཕྲུལ་ གླང་༨༩ དང་ ཞིང་རྨོ་འཕྲུལ་ ༡༧༤ ཡོད་པའི་ འཕྲུལ་ཆས་ གླ་ཁར་ལེན་ནི་གི་ ལྟེ་བ་༡༣ བཙུགས་ཡོདཔ་ཨིན་པས། སོ་ནམ་ལས་ཁུངས་ཀྱི་ ཡོངས་ཁྱབ་མདོ་ཆེན་ ཉིམ་ རྡོ་རྗེ་གིས་ སྙན་ཞུ་འབད་བའི་ སྐབས་ ལྷན་ཁག་གིས་ སྤྱི་ འོག་ཚུ་ནང་ བགོ་བཀྲམ་ འབད་ནིའི་དོན་ལུ་ ཇ་པཱན་ གཞུང་གི་ ཇའི་ཀ་ལས་སྡེ་གི་ གྲོགས་རམ་འོག་ལུ་ འཕྲུལ་ གླང་ པ་ཝར་ཊི་ལར་༡༤༥༠ དགོ་པའི་ གྲོས་འཆར་ བཙུགས་ཡོད་ཟེར་ཨིན་པས། སོ་ནམ་དང་ནགས་ཚལ་ལྷན་ ཁག་གིས་ འདས་པའི་འཆར་ ལོ་ནང་ དམིགས་གཏད་བརྒྱ་ ཆ་༢ ལས་༣ གྲུབ་ཚུགས་ ཏེ་ཡོདཔ་ད་ འཆར་གཞི་ ༡༡ པའི་ནང་ བརྒྱ་ཆ་༤ གུ་ དམིགས་གཏད་བསྐྱེད་དོ་ ཡོདཔ་ཨིན་པས། ལྷན་ཁག་གིས་ གེ་ཟའི་ཐོན་ བསྐྱེད་ཀྱི་དམིགས་དོན་དེ་ཡང་ གྲུབ་ཚུགས་ཡོདཔ་ཨིན་རུང་ འདས་པའི་ལོ་གཉིས་ནང་ གེ་ཟ་ མེ་ཊིག་ཊཱོན་༤༡༩༤ དེ་ ཅིག་ རི་དྭགས་སེམས་ཅན་ ལུ་ ཤོར་ཡོདཔ་ད་ ད་རུང་ མེ་ ཊིག་ཊཱོན་༣༡ དེ་ཅིག་ སེརཝ་ གིས་ མེདཔ་བཏང་ཡོདཔ་ ཨིན་པས། དེ་བཟུམ་སྦེ་ ལྷན་ཁག་གི་ ནགས་ཚལ་དང་གླིང་གའི་ ལས་ཁུངས་ཀྱིས་ ནགས་ ཚལ་ལེ་ཤ་ ཡུན་བརྟན་འཛིན་ སྐྱོང་གི་འོག་ལུ་ འབག་འོང་ སྟེ་ ནགས་མེ་གི་བྱུང་རྐྱེན་ ཚུ་ མར་ཕབ་འབད་ཚུགས་ཏེ་ ཡོདཔ་ད་ ལས་ཁུངས་ཀྱིས་ རྒྱལ་ཁབ་ནང་ རྒྱལ་ཡོངས་ ཀྱི་ སྟག་གི་གྱངས་ཁའི་ ཞིབ་ འཚོལ་འགོ་དང་པ་ འབད་ ཡོདཔ་ཨིན་པས། སྒོ་ནོར་ལས་ཁུངས་ཀྱི་ནང་ འབད་བ་ཅིན་ སྤྱི་ལོ་༢༠༡༢ ལོ་ནང་ ནོར་ཤ་ཐོན་སྐྱེད་ཀྱི་ དམིགས་གཏད་དེ་ མེ་ཊིག་ ཊཱོན་༦༠༠ འབད་ཡོད་ས་ལས་ ལོ་དེ་ནང་ ནོར་ཤ་མེ་ཊིག་ཊཱོན་ ༦༣༩ དེ་ཅིག་ ཐོན་སྐྱེད་འབད་ ཡོདཔ་ཨིན་པས། དེ་བཟུམ་སྦེ་ ལོ་བསྟར་ར་ཤ་ མེ་ཊིག་ཊཱོན་༡༥༠ ཐོན་སྐྱེད་ འབད་ནི་གི་ དམིགས་གཏད་ ཡོད་མི་དེ་ཡང་ ལོ་དེ་ནང་ མེ་ ཊིག་ཊཱོན་༡༦༡ ཐོན་སྐྱེད་འབད་ ཡོདཔ་ཨིན་པས། ཨིན་རུང་ སྙན་ཞུ་དང་ འཁྲིལཝ་ད་ བྱ་ཤ་དང་ཕག་ ཤ་ ཉ་རློན་ སྦྲང་རྩི་ དེ་ལས་ ནོར་ཤ་ནང་འདྲེན་འབད་མི་ དེ་ རྩ་ལས་ མར་ཕབ་འབད་ མི་ཚུགས་པས་ཟེར་ ཨིན་ མི་དེ་ཡང་ མི་ཚུ་གིས་ ཤ་དེ་ ཚུ་ ནང་འཁོད་ལས་ ཐོན་སྐྱེད་ འབད་ནི་དེ་ འོས་འབབ་མེདཔ་ སྦེ་ བལྟ་ནི་དེ་གིས་ བཀག་ ཆ་འབད་མི་ཚུགས་པས་ཟེར་ ཨིན་པས། སྒོ་ནོར་ལས་ཁུངས་ཀྱི་ ཡོངས་ཁྱབ་མདོ་ཆེན་ ཌོག་ ཊར་ བཀྲིས་བསམ་གྲུབ་ཀྱིས་ ཨོམ་དང་སྒོང་རྡོག་གི་ཐོན་ སྐྱེད་དེ་ རྒྱལ་ཁབ་ནང་ལས་ ལངམ་སྦེ་ཐོན་ཚུགས་ཡོདཔ་ ལས་ ནང་འདྲེན་འཐབ་མ་ དགོ་ཟེར་ཨིན་རུང་ སྒོ་ནོར་གྱི་ ཐོན་སྐྱེད་ཚུ་ ནང་འཁོད་ལས་ ལངམ་སྦེ་ ཐོན་ནིའི་དོན་ལུ་ གདོང་ལེན་ལེ་ཤ་འདུག་ཟེར་ ཨིན་པས། ཁོ་གིས་ དཔེར་ན་ ནང་འཁོད་ ལས་ ཉ་ལངམ་སྦེ་ ཐོན་སྐྱེད་ འབད་ནིའི་དོན་ལུ་ འཕྲུལ་ རིག་གི་མི་སྟོབས་དང་ ས་ ལངམ་སྦེ་མེད་པའི་ཁར་ མི་ ཚུ་གིས་ ཉ་གསོ་སྐྱོང་འབད་མི་ དེ་ལུ་ ངོས་ལེན་ལེགས་ཤོམ་ ཅིག་མེད་པའི་ཁར་ ལས་སྡེ་ ཁག་དང་གཅིག་ཁར་ འབྲེལ་ བ་འཐབ་དགོཔ་ལས་ དུས་ ཚོད་འགོརཝ་མས་ཟེར་ཨིན་ པས། དེ་འབདཝ་ལས་ ལས་ཁུངས་ ཀྱིས་ འཆར་གཞི་༡༡ པའི་ ནང་ མེ་ཊིག་ཊཱོན་༧༥༠ ཐོན་ སྐྱེད་འབད་ནི་གི་ དམིགས་ གཏད་ཡོད་མི་དེ་ མེ་ཊིག་ཊཱོན་ ༤༣༠ གུ་ མར་ཕབ་འབད་ དགོ་པའི་ གྲོས་འཆར་འབད་ ཡོདཔ་ཨིན་པས། ལྷན་ཁག་ནང་ རྒྱལ་སྤྱི་བཟའ་ ཆས་དང་སོ་ནམ་གོང་འཕེལ་ ལས་འགུལ་དང་ ཡུ་རོ་པི་ ཡཱན་ལས་འགུལ་༢ ཀྱི་ མ་ དངུལ་ ཡུ་ཨེ་ཌོ་ལར་ས་ཡ་ ༡༣.༧༨ དང་ འཛམ་གླིང་ དངུལ་ཁང་ལས་འགུལ་ གྱི་ ཡུ་ཨེས་ཌོ་ལར་ས་ཡ་༨ ཡོདཔ་ཨིན་པའི་གནས་ཚུལ།

Newspapers in English

Newspapers from Bhutan

© PressReader. All rights reserved.