འཕྲུལ་ཨམ་༡ འབད་མི་ གནམ་གྲུ་ཧེ་ལི་ཀོབ་ཊར་དེ་ རྒྱལ་ཁབ་ ནང་ འོས་འབབ་ཡོདཔ།

Bhutan Times - - འབྲུག་གི་དུས་ཚོད། -

༉ འཕྲལ་ཁམས་ཅིག་ཁར་ གཞུང་གིས་ ཉོ་ཡོད་མི་ གནམ་ གྲུ་ཧེ་ལི་ཀོབ་ཊར་དེ་ གནམ་ གྲུའི་མཁས་མཆོག་ཚུ་གིས་ འབྲུག་པའི་ས་ཆའི་ཆགས་ཚུལ་ དང་འཁྲིལཝ་ད་ འོས་འབབ་ ཡོད་པའི་ རྒྱབ་སྣོན་འབད་ ཡོདཔ་ལས་ ཉེན་སྲུང་གི་དཀའ་ ངལ་མེད་ཟེར་ ཨིན་པས། དེ་ཡང་ ལྡོག་ཕྱོགས་ཚོགས་པའི་ པཱན་བང་གི་འཐུས་མི་ རྡོ་རྗེ་ དབང་འདུས་ཀྱིས་ ཧེ་མ་གཞུང་ གིས་ ད་ལྟོ་བཟུམ་མའི་ འཕྲུལ་ ཆས་གཅིག་འབད་མི་ གནམ་ གྲུ་དེ་ རྒྱལ་ཁབ་ནང་ ཉེན་ སྲུང་མིན་འདུག་ཟེར་ མ་ཉོ་བར་ བཞག་ཡོདཔ་ལས་ ད་རེས་ ཀྱི་གཞུང་གིས་ ཉོ་ཡོདཔ་ལས་ ཉེན་སྲུང་ག་དེ་སྦེ་ར་ ཡོད་ག་ ཟེར་ བརྡ་དོན་དང་བརྒྱུད་ འབྲེལ་བློན་པོ་ལུ་ དྲི་བ་བཀོད་ ཡི། དེའི་ལན་ལུ་ བརྡ་དོན་དང་ བརྒྱུད་འབྲེལ་བློན་པོ་ ཌི་ཨེན་ དུང་གེལ་གྱིས་ ཞུ་དོ་བཟུམ་ འབད་བ་ཅིན་ གནམ་གྲུ་དེ་ དངུལ་ཀྲམ་ས་ཡ་༢༤༠ དེ་ ཅིག་ སྤྲོད་ཐོག་ལས་ ཉོ་ཡོདཔ་ ལས་ དེ་གིས་ རྒྱལ་ཁབ་ ནང་ ཧེ་མ་ གནམ་གྲུ་ཕུད་རྡོག་ གཅིག་ཡང་ མེད་པའི་སྐབས་ གློ་བུར་གྱི་དཀའ་ངལ་ཚུ་ ཐོན་ པའི་སྐབས་ རྒྱ་གར་གྱི་དམག་ སྡེ་ལས་ གྲོགས་རམ་འཚོལ་ དགོཔ་ཐོན་མི་དེ་ ད་ལས་ཕར་ ལེན་མི་དགོ་ཟེར་ཞུ་ཡི། དེ་མ་ཚད་ བློན་པོ་གིས་ གནམ་ གྲུ་དེ་གི་སྐོར་ལས་ གནམ་གྲུའི་ མཁས་མཆོག་ཚུ་དང་གཅིག་ ཁར་ གྲོས་བསྟུན་འབད་བའི་ སྐབས་ འབྲུག་གི་དོན་ལུ་ ད་ ལྟོ་གི་ གནམ་གྲུ་དེ་ འོས་ འབབ་ཡོད་པའི་ཁར་ ཉེན་ སྲུང་ཡང་ཡོདཔ་སྦེ་ རྒྱབ་སྣོན་ འབད་དེ་ཡོད་ཟེར་ ཞུ་ཡོདཔ་ ད་ གཞུང་གིས་ གནམ་གྲུའི་ ཞབས་ཏོག་ཚུ་ མི་སྡེ་ལུ་ ལྷོད་ ཚུགསཔ་བཟོ་ནིའི་དོན་ལུ་ རྒེད་ འོག་རེ་ནང་ གནམ་གྲུ་ཆགས་ ས་རེ་ ངོས་འཛིན་འབད་ནིའི་ དོན་ལུ་ ལཱ་ཚུ་ འབད་འོང་ཟེར་ ཞུ་ཡི། བློན་པོ་གིས་ ད་ལྟོའི་གནམ་ གྲུ་དེ་ར་ རྒྱལ་ཁབ་ནང་ འོས་ འབབ་ཡོད་ཟེར་བའི་རྒྱབ་སྣོན་ ལུ་ འདས་པའི་ལོ་ནང་ ལུང་ ནག་ནང་ལུ་ གློ་བུར་དུ་ འཕུར་ འགྲུལ་འབད་དགོཔ་ཐོན་པའི་ སྐབས་ རྒྱ་གར་ལས་ འཕྲུལ་ ཨམ་གཉིས་འབད་མི་ གནམ་ གྲུ་དེ་གིས་ ཆགས་མ་ཚུགས་ པར་ འཕྲུལ་ཨམ་ཅིག་འབད་མི་ ནེ་པཱལ་གྱི་གནམ་གྲུ་ གླ་ཁར་ ལེན་མི་གིས་ ཆགས་ཚུགས་ ཡོདཔ་ལས་ ད་ལྟོ་གི་ གནམ་ གྲུ་དེ་ཡང་ དེ་དང་ཅོག་ར་འཐད་ ཟེར་ཨིན་པས། ལྡོག་ཕྱོགས་འགོ་ཁྲིདཔ་ ཌོག་ ཊར་ པb་རྒྱ་མཚོ་གིས་ གནམ་གྲུའི་ཞབས་ཏོག་ཚུ་ མི་ སེར་སྤྱིར་བཏང་གིས་ ག་དེ་ སྦེ་ ཐོབ་ཚུགས་ག་ཟེར་ཞུ་བའི་ ཁར་ གནམ་གྲུ་ཉོ་ནིའི་དོན་ལུ་ ལོ་ལྔའི་འཆར་གཞི་༡༡ པའི་ ནང་ གཞུང་གིས་ ཉོ་ནིའི་དོན་ ལུ་ མ་དངུལ་ ལོགས་སུ་ སྦེ་ བཞག་སྟེ་མེདཔ་ལས་ ད་ རེས་ཀྱི་གཞུང་གིས་ མ་དངུལ་ ག་ཏེ་ལས་ བཏོན་ཡོདཔ་ཨིན་ ནའི་ ཁ་གསལ་འབད་གནང་ ཟེར་ཞུ་ཡི། ཨིན་རུང་ བརྡ་དོན་དང་བརྒྱུད་ འབྲེལ་བློན་པོ་གིས་ གནམ་ གྲུ་ཉོ་མི་ མ་དངུལ་དེ་ ག་ཏེ་ ལས་ ཐོབ་ཡོདཔ་ཨིན་ནའི་ ཁ་ གསལ་སླབ་ནི་མེདཔ་ཨིན་རུང་ ད་ལྟོ་གི་གནམ་གྲུ་དེ་ར་ འོས་ འབབ་ཡོདཔ་སྦེ་ མཁས་མཆོག་ ཚུ་གིས་ རྒྱབ་སྣོན་འབད་དེ་ ཡོད་ཟེར་ཞུ་ཡི། གནམ་གྲུ་དེ་ གློ་བུར་གྱི་དོན་ལུ་ དང་ ཁག་ཆེ་བའི་ གཞུང་གི་ འགོ་དཔོན་ཚུ་དང་ དེ་ལས་ ལྟ་ བཤལཔ་ཚུ་གི་དོན་ལུ་ ལག་ ལེན་འཐབ་ནི་ཨིནམ་ད་ ལྟ་ བཤལཔ་ཚུ་གི་དོན་ལུ་འབད་བ་ ཅིན་ དུས་ཡུན་ཆུ་ཚོད་༡ ནང་ ཡུ་ཨེས་ཌོ་ལར་༥༠༠༠ དེ་ཅིག་ ཕོག་ནི་ཨིནམ་ད་ གཞན་ལུ་ འབད་བ་ཅིན་ དངུལ་ཀྲམ་ ༡༦༢༠༠༠ དེ་ཅིག་ གནས་ནི་ ཨིན་པས། ཕྱི་འབྲེལ་བློན་པོ་ དམ་ཆོས་རྡོ་ རྗེ་གིས་ ཕྱི་རྒྱལ་ཁབ་ཚུ་ནང་ འབད་བ་ཅིན་ འཕྲུལ་ཨམ་༢ འབད་མི་ གནམ་གྲུ་ཚུ་ མང་ ཤོས་ར་ ཁུར་ཆ་འབག་ནི་དང་ ཁྱིམ་ཐོག་ཁར་ ཆགས་ཚུགས་ ནིའི་དོན་ལུ་ ལག་ལེན་འཐབ་ དོ་ཡོད་རུང་ འཕྲུལ་ཨམ་༡ མེདཔ་ཐལ་བ་ཅིན་ ཉེན་ཁ་དེ་ ཅོག་འཐདཔ་ཡོདཔ་སྦེ་ བཤད་ ནི་འདུག་ཟེར་ཞུ་ཡི། བློན་པོ་གིས་ གནམ་གྲུ་དེ་ གི་དོན་ལུ་ ལས་སྡེ་ལོགས་ སྦེ་ གཞི་བཙུགས་འབད་ཡོདཔ་ ལས་ དེ་གིས་ གནམ་གྲུའི་དོན་ ལུ་ ཟད་འགྲོ་ཚུ་ གཞུང་གིས་ བཏང་མ་དགོ་པར་ བཟོ་ཚུགས་ ནིའི་དོན་ལུ་ ཨིན་ཟེར་ཞུ་ཡི། ལས་གཡོག་བློན་པོ་ ཉི་མ་ སངས་རྒྱས་ཆེན་པོ་གིས་ ད་ ལྟོའི་གནམ་གྲུ་དེ་ ཆགས་ནིའི་ དོན་ལུ་ ཐང་ཆུང་ཀུ་ཅིག་ཡོད་ རུང་ བཏུབ་ལས་ དེ་གིས་ རྒྱལ་ཁབ་ནང་ གློ་བུར་གྱི་ དཀའ་ངལ་ཚུ་ ཐོན་པའི་སྐབས་ གྲོགས་རམ་གྱི་ཅ་ཆས་ཚུ་ དེ་ འཕྲོ་ལས་ བྱིན་ཚུགས་ནི་གི་ ཁེ་ཕན་སྦོམ་ཡོད་ཟེར་ ཞུ་ཡོད་ པའི་གནས་ཚུལ།

Newspapers in English

Newspapers from Bhutan

© PressReader. All rights reserved.