མི་དབང་འབྲུག་རྒྱལ་བཞི་པ་མཆོག་ལུ་ གུས་བཏུད་ཞུ་ནིའི་དོན་ལུ་ བཅའ་སྒྲིག་ཚུ་ འབད་བའི་བསྒང་ཡོདཔ།

Bhutan Times - - Adverts -

༉ སྤྱི་ཟླ་༡༡ པའི་ཚེས་༩ ལས་༡༡ ཚུན་ ཉིན་གྲངས་ གསུམ་གྱི་རིང་ རྒྱལ་ཁབ་ མཐའ་དབུས་མེད་པར་ མི་ དབང་འབྲུག་རྒྱལ་བཞི་ པ་ མཆོག་གི་ དགུང་ལོ་༦༠ བཞེས་པའི་ དུས་སྟོན་བརྩི་ སྲུང་ རྒྱས་པར་ཞུ་ནིའི་དོན་ ལུ་ གཞུང་གི་བཅའ་སྒྲིག་ སྣ་ཚོགས་ འབད་བའི་བསྒང་ ཡོདཔ་ཨིན་པས། ལས་རིམ་འགོ་འདྲེན་འཐབ་ མི་ དྲགོས་ ཌོག་ཊར་ བསོད་ ནམས་བསྟན་འཛིན་གྱིས་ ལས་རིམ་ཚུ་གི་སྐོར་ལས་ གསལ་བསྒྲགས་འབད་དོ་ བཟུམ་འབད་བ་ཅིན་ མི་ དབང་འབྲུག་རྒྱལ་བཞི་པ་ མཆོག་གིས་ ལས་རིམ་དེ་ མི་དབང་ཁོ་རའི་ འཁྲུངས་ སྐར་དུས་སྟོན་གྱི་ བརྩི་སྲུང་ཞུ་ ནིའི་དོན་ལུ་མེན་པར་ རྒྱལ་ ཁམས་སྒྲིང་སྒྲིང་བཟོ་ནིའི་ དོན་ལུ་ དམིགས་བསལ་ གྱི་ དམིགས་གཏད་བསྐྱེད་ དགོ་པའི་ བཀའ་རྒྱ་གནང་སྟེ་ ཡོད་ཟེར་ཨིན་པས། མི་དབང་འབྲུག་རྒྱལ་བཞི་པ་ མཆོག་གིས་ སྤྱི་ཟླ་༡༡ པའི་ ཚེས་༡༡ ལུ་ དུས་སྟོན་ངོ་ མ་ བརྩི་སྲུང་ཞུ་བའི་སྐབས་ སྐུ་མགྲོན་གཙོ་སྦེ་ བྱོན་ནི་ ཨིན་པའི་ཁར་ མི་དམངས་ ལུ་ གསུངས་བཤད་གནང་ནི་ ཨིནམ་ལས་ མི་སེར་ཚུ་ལུ་ ག་ནི་བ་ བྱིན་བརླབ་ཅན་གྱི་ གསུངས་བཤད་ཅིག་ འོང་ནི་ ཨིན་པའི་ཁར་ རྒྱལ་རབས་ ཅན་གྱི་ དུས་ཚོད་ཅིག་ལུ་ འགྱུར་ནི་ཨིན་པས། དུས་སྟོན་དེ་གི་དོན་ལུ་ རྐྱེན་ དང་བར་ཆད་ཚུ་ མི་བྱུང་ནིའི་ དོན་ལུ་ སྐུ་རིམ་སྣ་ཚོགས་ འགོ་འདྲེན་འཐབ་སྟེ་ཡོད་པའི་ ཁར་ སྤྱི་ཟླ་༡༡ པའི་ཚེས་ ༧ དང་༨ ལུ་ བཀྲིས་ཆོས་ རྫོང་གི་ རྟེན་འབྲེལ་ཐང་ནང་ སྦེ་ སྐུ་རིམ་སྣ་ཚོགས་ འགོ་ འདྲེན་འཐབ་ནི་ཨིནམ་ད་ དེ་ བསྒང་ ཟད་འགྲོ་ཚུ་ག་ར་ སྒེར་སྡེ་གི་ཧོང་ལས་ བཏང་ནི་ ཨིན་པས། དུས་སྟོན་གྱི་ལས་རིམ་ཚུ་གི་ གྲས་ལས་ མི་དབང་མཆོག་ གིས་ དུས་སྟོན་བརྩི་སྲུང་དང་ འབྲེལ་ རྒེད་འོག་༢༠༥ ལུ་ མི་དབང་འབྲུག་རྒྱལ་བཞི་ པ་མཆོག་ལུ་ གུས་བཏུད་ ཞུ་ནིའི་དོན་ལུ་ སྤྱན་རས་ གཟིགས་ཀྱི་སྐུ་འདྲ་རེ་ གནང་ ནི་ཨིནམ་ད་ སྐུ་འདྲ་ཚུ་ རྒེད་ འོག་གི་ ལྷ་ཁག་ཅིག་ནང་ མོས་མཐུན་གྱི་ཐོག་ལས་ བཞག་དགོ་ནི་ཨིན་པས། རྒྱལ་ཡུམ་གྱི་ལས་འགུལ་ གྱིས་ཡང་ དུས་སྟོན་བརྩི་སྲུང་ གི་ ལས་རིམ་འགོ་འདྲེན་ འཐབ་མི་ཚུ་དང་གཅིག་ཁར་ མཉམ་འབྲེལ་ཐོག་ལས་ རྒེད་ འོག་ཚུ་ལས་ འབག་འོང་ཡོད་ མི་ ཐོན་བསྐྱེད་ཀྱི་རིགས་ཚུ་ མི་དམངས་ལུ་ འགྲེམས་སྟོན་ འབད་དེ་ བཙོང་ནི་ཨིན་པས། དེ་མ་ཚད་ གཞུང་གིས་ དམིགས་བསལ་དུ་ མི་དབང་ འབྲུག་རྒྱལ་བཞི་པ་མཆོག་ གི་ སྐུ་གསུང་ཐུགས་ཡོན་ཏན་ འཕྲིན་ལས་ཀྱི་དོན་ལུ་ གུས་ བཏུད་ཞུ་ནིའི་དོན་ལས་ རྡོ་ རང་བྱུང་གིས་ འབྲུག་གི་ནོར་ བུ་ཟེར་མི་ ཀ་ཆེན་བཞེངས་ནི་ ཨིནམ་ད་ དེ་ཡང་ དུས་སྟོན་ བརྩི་སྲུང་ཞུ་ཚར་བའི་ཤུལ་ ལས་ རྫོང་ཁག་ག་རའི་ནང་ བཞེངས་ནི་ཨིན་པས། དུས་སྟོན་དེ་ཡང་ མི་དབང་ འབྲུག་རྒྱལ་བཞི་པ་མཆོག་ སྐུ་ཚེ་རིང་ནིའི་དོན་ལུ་ སྐུ་ རིམ་ཕུལ་ནི་་ཨིནམ་ད་ བཤད་ གྲྭ་ཁག་གིས་ བཀའ་འགྱུར་ ཚུ་ཡང་ ཀློག་གནང་ནི་ ཨིནམ་ད་ རྒྱལ་ཁབ་མཐའ་ དབུས་མེད་པར་ བཛྲ་གུ་རུ་ ཚུ་ བསགས་གནང་ནི་དང་ གཡུས་ལྷ་གཞི་བདག་ཚུ་ལུ་ ཡང་ གསེར་སྐྱེམས་ཚུ་ ཕུལ་ ནི་གི་ ལས་རིམ་ཚུ་ ཡོདཔ་ ཨིན་པས། དེ་བཟུམ་སྦེ་ དུས་སྟོན་དེ་ ངོ་ མ་ར་ མི་དམངས་ཀྱིས་ མི་ དབང་མཆོག་ལུ་ གུས་བཏུད་ ཞུ་ནི་གི་ གོ་སྐབས་ཐོབ་ ཚུགསཔ་ བཟོ་ནི་གི་ དོན་ལུ་ ཨིནམ་ལས་ ལས་རིམ་འགོ་ འདྲེན་འཐབ་མི་ཚུ་གིས་ རྒྱལ་ ས་ལྟེ་བ་ལུ་ སྡོད་མི་ཚུ་གི་དོན་ ལུ་རྐྱངམ་ཅིག་མེན་པར་ རྒེད་ འོག་ནང་ལས་ཕར་སྡོད་མི་ཚུ་ ལུ་ཡང་ གོ་སྐབས་བྱིན་དགོ་ ཟེར་ཨིན་པས། དུས་སྟོན་དེ་གི་སྐས་ལུ་ གཞུང་ གྲྭ་ཚང་དང་རབ་སྡེ་ ཆོས་སྡེ་ ཞི་གཡོགཔ་ལ་སོགས་པའི་ ངོ་ཚབ་ཚུ་གིས་ སྐུ་གསུངས་ ཐུགས་ཀྱི་ མན་ཌལ་ཚུ་ཕུལ་ ནི་ཨིནམ་ད་ སྤྲོ་སྟོན་གྱི་ལས་ རིམ་ཚུ་གི་གྲས་ལས་ སྐྱེས་ ལོ་༦༠ ཡན་ཆད་འབད་མི་ ཚུ་གི་དོན་ལུ་ བང་རྒྱུགས་ཀྱི་ ལས་རིམ་ཚུ་ཡང་ འགོ་འདྲེན་ འཐབ་ནི་ཨིན་པས། བརྩི་སྲུང་དེ་གི་སྐབས་ལུ་ མར་ཆང་དེ་ བློན་ཆེན་ཚེ་རིང་ སྟོབས་རྒྱས་མཆོག་གིས་ ཚོགས་གཙོ་འབད་ནི་ཨིནམ་ ད་ ལས་རིམ་འགོ་འདྲེན་ འཐབ་མི་ཚུ་གིས་ མི་དབང་ མཆོག་ལུ་ གུས་བཏུད་ཞུ་བའི་ ཚུལ་ལུ་ ཞབས་བརྟན་གྱི་འདྲ་ ༣༥༠,༠༠༠ པར་སྐྲུན་འབད་ ཡོདཔ་ཨིན་པས། དུས་སྟོན་དེ་ཡང་ མི་མང་གིས་ གོ་བ་ལེན་ཚུགས་ནིའི་དོན་ ལུ་ རྒྱང་མཐོང་དང་ རེ་ཌིའོ་གི་ ཐོག་ལས་ གསལ་བསྒྲགས་ ཚུ་འབད་དེ་ སྤྱན་འབུལ་འབད་ ནི་ཨིནམ་ད་ དུས་སྟོན་དེ་ རྫོང་ ཁག་དང་ རྒེད་འོག་ཚུ་ནང་ ཡང་ བརྩི་སྲུང་ཞུ་ནིའི་དོན་ ལུ་ ནང་སྲིད་ལྷན་ཁག་གིས་ ལས་རིམ་ཚུ་ བགོ་བཀྲམ་ འབད་ནི་ཨིན་པས། དུས་སྟོན་དེ་གི་སྐབས་ལུ་ ཐིམ་ཕུག་ལུ་འབད་བ་ཅིན་ སྤྲོ་སྟོན་གྱི་ལས་རིམ་ཚུ་ཡང་ ཁག་༣ སྦེ་ ཁྲོམ་ཁར་ཡོད་ མི་ ཆུ་ཚོད་འཁོར་ལོ་ཀ་ཆེན་ གྱི་ས་ཁོངས་དང་ ལྕང་ཇི་ཇི་ དེ་ལས་ བདེ་ཆེན་ཆོས་གླིང་ སྐུ་སྲུང་དམག་སྡེའི་ རྩེད་ཐང་ ནང་སྦེ་ ཉིན་གྲངས་༣ གྱི་རིང་ སྤྱན་འབུལ་ཕུལ་ནི་ཨིན་པས། དེ་ཡང་ སྤྲོ་སྟོན་གྱི་ལས་རིམ་ ཚུ་ནང་ བཅའ་མར་གཏོགས་ མི་ སྡེ་ཚན་༣ གྱིས་ ཉིན་ གྲངས་༣ གྱི་རིང་ བསྐོར་ རྒྱབ་ཐོག་ལས་ སྤྲོ་སྟོན་གྱི་ ས་ཁོངས་༣ ནང་ ལས་རིམ་ སྣ་ཚོགས་ཀྱི་ཐོག་ལས་ སྤྱན་ འབུལ་ཕུལ་ནི་ཨིན་པས། དུས་སྟོན་དེ་གི་དོན་ལུ་ ཁ་ཙ་ ལས་རིམ་ནང་ བཅའ་མར་ གཏོགས་མི་ཚུ་གིས་ ལྕང་གླིང་ མི་ཐང་ནང་སྦེ་ གོམས་འདྲིས་ ཀྱི་ སྦྱང་ཚུ་ འབད་ཡོད་པའི་ གནས་ཚུལ།

Newspapers in English

Newspapers from Bhutan

© PressReader. All rights reserved.