འབྲུག་གི་ ཕུཊ་བཱོལ་སྡེ་ཚན་ལུ་ འབྲུག་པའི་སློབ་སྟོན་པ་གིས་ སྦྱང་ བ་བྱིན་ནི་ཨིནམ།

Bhutan Times - - Adverts -

༉ འབྲུག་པའི་ཕུཊ་བཱོལ་ རྩེད་འགྲན་འབད་མི་ཚུ་ གིས་ སྤྱི་ལོ་༢༠༡༨ ལོ་ ནང་ འཛམ་གླིང་རྒྱལ་ རྟགས་ཀྱི་དོན་ལུ་ སྐོར་ ཐེངས་གཉིས་པའི་ རྩེད་ འགྲན་ནང་ ད་ཚུན་ རྒྱལ་ ཁབ་བཞི་དང་གཅིག་ཁར་ རྩེད་འགྲན་འབད་བའི་ སྐབས་ རྒྱལ་ཁ་ཐོབ་མ་ ཚུགས་པར་ཡོདཔ་ཨིན་ རུང་ སྤྱི་ཟླ་དེ་གི་ ཚེས་ ༨ ལུ་ མཱལ་དིབསི་དང་ གཅིག་ཁར་ རྩེད་འགྲན་ འབད་བའི་སྐབས་ གཱོལ་ ༣ བཙུགས་ཚུགས་མི་ ལུ་ འབྲུག་མི་ཚུ་ སེམས་ དགའ་སྟེ་ཡོདཔ་ཨིན་པས། ལྕང་གླིང་མི་ཐང་ནང་ རྩེད་ འགྲན་འབད་བའི་སྐབས་ མཱལ་དིབསི་གི་སྡེ་ཚན་ གྱིས་ རྩེད་འགྲན་ནང་ གཱོལ་༤ བཙུགས་ཡོད་རུང་ འབྲུག་གིས་ རྩེད་འགྲན་ མཇུག་བསྡུ་ནི་གི་ དུས་ ཡུན་སྐར་མ་༡༡ དེ་ཅིག་ སྡོད་པའི་སྐབས་ སྐར་མ་ བདུན་གྱི་ནང་འཁོད་ལུ་ གཱོལ་༣ བཙུགས་ཡོདཔ་ ལས་ འབྲུག་མི་ཚུ་གིས་ རྒྱལ་ཁ་ཐོབ་ནི་གི་ རེ་བ་ ཡང་ དུམ་གྲ་ཅིག་ བསྐྱེད་ དགོཔ་བྱུང་ཡོདཔ་མ་ཚད་ གཱོལ་དེ་ཡང་ རྒྱལ་རབས་ ཅན་ཅིག་ཨིན་པས། ཨིན་རུང་ འབྲུག་ཕུཊ་བཱོལ་ ཚོགས་སྡེ་གི་ འགོ་དཔོན་ དང་ ཇ་པཱན་གཞུང་གིས་ གྲོགས་རམ་སྦེ་བཏང་ཡོད་ མི་ སློབ་སྟོན་པ་གི་བར་ན་ བྱེལཝ་ཐོན་ཡོདཔ་ལས་ སློབ་སྟོན་པ་དེ་ ཇ་པཱ་ཕུཊ་ བཱོལ་ཚོགས་སྡེ་ལུ་ ལོག་ བརྩི་སྤྲོད་འབད་ཡོདཔ་ ཨིན་པས། དེ་ཡང་ ཚོགས་སྡེ་གི་རྩེད་ འགྲན་འཛིན་སྐྱོང་འགོ་ དཔོན་གྱིས་ ཕྱང་ཕྱད་སྡེ་ ཚན་གྱིས་ གཱོལ་ལེ་ཤ་སྦེ་ བཙུགས་ནི་དེ་གིས་ རྩེད་ འགྲན་པ་ཚུ་ ས་ཁོངས་ སོར་དགོ་པའི་སྐོར་ལས་ སློབ་སྟོན་པ་དེ་དང་གཅིག་ ཁར་ གྲོས་བསྟུན་འབད་ བའི་སྐབས་ ཉེན་མ་བཏུབ་ ལས་ བྱེལཝ་ཐོན་ཏེ་ སློབ་ སྟོན་པ་གིས་ རྩེད་འགྲན་ མཇུག་མ་བསྡུཝ་ལས་ སྡེ་ཚན་བཀོག་བཞག་སྟེ་ འགྱོ་ཡོདཔ་ཨིན་པས། བྱེལཝ་ཐོན་མི་ལུ་ འབྲུག་ གི་ཕུཊ་བཱོལ་ཚོགས་སྡེ་ གི་ ཡོངས་ཁྱབ་དྲུང་ཆེན་ ཨོ་རྒྱན་དབང་ཕྱུག་གིས་ སླབ་དོ་བཟུམ་འབད་བ་ ཅིན་ སློབ་སྟོན་པ་གིས་ བྱེལཝ་དེ་ ཚོགས་སྡེ་དང་ གཅིག་ཁར་མེནམ་ལས་ དེ་འཕྲོ་ལས་ སྡེ་ཚན་ བཀོག་བཞག་སྟེ་ འགྱོ་མི་ ལུ་བལྟཝ་ད་ ཁོ་ར་ ཧེ་མ་ ལས་ འགྱོ་ནི་གི་ འཆར་ གཞི་ཡོདཔ་འོང་ནི་མས་ ཟེར་ཨིན་པས། ཨོ་རྒྱན་དབང་ཕྱུག་གིས་ བཤད་དོ་བཟུམ་འབད་བ་ ཅིན་ སློབ་སྟོན་པ་གིས་ བྱེལཝ་དེ་གི་སྐོར་ལས་ ཚོགས་སྡེ་དང་གཅིག་ ཁར་ གྲོས་བསྟུན་འབད་དེ་ དོགས་བསལ་འབད་རུང་ མ་བཏུབ་མ་སྡོད་ཟེར་ཨིན་ རུང་ ད་རེས་ཀྱི་ བྱེལཝ་དེ་ གིས་ ཇ་པཱན་དང་གཅིག་ ཁར་ ཧེ་མ་ལས་ཡོད་པའི་ མཐུན་ལམ་དེ་ལུ་ ཐོ་མི་ ཕོགས་འོང་མནོ་བའི་ རེ་བ་ ཡོད་ཟེར་ཨིན་པས། ཇ་པཱན་གྱིས་ ཧེ་མ་ལས་ འབྲུག་གི་དོན་ལུ་ སློབ་ སྟོན་པའི་གྲོགས་རམ་ འབད་དེ་ཡོདཔ་ད་ ད་ རེས་ཀྱི་ སློབ་སྟོན་པ་དེ་ གི་ ཁག་འབག་དུས་ཡུན་ དེ་ སང་ཕོད་ཀྱི་ལོ་འགོ་ བཙུགསཔ་ད་ མཇུག་བསྡུ་ ནི་ཨིན་པས། སློབ་སྟོན་པ་ ནོ་རི་བོ་ ཚུ་ ཀི་ཏ་ཀི་གིས་ སླབ་དོ་ བཟུམ་འབད་བ་ཅིན་ ཁོ་ར་ སློབ་སྟོན་འབད་མི་འབདཝ་ ལས་ རྩེད་ཐང་ནང་ རྩེད་ འགྲན་པ་ག་བཙུགས་ན་ ཁོ་གི་དབང་ཚད་ཡོད་རུང་ མཱལ་དིབསི་དང་གཅིག་ ཁར་ རྩེད་འགྲན་འབད་ བའི་སྐབས་ སྡེ་ཚན་གྱི་ འཛིན་སྐྱོང་འགོ་དཔོན་གྱིས་ ཁོ་གི་ཐབས་བྱུས་འབད་མི་ ལུ་ ངོས་ལེན་མེདཔ་ལས་ བར་ན་ལས་ ཕྱི་ཁར་ ཐོན་ སྡོད་ཡི་ཟེར་ཨིན་པས། རྩེད་འགྲན་ཕྱེད་ཀ་མཇུག་ བསྡུ་སྟེ་ ལོག་རྩེན་འགྲན་ འབད་བའི་སྐབས་ སྡེ་ཚན་ འཛིན་སྐྱོང་འགོ་དཔོན་གྱིས་ རྩེད་འགྲན་པ་ཚུ་ ཧེ་མའི་ རང་སོའི་ས་ཁོངས་ནང་ བཙུགས་ཏེ་ རྐྱབ་བཅུག་ པའི་ཤུལ་ལས་ འབྲུག་ གིས་གཱོལ་༣ བཙུགས་ ཚུགས་ཡོདཔ་ཨིན་པས། ཨིན་རུང་ སློབ་སྟོན་ པ་ ནོ་རི་བོ་ ཚུ་ཀི་ཏ་ཀི་ གིས་ རྩེད་འགྲན་པ་ལ་ལུ་ རྒྱུགས་ནིའི་ནང་ འབད་ མ་ཚུགས་ནི་དེ་གིས་ རང་ སོའི་ས་ཁོངས་ཚུ་ སོར་ བཏང་དགོཔ་བྱུང་ཡི་ཟེར་ སླབ་ཡོདཔ་ཨིན་པས། འབྲུག་གིས་ ཤྲིལངྐ་ལས་ རྒྱལ་ཁ་ཐོབ་པའི་ཤུལ་ ལས་ ད་ལྟོ་གི་ སློབ་སྟོན་ པ་དེ་གིས་ སྤྱི་ཟླ་༣ པའི་ ནང་ལས་ འབྲུག་པའི་སྡེ་ ཚན་ཚུ་ སྦྱང་བ་བྱིན་ཡོདཔ་ རུང་ སློབ་སྟོན་པ་གིས་ ད་ ལས་ཕར་ སྦྱང་བ་ཚུ་མི་ བྱིན་ནི་ཨིནམ་ད་ ཁོ་ར་ ཇ་ པཱན་ལུ་ ལོག་བཏང་ནི་ ཨིན་པས། ལྷག་ལུས་ རྒྱལ་ཁབ་ ཚུ་དང་གཅིག་ཁར་ རྩེད་ འགྲན་འབད་ནིའི་དོན་ ལུ་ འབྲུག་པའི་སྡེ་ཚན་ ཚུ་ འབྲུག་གི་ སློབ་སྟོན་ པ་འོགམ་ཅིག་གིས་ སྦྱང་ བ་བྱིན་ནི་ཨིན་པའི་གནས་ ཚུལ།

Newspapers in English

Newspapers from Bhutan

© PressReader. All rights reserved.