འབྲུག་པའི་ནདཔ་ཅིག་ གནམ་གྲུ་ནང་ལས་ བཏོན་བཞག་མི་དེ་ གཞན་འགྲུལ་པ་ཚུ་གི་ ཉེན་སྲུང་གི་དོན་ལུ་ཨིནམ།

Bhutan Times - - Adverts -

༉ འདས་པའི་བདུན་ཕྲག་ ནང་ འབྲུག་པའི་ནདཔ་ཅིག་ གནམ་གྲུ་ནང་ལས་ ཕྱི་ཁར་ བཏོན་བཞག་དགོཔ་ཐོན་ མི་ལུ་ མི་སྡེའི་བརྡ་བརྒྱུད་ ནང་ ལོ་རྒྱུས་འདྲ་མིན་ ཐོན་ ཡོདཔ་མ་ཚད་ འབྲུག་ཞི་ བའི་མཁའ་འགྲུལ་དབང་ འཛིན་གྱིས་ གནད་དོན་དེ་ གི་སྐོར་ལས་ སྙན་ཞུ་འབད་ དགོཔ་སྦེ་ སླབ་ཡོདཔ་ཨིན་ པས། མི་མང་ཤོས་ཀྱིས་ གནས་ སྟངས་ཚབས་ཆེན་ནང་ཡོད་ མི་ ནདཔ་དེ་ལུ་ དེ་བཟུམ་ འབད་མི་ལུ་ སེམས་ཕམ་ བྱུང་ཡོད་པའི་སྐོར་ལས་ བཤད་ཡོད་རུང་ གནམ་གྲུའི་ དེད་དཔོན་དེ་གིས་ གཞན་ མི་ འགྲུལ་པ་ཚུ་གི་ ཐ་དོན་ ལུ་ དེ་བཟུམ་མའི་ ཐག་ བཅད་མི་དེ་ མཁའ་འགྲུལ་ གྱི་བཅའ་ཁྲིམས་ཚུ་དང་ འཁྲིལ་རུང་ འཛོལ་བ་ཅིག་ མེདཔ་ཨིན་པས། རྐྱེན་ངན་དེ་ཡང་ སྤྱི་ཟླ་༩ པའི་ ཚེས་༢༥ ལུ་ སྤ་རོ་ ལས་ བེང་ཀོག་ལུ་ འཕུར་ འགྲུལ་འབད་ནི་ཨིན་མི་ འབྲུག་པའི་གནམ་གྲུ་ནང་ བྱུང་ཡོདཔ་ཨིན་པས། རྐྱེན་ངན་བྱུང་པའི་སྐབས་ ནདཔ་དེ་ལུ་ སྒེར་གྱི་དྲུང་ འཚོ་ཅིག་གིས་ འཕུར་ འགྲུལ་འབད་ཚུགས་པའི་ གསོ་བའི་ལག་ཁྱེར་ བྱིན་ ཡོདཔ་ཨིན་རུང་ གནམ་ གྲུ་ནང་ལྷོདཔ་ད་ གཞན་མི་ འགྲུལ་པ་ཚུ་གིས་ ནདཔ་ དེ་གི་ ལྷ་པ་ལས་འཐོན་ མི་ དྲིམ་མནམ་སྟེ་འབད་མ་ ཚུགས་པར་ ཉོགས་བཤད་ བཀོད་མི་ ཐོན་ཡོདཔ་ཨིན་ པས། འགྲུལ་པ་ལ་ལུ་གིས་ གནམ་གྲུ་ནང་ར་ འཛུལ་མ་ བཏུབ་པའི་ཁར་ ལ་ལུ་གིས་ དྲིམ་གྱིས་འབད་མ་ཚུགས་ པར་ གནམ་གྲུ་ནང་ཡོད་མི་ ཆབ་གསང་ནང་ སྐྱུགས་པར་ འགྱོ་ཡོད་པའི་ ལོ་རྒྱུས་ཚུ་ ཡང་ ཐོན་ཡོདཔ་ཨིན་པས། ཨིན་རུང་ གནམ་གྲུའི་དེད་ དཔོན་དེ་གིས་ ནདཔ་དེ་ གནམ་གྲུ་ནང་ སྨན་བཅོས་ ཀྱི་དོན་ལུ་ འགྱོ་མི་ཨིནམ་ ལས་ འབག་འགྱོ་ནི་གི་ ཐབས་ཤེས་འགྲིགས་ཡོད་ རུང་ འགྲུལ་པ་དག་པ་ཅིག་ གིས་ ཉེན་མ་བཏུབ་ལས་ ཐབས་ར་མེད་པར་ ཕྱི་ཁར་ བཏོན་བཞག་དགོཔ་ཐོན་ ཡོདཔ་ཨིན་པས། ཨིན་རུང་ ནདཔ་གི་བུམོ་ གིས་ མི་སྡེའི་བརྡ་བརྒྱུད་ ནང་ གནད་དོན་དེ་གི་སྐོར་ ལས་ བཙུགས་པའི་ཤུལ་ ལས་ ལོ་རྒྱུས་འདྲ་མིན་སྣ་ ཚོགས་ སླབ་མི་ཐོན་ཡོདཔ་ མ་ཚད་ འབྲུག་པའི་མཁའ་ འགྲུལ་ལུ་ ཁ་བཏང་མི་ཡང་ ལེ་ཤ་ཐོན་ཡོདཔ་ཨིན། དེ་མ་ཚད་ ད་རེས་ཀྱི་བདུན་ ཕྲག་ནང་ འབྲུག་ཞི་བའི་ མཁའ་འགྲུལ་དབང་འཛིན་ གྱིས་ རྐྱེན་ངན་དེ་གི་སྐོར་ ལས་ རྒྱལ་ཡོངས་ཀྱི་གནམ་ གྲུ་དེ་ལུ་ སྙན་ཞུ་འབད་ དགོཔ་སྦེ་ སླབ་སྟེ་ཡོདཔ་ ཨིན་པས། དབང་འཛིན་གྱི་ འགོ་དཔོན་ ཚུ་གིས་ འབྲུག་པའི་གནས་ ཚུལ་ལས་ཁང་ཅིག་ལུ་ བཤད་དོ་བཟུམ་འབད་བ་ ཅིན་ ནདཔ་འགྲུལ་པ་དེ་ ཕྱི་ ཁར་བཏོན་བཞག་ཡོད་མི་ལུ་ གནད་དོན་དེ་གི་སྐོར་ལས་ སྙན་ཞུ་འབད་དགོ་ཟེར་ཨིན་ རུང་ ད་ལྟོ་ གཞུང་འབྲེལ་དུ་ སྙན་ཞུ་ག་ནི་ཡང་ མ་ལྷོད་ ཟེར་ཨིན་པས། འགོ་དཔོན་ཚུ་གིས་འབད་ རུང་ རྐྱེན་ངན་བྱུང་པའི་ སྐབས་ དེད་དཔོན་གྱིས་ ཐག་བཅད་ཡོད་མི་དེ་ རྒྱལ་ སྤྱི་གི་ ལམ་ལུགས་དང་ འགལ་བ་ཅིག་ མ་མཐོང་ པའི་ཁར་ མཁའ་འགྲུལ་ དང་ནདཔ་གི་བཟའ་ཚང་ཚུ་ གི་བར་ན་ཡང་ ཞིབ་འཚོལ་ འབད་དགོ་པའི་ གནད་དོན་ ཅིག་ཡང་ མ་མཐོང་ཟེར་ ཨིན་པའི་གནས་ཚུལ།

Newspapers in English

Newspapers from Bhutan

© PressReader. All rights reserved.