མེ་འབར་མཚོ་ནང་ རྩལ་རྐྱབ་མི་དེ་ མཚོ་ལུ་ གུས་ཞབས་མེད་པའི་རྟགས་ཨིནམ།

Bhutan Times - - ADVERTS -

༉ རྒྱལ་ཁབ་ནང་འཁོད་ཀྱི་ མཚོ་ཚུ་ནང་ རྩལ་རྐྱབ་མ་ ཆོག་པའི་སྐོར་ལས་ ནང་སྲིད་ ལྷན་ཁག་འོག་གི་ སྲོལ་རྒྱུན་ དང་ལམ་སྲོལ་དཔྱད་ཡིག་ ཅིག་ ཟིན་བྲིས་བཀོད་པའི་ བསྒང་ཡོད་མི་དེ་ནང་ གནད་ དོན་དེ་གི་སྐོར་ལས་ བཙུག་ ནི་གི་ འོས་འབབ་བལྟ་ནི་ ཨིན་པས། དེ་ཡང་ འཕྲལ་ཁམས་ཅིག་ ཁར་ བུམ་ཐང་སྟང་མེ་འབར་ མཚོ་ནང་ ཕྱི་གི་ལྟ་བཤལཔ་ ཅིག་གིས་ རྩལ་རྐྱབ་ཡོད་ པའི་ དུས་མཐུང་གློག་བརྙན་ བཟོ་ཡོད་མི་དེ་ མི་སྡེའི་ བརྡ་བརྒྱུད་ནང་ ཁྱབ་སྤེལ་ འགྱོ་ཡོད་མི་དེ་ ཚ་གྱང་ཡོད་ པའི་སྐོར་ལས་ ཝམ་རོང་ གི་འཐུས་མི་ ཀརྨ་བསྟན་ འཛིན་གྱིས་ ནང་སྲིད་བློན་པོ་ ལུ་ ནང་རྟེན་དང་མཆོད་རྟེན་ ཚུ་ སློངས་མི་ཚུ་ལུ་ བཀལ་ དོ་བཟུམ་མའི་ ཉེས་ཁྲིམས་ བཀལ་དགོ་པའི་ ལམ་ ལུགས་དགོཔ་སྦེ་ ཞུ་ཡི། དེ་ལུ་ ནང་སྲིད་བློན་པོ་ ཟླ་ བ་རྒྱལ་མཚན་གྱིས་ དེ་ བཟུམ་མའི་ བྱ་བ་འབད་མི་ ཚུ་ལུ་ བཀག་ཐབས་འབད་ ནིའི་དོན་ལུ་ ལྷན་ཁག་གི་ ཧོང་ལས་ ཁྲིམས་སོགས་ ག་ནི་ཡང་ མེདཔ་ཨིན་ རུང་ ལྷན་ཁག་གིས་ ཟིན་ བྲིས་འབད་བའི་བསྒང་ཡོད་མི་ དཔྱད་ཡིག་དེ་ལུ་ སྤྱི་ཚོགས་ ཀྱིས་ རྒྱབ་སྐྱོར་ཐོབ་པ་ཅིན་ དེ་ནང་ དོན་ཚན་བཙུགས་ ནི་གི་ འཆར་གཞི་ཡོད་ཟེར་ ཞུ་ཡི། བློན་པོ་གིས་ དྲི་བཀོད་པའི་ སྐབས་ དེ་བཟུམ་འབད་མི་ དེ་ གནས་ཚུལ་དེ་ལུ་ བདེན་ པ་ཡོདཔ་ཨིན་ན་མེན་ན་ མ་ ཤེས་རུང་ གནས་ཚུལ་ དེ་ གོཝ་ཅིག་ ཚ་གྱང་ལང་ དགོཔ་བྱུང་མི་དེ་ཡང་ མཚོ་ དེ་ དུས་རབས་༡༥ པའི་ནང་ གཏེར་སྟོནཔb་གླིང་པ་གིས་ མཚོ་དེ་ནང་ལས་ གཏེར་ བཞེས་ཡོདཔ་ལས་ བྱིན་ཅན་ གྱི་ མཚོ་ཅིག་ཨིནམ་ལས་ རང་སོའི་བསོད་ནམས་སྐམ་ནི་ དང་ ཕྱི་མ་ངན་སོང་འགྱོ་ནི་ གི་ རྒྱུ་ཅིག་ལས་གཞན་ག་ནི་ ཡང་མི་ཐོབ་ཟེར་གསུངས་ཡི། དར་ཁྱབ་འགྱོ་མི་ སྐར་མ་ ཅིག་དེ་ཅིག་འབད་མི་ གློག་ བརྙན་དེ་ནང་ རྩལ་རྐྱབ་མི་དེ་ ཕྱི་མི་བཟུམ་ཅིག་ཡོདཔ་ད་ དེ་ནང་ འབྲུག་པའི་ཆོསཔ་ ཅིག་ཡང་ མཐོང་ནི་ཡོདཔ་ ཨིན་ ད་ཚུན་ གློག་བརྙན་ དེ་ལུ་ ག་གིས་ཡང་ ཞིབ་ དཔྱད་འབད་དེ་ མེདཔ་ཨིན་ པས། མཚོ་དེ་ནང་ འདས་པའི་ལོ་ ངོ་དག་པ་ཅིག་ནང་ལས་ ལྟ་ བཤལ་འོང་མི་ཚུ་ལུ་ ཤི་རྐྱེན་ ཚུ་ བྱུང་པའི་ཤུལ་ལས་ ཉེན་ སྲུང་དང་ལྡན་བཞག་དགོ་པའི་ སྐོར་ལས་ ལོ་རྒྱུ་ཐོན་ཡོདཔ་ ཨིན་རུང་ ག་ནི་ཡང་ འབད་ དེ་མེདཔ་ལས་ ཟླཝ་ཅིག་ གི་ཧེ་མར་ཡང་ ལྟ་བཤལཔ་ ཅིག་ མཚོ་ནང་འབུད་འགྱོ་ བའི་སྐབས་ ལམ་སྟོན་པ་ ཅིག་ཡང་ ཆུ་གིས་འཕྱག་ འབག་ཡོདཔ་ཨིན་པས། མཚོ་དེ་ནང་ དུས་རབས་ ༨ པའི་ནང་ གུ་རུ་རིན་པོ་ཆེ་ གིས་ བྱིན་གྱིས་བརླབ་པའི་ ཤུལ་ལས་ དུས་༡༥ པའི་ ནང་ གཏེར་སྟོན་པb་གླིང་པ་ གིས་ ཕྱག་ལུ་སྐར་མེ་བསྣམ་ སྟེ་ མཚོ་དེ་ནང་ལས་ གཏེར་ སྒྲོམ་བཞེས་ཏེ་ ལོག་སྟེ་ སྐར་མ་དེ་ཡང་ མ་ཤི་བར་ ལག་པར་བསྣམ་སྟེ་ བྱོན་ པའི་ཤུལ་ལས་ མཚོ་དེ་གི་ མིང་ཡང་ མེ་འབར་མཚོ་ཟེར་ བཏགས་ཡོདཔ་ཨིན་པས། མཚོ་ཚུ་གི་གྲས་ལས་ མེ་ འབར་མཚོ་དེ་ གཞན་དང་ མ་འདྲ་བའི་ བྱིན་རླབས་ ཅན་ཅིག་སྦེ་ རྩིས་མི་དེ་ ཡང་ ཡོངས་གྲགས་ཅན་ གྱི་ གཏེར་བཞེས་མི་ལུ་ བརྟེན་འབད་ནི་དེ་གིས་ མི་ཚུ་ གིས་ མཚོ་གི་ ཉེ་འདབས་ ལུ་ལྷོདཔ་ད་ར་ མོས་གུས་ཀྱི་ ཐོག་ལས་ སྤོས་ཚུ་བཏེགས་ ཏེ་ ལགཔ་ཐལ་མོ་སྦྱར་ཏེ་ འབད་དོ་ཡོད་པའི་ཁར་ སྙན་ དར་ཚུ་ཡང་ ཕུལ་ནི་ཡོདཔ་ ཨིན་པས། ས་གནས་ནང་གི་ མི་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ མཚོ་དེ་གི་ཕྱོག་ཅིག་གི་ བྱག་ གུ་ ལེགས་ཤོམ་སྦེ་ བལྟ་བ་ ཅིན་ མཆོད་ཆས་ཀྱི་རིགས་ རྔ་ལ་སོགས་པ་ མཇལ་ནི་ ཡོད་ཟེར་ བཤད་ནི་ཡོདཔ་ ལས་ མཇལ་བར་འགྱོ་མི་ཚུ་ གིས་ དད་པ་ཚད་མེད་བསྐྱེད་ དེ་ མཚོ་མཇལ་བར་ འགྱོ་དོ་ ཡོདཔ་ཨིན་པའི་གནས་ཚུལ།

Newspapers in English

Newspapers from Bhutan

© PressReader. All rights reserved.