མི་དབང་འབྲུག་རྒྱལ་༤ པ་མཆོག་ལུ་ གུས་བཏུད་ཞུ་ནིའི་དོན་ལུ་ ཀ་ཆེན་བཞེངས་ཡོདཔ།

Bhutan Times - - འབྲུག་གི་དུས་ཚོད། -

༉ ད་རེས་ཀྱི་བདུན་ཕྲག་ནང་ ཐིམ་ཕུག་ལུ་སྦེ་ མི་དབང་འབྲུག་ རྒྱལ་༤ པ་མཆོག་ལུ་ གུས་ བཏུད་ཞུ་ནིའི་དོན་ལུ་ རྒྱལ་འཛིན་ ཁྲིམས་དོན་གཙུག་སྡེ་གིས་ འཇིགས་མེད་སེངྒེ་དབང་ཕྱུག་ཀ་ ཆེན་ཟེར་མི་ བཀྲིས་རབ་གནས་ གནང་མི་དང་འབྲེལ་ འགོ་འབྱེད་ གནང་ཡོདཔ་ལས་ རྫོང་ཁག་ག་ རའི་ནང་ ཀ་ཆེན་རེ་ བཞེངས་ནི་ ཨིན་པས། བཀྲིས་རབ་གནས་དེ་ཡང་ མི་ དབང་རྒྱལ་ཡུམ་རྡོ་རྗེ་དབང་མོ་ དབང་ཕྱུག་མཆོག་གིས་གནང་ ཡོདཔ་ད་ ཀ་ཆེན་དེ་ རྒྱལ་འཛིན་ ཁྲིམས་དོན་གཙུག་སྡེ་གིས་ མི་ དབང་འབྲུག་རྒྱལ་༤ པ་མཆོག་ ལུ་ གུས་བཏུད་ཞུ་ནིའི་དོན་ལུ་ རྒྱལ་པོའི་སྲམོ་ བསོད་ནམས་ བདེ་ཆེན་དབང་ཕྱུག་མཆོག་གིས་ དགོངས་བཞེད་ གནང་མི་དང་ འཁྲིལ་བཞེངས་ཡོདཔ་ཨིན་ པས། ཁྲིམས་དོན་གཙུག་སྡེ་གིས་ གནས་ཚུལ་གསར་བཏོན་འབད་ མི་དང་འཁྲིལཝ་ད་ ཀ་ཆེན་དེ་ གིས་ མི་དབང་མཆོག་ སྐུ་ཉག་ གཅིག་གིས་ དུས་རྒྱུན་དུ་ རྒྱལ་ ཁབ་ནང་ དགའ་སྐྱིད་དང་ལྡནམ་ སྦེ་ བཞག་ཐབས་ལུ་ ཐུགས་ཀྱི་ དགོངས་བཞེད་གནང་ཡོད་པའི་ བརྡ་སྟོནམ་ཨིན་ཟེར་ཨིན་པས། ཀ་ཆེན་གྱི་ ཕྱོགས་༤ གིས་ མི་ དབང་འབྲུག་རྒྱལ་༤ པ་མཆོག་ སྐུ་འཁྲུངས་པའི་སྐོར་ལས་ དང་ ལུང་བསྟན་ལུ་བརྟེན་ མིའི་ གཟུགས་སུ་བྱོན་པའི་རྒྱལཔོ་ དེ་ ལས་ མི་དབང་མཆོག་གིས་ གོང་འཕེལ་གྱི་དོན་ལུ་ ཐུགས་ ཀྱི་དགོངས་བཞེད་གནང་ཡོད་ པའི་རྒྱལ་ ཡོངས་དགའ་སྐྱིད་དཔལ་ འཛོམས་ཀྱི་ ཀ་ཆེན་༤ གི་ བརྡ་ མཚོན་སྟོནམ་ཨིན་པས། དེ་མ་ཚད་ ཀ་ཆེན་དེ་གིས་ མི་ དབང་མཆོག་གིས་ རང་དོན་ སྤངས་ཏེ་ རྒྱལ་ཁམས་ཀྱི་མཐའ་ དོན་ལུ་ ཐུགས་ཀྱི་ དགོངས་ བཞེད་བླ་ ན་མེད་པར་ གནང་ཡོད་མི་དེ་ གིས་ ཕྱོགས་༤ ག་ར་ནང་ ཁྱབ་ ཡོད་པའི་བརྡ་སྟོནམ་ཨིན་པས། ཀ་ཆེན་གྱི་སྟེང་ལུ་ ཆོས་ཀྱི་ འཁོར་ལོའི་རྩིབས་༣༤ ཡོད་པའི་ ཁར་ དབུས་སུ་ རྡོ་རྗེ་རྒྱ་གྲམ་ བཙུགས་ཏེ་ཡོད་མི་དེ་གིས་ ནམ་ ཡང་ མེདཔ་བཏང་མ་ཚུགས་ པའི་ ནུས་པ་ཡོད་པའི་ བརྡ་སྟོན་ པའི་ཁར་ གསེར་ཁྲི་ཡུན་རིང་ལུ་ གནས་པའི་ བརྡ་སྟོནམ་བཞིན་དུ་ དེ་གིས་ མི་དབང་མཆོག་གིས་ ལོ་ངོ་༣༤ གི་རིང་ རྒྱལ་ཁབ་ སྐྱོང་བའི་རིང་ལུ་ ཆོས་སྲིད་༢ ཀྱི་ ཆོས་ཀྱི་འཁོར་ལོ་བསྐོར་ཏེ་ མི་ སེར་གྱི་རེ་འདོད་ཚུ་ག་ར་ གྲུབ་ ཚུགས་ཡོད་པའི་ བརྡ་མཚོན་ སྟོནམ་ཨིན་པས། ཀ་ཆེན་གྱི་ཟུར་༡༢ ཀྱིས་ མི་ དབང་མཆོག་གིས་ རྒྱལ་ཁབ་ ནང་ ལེགས་པའི་བསྒྱུར་བ་དང་ ལེགས་བཅོས་འབག་འོང་ཡོད་ མི་ མཛད་བྱ་བཟང་པོ་ཚུ་ སངས་ རྒྱས་བཅོམ་ལྡན་འདས་ཀྱི་ མཛད་པ་༡༢ དང་དབྱེ་བ་མེད་ པའི་ བརྡ་མཚོན་སྟོནམ་ཨིནམ་ ད་ ཀ་ཆེན་དེ་ཡང་ ཤིང་གིས་བཟོ་ ཡོད་མི་ སེངྒེ་༤ གིས་ དཀྱིལ་ འཁོར་བཟུམ་མའི་ དབྱིབས་ཀྱི་ སྟེང་ལུ་ཆགས་ཡོདཔ་ད་ དེ་ནང་ ལམ་༤ ཡོད་མི་དེ་གིས་ སངས་ རྒྱས་ཀྱི་ བདེན་པ་༤ གི་ བརྡ་ མཚོན་སྟོན་པའི་ཁར་ སེངྒེ་གིས་ མི་དབང་འབྲུག་རྒྱལ་༤ པ་ མཆོག་གི་ བརྡ་སྟོནམ་ཨིན་པས། ས་སྨུག་གིས་སྤུབས་ཡོད་མི་ གཞུ་དེ་གིས་ གསེར་ཁྲི་ནུས་ལྡན་ གསལ་སྟོན་འབད་བའི་ཁར་ མི་ དབང་མཆོག་གི་ རྒྱ་མཚོ་ལྟ་ བུའི་མཛད་བྱ་ཚུ་ གསལ་སྟོན་ འབདཝ་ཨིནམ་ད་ གཞུ་ལུ་ཡོད་ པའི་ནོར་བུ་ཚུ་ ས་སྨུག་གིས་ སྤུབས་ཡོད་མི་དེ་ འབྲུག་མི་ཚུ་ གིས་ མི་དབང་མཆོག་གི་ དུས་ སྟོན་བརྩི་སྲུང་ཞུ་ནིའི་དོན་ལུ་ ལཱ་ འབད་བའི་ཚུལ་ཨིན་པས། མེ་ཏོག་པདྨ་དང་ འདབ་མ་ དེ་ ལས་ ནོར་བུའི་བྱེ་བྲག་ཚུ་ དཔྱངས་ཏེ་ཡོད་མི་དེ་གིས་ མི་ དབང་མཆོག་གིས་ རྒྱལ་ཡོངས་ དགའ་སྐྱིད་དཔལ་འཛོམས་ཀྱི་ ལྟ་བ་གཞི་བཙུགས་གནང་ཡོད་ མི་དེ་ ནམ་ཡང་ མེདཔ་བཏང་ མ་ཚུགས་པར་ མི་སེར་ཚུ་ལུ་ དགའ་སྐྱིད་ དང་གོང་འཕེལ་ཚུ་ བཟོ་ཡོད་ པའི་དཔག་བསམ་ལྗོན་ཤིང་གི་ ཚུལ་ སྟོནམ་ཨིན་པས། ཀ་ཆེན་ཁོ་ར་ བྱེམ་དང་ རྡོ་གིས་ བཟོ་ཡོད་པའི་ཁར་ ཚོས་གཞི་ སེརཔོ་དང་ རིང་ཚད་ཕིཊ་༡༦ ཡོད་མིའི་ལྗིད་ཚད་དང་ རིང་ཚད་ ཀྱིས་ མི་དབང་མཆོག་ དགུང་ ལོ་༡༦ ལས་ རྒྱལ་ཁམས་ཀྱི་ མཐའ་དོན་ལུ་ ཐུགས་འགན་ སྦོམ་འབག་ཡོད་པའི་ བརྡ་ མཚོན་སྟོནམ་ཨིན་པས། ཀ་ཆེན་དེ་ནང་ གཟུངས་ཚུ་ཕུལ་ ནི་ཨིནམ་ད་ དེ་གི་མཐའ་འཁོར་ ལུ་ མི་ཚུ་གིས་ སྨོན་ལམ་ བཏབ་ནིའི་དོན་ལུ་ མཆོད་རྟེན་ བཟུམ་སྦེ་ བཞེངས་ནི་ཨིནམ་ ད་ ཀ་ཆེན་དེ་ཡང་ སྤ་རོ་ལུ་ཡོད་ མི་ སྤང་སྦིས་ས་ལུ་ བཞེངས་ ཚར་བའི་ཤུལ་ལས་ ཁྲིམས་དོན་ གཙུག་སྡེ་ གི་དོན་ལུ་ ཡོངས་གྲགས་ཅན་ གྱི་ དྲན་རྟེན་ཅིག་ལུ་ འགྱུར་ནི་ ཨིན་པའི་གནས་ཚུལ།

Newspapers in English

Newspapers from Bhutan

© PressReader. All rights reserved.