ཚོང༌འབྲེལ༌གོ༌སྐབས༌དང༌བརྡ༌དོན༌ལྟེ༌བ༌གིས༌ སྐྱིན༌འགྲུལ༌ཚུ༌ འཕྲོ༌མཐུད༌དེ༌ར༌བྱིན༌ནི།

Bhutan Times - - ADVERTS -

༉ ཚོང་འབྲེལ་གོ་སྐབས་དང་ བརྡ་དོན་ལྟེ་བ་དེ་ འབྲུག་གོང་ འཕེལ་དངུལ་ཁང་དང་གཅིག་ ཁར་ མཉམ་བསྡེབ་འབད་ ནི་ཨིན་པའི་སྐོར་ལས་ ལོ་ རྒྱུས་འདྲ་སྨིན་ཐོན་དོ་ཡོད་རུང་ གཞུང་གིས་ ལྟེ་བ་དེ༌གིས༌ མ་དངུལ་གྱི་རྒྱབ་སྐྱོར་བྱིན་ མི་ ལྟེ་བ་ཅིག་སྦེ་ བཞག་ ནིའི་དོན་ལུ་ ཐབས་ལམ་ཚུ་ བཏོན་དོ་ཡོདཔ་ཨིན་པས། དངུལ་རྩིས་བློན་པོ་རྣམ་རྒྱལ་ རྡོ་རྗེ་གིས་ གཞུང་གིས་ ད་ལྟོ་ ལྟེ་བ་དེ་གི་དོན་ལུ་ གྲོས་ཐག་ ག་ནི་ཡང་ བཅད་དེ་མེད་རུང་ ཐབས་ཤེས་གཞན་ཚུ་ལུ་ཡང་ བལྟ་བའི་བསྒང་ཡོད་ཟེར་ཨིན་ པས། ཨིན་རུང་ གཞུང་གིས་ ལྟེ་ བ་དེ་ ཁྲིམས་འགལ་མེན་ ཟེར་ བཤད་ཡོད་པའི་ཁར་ བློན་ཆེན་ཚེ་རིང་སྟོབས་རྒྱས་ མཆོག་གིས་ གཞུང་གིས་ རྒྱལ་ཡོངས་ཚོགས་སྡེའི་ནང་ ལྟེ་བའི་སྐོར་ལས་ དྲི་བཀོད་ འབད་བའི་སྐབས་ ཁྲིམས་ འགལ་ཨིན་པའི་ ར་ཁུངས་ བཀལ་མཐོང་པ་ཅིན་ གཞུང་ གིས་ ཁྲིམས་མཐུན་བཟོ་ནི་ ཨིན་པའི་སྐོར་ལས་ གསལ་ ཞུ་འབད་ཡི་ཟེར་གསུངས་ཡི། ཨིན་རུང་ རྒྱལ་ཡོངས་ ཚོགས་སྡེ་གིས་ གནད་ དོན་དེ་ མི་དབང་མངའ་ བདག་རིན་པོ་ཆེ་མཆོག་ལུ་ ཕུལ་ཡོདཔ་ལས་ བསྐྱར་ ཞིབ་འབད་ནི་དེ་ ང་བཅས་ ཀྱི་འགན་ཁུར་ཨིན་ཟེར་ གསུངས་ཡོདཔ་ད་ ཁྲིམས་ འགལ་ཨིན་པའི་མངོན་ རྟགས་མེདཔ་ལས་ དངུལ་ ཁང་དང་གཅིག་ཁར་ མཉམ་ བསྡེབ་འབད་ནི་དེ་ གདམ་ཁ་ ཅིག་འབད་མཐོང་ཡི་ཟེར་ཨིན་ པས། ཨིན་རུང་ བློན་ཆེན་གྱིས་ མཉམ་བསྡེབ་འབད་ནི་ཟེར་ ལོ་རྒྱུས་ཐོནམ་ཅིག་ མི་ལ་ ལུ་གིས་ ལྟེ་བ་དེ་ཁྲིམས་ འགལ་ཨིན་པའི་ ཆ་གནས་ འབད་དེ་འདུག་ཟེར་ཨིནམ་ ད་ ལ་ལུ་གིས་ ལྟེ་བ་དེ་ སྒོ་ བསྡམ་དགོཔ་སྦེ་ སླབ་ ཡོདཔ་མ་ཚད་ ཚ་གྱང་ཡང་ ལང་ནུག་ཟེར་ཨིན་པས། བློན་ཆེན་གྱིས་ ལྟེ་བ་དེ་གི་ སྐོར་ལས་ ག་བཟུམ་མའི་ གནད་དོན་ཐོན་རུང་ སྐྱིན་ འགྲུལ་བྱིན་མི་དེ་ འཕྲོ་མཐུད་ དེ་ར་ བྱིན་འོང་ཟེར་ཨིནམ་ ད་ དངུལ་རྩིས་བློན་པོ་གིས་ གཞུང་གིས་ ཚོགས་པའི་དོན་ ལུ་དང་ གཞུང་ལུ་ གྱོང་རྒུད་ སྦོམ་ཕོག་པའི་ ལཱ་འབད་བ་ ཅིན་ འགན་ཁྲི་འབག་དགོཔ་ ཨིན་རུང་ ད་ལྟོ་གི་ནང་ལྷོདཔ་ ད་ དེ་སྦེ་ མེན་ཟེར་ཨིན་པས། བློན་པོ་གིས་ ལྟེ་བ་གིས་ ད་ ཚུན་ དངུལ་ཀྲམ་ས་ཡ་༣༡༠ ཡོད༌མི༌གིས༌ མི་༢༠༠༠ ལྷགཔ་ཅིག་ལུ་ ཕན་ཐོག་བྱུང་ སྟེ་ཡོད་ཟེར་ཨིནམ་ད་ ལྟེ་བ་ དེ་ རྒྱལ་ཁམས་ཀྱི་མཐའ་ དོན་ལུ་ཨིན་ཟེར་བཤད་ཅི། ལྟེ་བ་དེ་ ཁྲིམས་མཐུན་མེན་ པའི་སྐོར་ལས་ འདས་པའི་ ཚོགས་ཐེངས་ནང་ གྲོས་ བསྡུར་ཚུ་བྱུང་ཡོདཔ་མ་ཚད་ མི་སྡེའི་བརྡ་བརྒྱུད་ཚུ་ནང་ ཡང་ གྲོས་བསྡུར་འབད་སའི་ གནད་དོན་ཅིག་ལུ་ འགྱུར་ ཡོདཔ་མ་ཚད་ སྲིད་དོན་ ཚོགས་པ་གཞན་ཚུ་གིས་ཡང་ ཁྲིམས་མཐུན་མེནམ་སྦེ་ར་ བཤད་དེ་ཡོདཔ་ཨིན།

Newspapers in English

Newspapers from Bhutan

© PressReader. All rights reserved.