སྟོན་པ་རྡོར་གདན་མའི་སྐུ་འདྲ་ལུ་ བཀྲིས་རབ་གནས་གནང་ཡོདཔ།

Bhutan Times - - འབྲུག་གི་དུས་ཚོད། -

༉ རྒྱལ་ས་ལྟེ་བ་ལུ་ བཞེངས་པའི་བསྒང་ཡོད་མི་ སྟོན་པ་རྡོར་གདན་མའི་ སྐུ་ འདྲ་དེ་ལུ་ གཞུང་འབྲེལ་ དུ་ སྐྱབ་རྗེ་རྗེ་མཁན་རིན་པོ་ ཆེ་མཆོག་གིས་ ད་རེས་ཀྱི་ བདུན་ཕྲག་ནང་ བཀྲིས་རབ་ གནས་མཛད་མི་དེ་གིས་ ད་ ལས་ཕར་ སྐུ་མཇལ་བར་ འགྱོ་མི་ཚུ་གིས་ བྱིན་བརླབ་ ཞུ་ཚུགས་ནི་ཨིན་པས། འཛམ་གླིང་ནང་སྦོམ་ཤོས་ ཅིག་ འོང་ནི་ཨིན་མི་ རིང་ ཚད་ཕིཊ་༢༠༡ འབད་མི་ སྐུ་ འདྲ་དེ་ ཡོངས་རྫོགས་སྒྲུབ་ མ་ཚུགས་པར་ཡོདཔ་ཨིན་ རུང་ དུས་ཅི་གི་ལོ་དེ་ མི་ དབང་འབྲུག་རྒྱལ་བཞི་པ་ མཆོག་ དགུང་ལོ་༦༠ བཞེས་ པའི་ དུས་སྟོན་བརྩི་སྲུང་ཞུ་ མི་དང་འབྲེལ་ གུས་བཏུད་ ཞུ་ནིའི་དོན་ལུ་ རབ་གནས་ འབད་ཡོདཔ་ཨིན་པས། སྐུ་འདྲ་དེ་ སྤྱི་ལོ་༢༠༠༦ ལས་ བཞེངས་ནི་ འགོ་ བཙུགས་ཡོད་རུང་ ད་ལྟོ་ཡང་ སྒྲུབ་མ་ཚུགས་པར་ཡོདཔ་ད་ ལས་འགུལ་གྱི་འགོ་འཛིན་ ཚུ་གིས་ བཤད་དོ་བཟུམ་ འབད་བ་ཅིན་ ལས་མི་གི་ དཀའ་ངལ་མ་འཐོན་པ་ཅིན་ ཡོངས་རྫོགས་སྒྲུབ་ནིའི་དོན་ ལུ་ ད་རུང་ ལོ་ངོ་དག་པ་ཅིག་ འགོར་ནི་མས་ཟེར་ཨིནམ་ད་ དེ་མིན་ ལོ་༣ དེ་ཅིག་ འགོར་ འོང་ཟེར་ཨིན་པས། སྟོན་པ་རྡོར་གདན་མའི་ སྐུ་ འདྲ་བཞེངས་ནི་གི་ ལཱ་ཚུ་ག་ ར་ རྒྱ་ནག་དང་སིང་ག་པུར་ དེ་ལས་ ཧོང་ཀོང་རྒྱལ་ཁབ་ ཚུ་ལས་ སྦྱིན་བདག་༢༠ དེ་ ཅིག་གིས་ མ་དངུལ་རྒྱབ་ སྐྱོར་འབད་དོ་ཡོད་རུང་ ཟད་ འགྲོ་ཚུ་ག་ར་ སྦྱིན་བདག་ཚུ་ གིས་ ལས་འགུལ་ནང་ལཱ་ འབད་མི་ཚུ་ལུ་ ཐད་ཀར་དུ་ བྱིན་དོ་ཡོདཔ་ལས་ ཟད་འགྲོ་ ག་དེམ་ཅིག་ འགྱོ་ཡོདཔ་ ཨིན་ན་ མི་ཤེས་དོ་ཡོདཔ་ ཨིན་པས། ལས་འགུལ་ནང་ལཱ་འབད་ མི་ཚུ་གིས་ བཤད་དོ་བཟུམ་ འབད་བ་ཅིན་ སྐུ་བཞེངས་ པའི་སྐབས་ ལཱ་ཚུ་ག་ར་ ཕྱི་ ཁར་ལས་ མཁས་རིག་ཅན་ གྱི་ ལས་མི་ཚུ་གིས་ འབད་ དགོཔ་ལས་ ཕྱི་ཁའི་རྡོ་ གཅོལ་ནང་ རྡོ་ལེབ་འཐིང་ ནི་གི་དོན་ལུ་ཡང་ མཁས་ རིག་གི་ཉམས་མྱོང་ཡོད་མི་ ཚུ་གིས་ རྐྱངམ་ཅིག་ འབད་ ཚུགས་དོ་ཡོད་རུང་ ལས་ མི་གི་ཆོག་ཐམ་ཚད་ཅིག་ ལས་ ཐོབ་མ་ཚུགསཔ་ལས་ དཀའ་ངལ་ཐོན་མས་ཟེར་ ཨིན་པས། སྐུ་འདྲ་གི་ སྟེང་ཐོག་ལུ་ གཙོ་བོ་ ཀུན་རས་རྣམ་པར་ སྣང་མཛད་དང་ ཉེ་བའི་སྲས་ ཆེན་༨ བཞེངས་ཡོདཔ་ད་ ཐོག་ཚད་༣ པའི་ནང་ སངས་ རྒྱས་སྨན་ལྷའི་སྐུ་འདྲ་ བརྒྱ་ བཞེངས་ནི་གི་ འཆར་གཞི་ ཡོད་རུང་ ད་ལྟོ་བསྒྲུབ་མ་ ཚུགས་པར་ ཡོདཔ་ཨིན་ པས། དེ་ལས་ པདྨའི་ཐོག་ཚད་ནང་ སངས་རྒྱས་རབ་༧ དང་ མཛད་པ་༡༢ བཞེངས་པའི་ བསྒང་ཡོདཔ་ད་ དེའི་རྒྱབ་ ཁར་ སྣང་སྲིད་ཟིལ་གནོན་ དང་ ཡི་དམ་བདེ་མཆོག་ འཁོར་ལོ་སྡོམ་པ་ མཁའ་ འགྲོ་རྡོ་རྗེ་འཕགས་མོ་ བཀའ་དགོངས་ཕུར་༣ ལྷ་མོ་ རིགས་༨ མ་ཚུ་ བཞེངས་ནི་ཨིན་རུང་ ད་ལྟོ་ དེ་ཚུ་ བཞེངས་མ་ཚར་བར་ ཡོདཔ་ཨིན་པས། ལས་ཚོགས་སློབ་དཔོན་ སངས་རྒྱས་རྡོ་རྗེ་གིས་ གསར་ཤོག་ཅིག་ནང་ བཤད་ དོ་བཟུམ་འབད་བ་ཅིན་ རྒྱལ་ ཁབ་ནང་ དེ་བཟུམ་མའི་ སྐུ་ འདྲ་སྦོམ་བཞེངས་མི་ལུ་ བརྟེན་ ནང་པའི་ཆོས་ཀྱི་སྟོན་ པ་ དར་ཁྱབ་གཏང་ཚུགས་ ཟེར་ བཤད་ཡོདཔ་ཨིན་པས། རབ་གནས་དེ་གི་སྐབས་ལུ་ མི་དབང་འབྲུག་རྒྱལ་བཞི་ པ་མཆོག་དང་ སྐུ་འཁོར་ དེ་ལས་ གཞུང་གི་ཆེ་སྟོད་ ཅན་གྱི་ འགོ་དཔོན་ཚུ་གིས་ བཅའ་མར་གཏོགས་ཡོདཔ་ ད་ རབ་གནས་གནང་པའི་ སྐབས་ གུ་རུ་བྲག་དམར་གྱི་ གསུང་ཆོག་ གནང་ཡོད་པའི་ གནས་ཚུལ།

Newspapers in English

Newspapers from Bhutan

© PressReader. All rights reserved.